མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་སུ་གནས་བཞུགས་རིང་སྐུའི་ཞབས་པུས་གཡོན་མར་དྲག་སྐྱེད་བཞེས་མུས་ཡོད་སྟབས་མུ་མཐུད་ལ་དྭགས་སུ་བདུན་ཕྲག་འགར་བཞུགས་རྒྱུ་ཡིན་འདུག 

ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༧།༩

ཁ་སང་ཕྱི་ཚེས་ ༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་ནས། འདི་ལོར་༧མགོན་པོ་གང་ཉིད་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དོན་སྙིང་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པར་མི་ཚང་མར་གཞན་ཕན་གྱི་སེམས་བློ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་དུ།  ངོས་རང་ལོ་ ༩༡ ལ་སོན་པའི་སྐྱེས་སྐར་ལ་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ། ཕྱི་ཟླ་ ༧ ཚེས་ ༦ ཉིན་ངོས་རང་གིས་ལ་དྭགས་གླེ་རུ་འདུས་པའི་མི་མང་ལ་བཤད་པ་ལྟར། ངོས་རང་གི་མི་ཚེ་ལ་ཕྱིར་མིག་བལྟས་ན། ངོས་རང་གི་ཉམས་ལེན་གྱི་སྙིང་པོ་ནི་གཞན་ལ་ཕན་ཐོགས་བྱ་རྒྱུ་དེ་ཡིན་པ་མཐོང་གི་འདུག་ལ།  དེ་ནི་གཞན་ཕན་གྱི་བསམ་པས་སད་པའི་ཀུན་སློང་དེ་ཡིན། ཞེས་གསུངས་འདུག 

༧མགོན་པོ་གང་ཉིད་ཀྱིས། ངོས་རང་གི་མི་ཚེའི་ནང་གི་དམིགས་ཡུལ་གཙོ་བོ་བྱམས་དང་སྙིང་རྗེ་ཁྱབ་སྤེལ་གཏང་རྒྱུ་དེ་མུ་མཐུད་ནས་གནས་ཡོད། འཛམ་གླིང་འདི་དོན་སྙིང་ལྡན་པ་ཞིག་ཡོང་བར་ཀུན་སློང་དེ་ལྟ་བུ་ཞིག་མི་ཚང་མར་ཡོད་དགོས་པ་ཞིག་ཡིན། དེར་བརྟེན། ངོས་རང་གིས་ས་ཆ་གང་སར་གནས་པའི་གཞོན་སྐྱེས་དང་རྒན་རབས་ཚང་མར། གཞན་གྱི་བདེ་དོན་ལ་དོ་ཁུར་དང་བཅས། སྙིང་རྗེ་དང་བྱམས་པ་ཉམས་སུ་བླང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ནི་ངོས་རང་གིས་དོན་སྙིང་ལྡན་ཞིང་ཕན་ཐོགས་ཅན་གྱི་མི་ཚེ་ཞིག་སྐྱེལ་བའི་སྙིང་པོ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག 

ཡང་མགོན་པོ་གང་ཉིད་ཀྱིས། ཁྱེད་ཚོས་ཤེས་གསལ་ལྟར། ཟླ་བ་སྔོན་མར་ལྡི་ལིར་ངོས་རང་གི་པུས་མོ་གཡོན་མར་གཤག་བཅོས་ལེགས་གྲུབ་བྱུང་རྗེས། ངོས་རང་ལ་དྭགས་སུ་དྲག་སྐྱེད་བྱུང་མུས་ཡིན།  ལོ་སྔོན་མ་ཁག་དང་འདྲ་བར། ལ་དྭགས་ཀྱི་དུས་ཚིགས་འདིའི་མཁའ་དབུགས་ནི་ངོས་རང་གི་འཕྲོད་བསྟེན་ལ་འཚམ་པོ་ཡོད་པས། བདུན་ཕྲག་འགའ་ཤས་རིང་ལ་དྭགས་སུ་བསྡད་རྒྱུའི་འཆར་གཞི་ཡོད། ཅེས་གསུངས་འདུག 

ད་ལྟ་དགའ་ལྡན་ཕོ་བྲང་གི་དྲ་རྒྱར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་གསལ་ཁ་མེད་ནའང་། ཕྱི་ཚེས་ ༧ ཉིན་ནས་དངོས་སུ་མི་མང་ལ་མཇལ་ཁ་བསྩལ་མགོ་བཙུགས་ནས། ཕྱི་ཚེས་ ༧ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། ལ་དྭགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་ས་གནས་ལམ་སྒྲོན་ཚོགས་པ། དེ་བཞིན་ཐའེ་ཝན་དང་། འབྲུག ཨ་རི། ཐའེ་ལན་ཌི་སོགས་ནས་ཕེབ་པའི་དད་ལྡན་ཆོས་ཞུ་བ་མི་གྲངས་ ༢༠༠ ལྷག་དང་། དེ་རིང་ཕྱི་ཚེས་ ༩ ཉིན་ལ་དྭགས་བྱང་ཐང་གི་འབྲོག་པ་ཁག་གཙོ་བྱས་པའི་སློབ་ཕྲུག་ཁག་ཅིག་དང་། ཐའེ་ཝན། ཨ་རི་སོགས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་་མི་གྲངས་ ༡༩༠ ལྷག་ལ་མཇལ་ཁ་སོགས་བསྩལ་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་རྒྱ་ཡིག་དྲ་ཚིགས་ལས་བླངས།
Mobile App

༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག

ཆུ་ཚོད་ ༡ སྔོན་ལ།
tt
Mobile App

ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས།

ཆུ་ཚོད་ ༤ སྔོན་ལ།
ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༢༤ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

༢༠༢༦/༡༡/༡༠
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese