མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། ཆབ་མདོ་ངག་ཕུན།

དེ་རིང་ཞོགས་པ་ཡར་ལངས་ནས་ཞོགས་ཟས་བཟས་རྗེས་ངོ་དེབ་ལ་བལྟས་པ་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་ཐང་དུ་སྐུ་ལུས་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མཐོང་བ་དང་། རང་དབང་མེད་པར་མིག་ཆུ་ལྷུང་ལྷུང་དུ་བབས། དེ་ནས་རིམ་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ལས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མཆོད་མེར་སྒྲོན་པ་ཤེས་རྗེས། ཧང་སངས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར།

དེའི་གོང་ལ་ཁོང་གི་ངོ་དེབ་ཐོག་ཏུ་བརྙན་ཐུང་ཞིག་འདུག་པ་དེང་སང་དྲ་ཐོག་ཏུ་ཐོན་ནས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མཁན་ཡོད་པར་བརྟེན། སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་རྒྱུ་རེད་སྙམ་ནས་ཉན་རྒྱུ་མ་བྱུང་། འོན་ཀྱང་དེ་ནི་དཔའ་བོ་ཁོང་གིས་བོད་མི་རིགས་ལ་བཞག་པའི་ཞལ་ཆེམས་ཤིག་ཡིན་པ་དང་། རྗེས་སུ་ཉན་དུས་དངོས་གནས་ད་ལྟའི་ང་ཚོའི་མི་རིགས་འདི་ཉིད་ལ་ནད་ཐོག་སྨན་ཁེལ་གྱི་གདམས་པ་ཞིག་ཡིན་པ་ཚོར་བྱུང་ལ། ཉན་བཞིན་ཉན་བཞིན་མིག་ཆུ་ཐེངས་མང་ས་རུ་ལྷུང་སོང་། ཁོང་གིས་བོད་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་ལྷག་བསམ་གང་འདྲ་ཞིག་ཡོད་པ་ནི་ཞལ་ཆེམས་དེ་དག་ལས་གསལ་པོར་ཤེས་ཐུབ།

ད་ནི་ང་ཚོའི་ནང་ཁུལ་ལ་ང་དང་ཁྱོད་ཅེས་པའི་ཕན་ཐོགས་མེད་པའི་རྩོད་གླེང་དེ་དག་གཏན་ནས་མ་གནང་རོགས། ལྷག་དོན་བོད་ཁམས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཕྲོག་བྱས་པས་ང་ཚོ་མི་ཡུལ་ལུང་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། རྒྱ་གཞུང་གིས་དང་ཐོག་བོད་མི་རིགས་སྤུན་ཟླ་ཡིན་ཚུལ་གྱི་ཁ་དབྱངས་སྙན་པོ་བསྒྲགས་ནས་རིམ་གྱིས་བོད་ཁམས་བཙན་བཟུང་བྱས་པ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཆེད་ “རིག་གནས་གསར་བརྗེ་” ཞེས་པའི་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ། བོད་ཀྱི་རྩ་ཆེན་སྐུ་གསུང་ཐུགས་རྟེན་དུ་མ་གཏོར་བཤིགས་བཏང་ཡོད། བོད་མི་ནང་ཁུལ་ལ་གྲལ་རིམ་མངའ་བདག་སོགས་ཀྱི་དབྱེ་བ་ཕྱེ་ནས་འཐབ་འཛིང་བྱེད་དུ་བཅུག བོད་མི་ཤེས་ཡོན་ཅན་དང་མི་རིགས་ལ་ལ་ཞེན་ཡོད་མཁན་རྣམས་བཙོན་ཁང་དུ་བཅུག་ནས་མནར་གཅོད་ཚད་མེད་བཏང་ཡོད།

རྒྱ་གཞུང་གིས་བོད་མི་རིགས་ལ་བཙན་གནོན་དང་མནར་གཅོད་ག་ཚད་བཏང་ནའང་བོད་མི་རིགས་འདི་ཉིད་རྩ་མེད་བཟོ་ཐུབ་མེད་ཅིང་། མི་རབས་རྒན་པ་རྣམས་རིམ་གྱིས་རྫོགས་འགྲོ་བཞིན་ཡོད་ནའང་མི་རབས་གསར་པ་ཚོས་རྒྱུན་འཛིན་བྱེད་བཞིན་ཡོད། དེས་རྒྱ་ནག་དམར་གཞུང་གི་སེམས་ལ་ཟུག་རྔུ་ཆེན་པོ་གཏོང་གི་ཡོད། དེར་བརྟེན་བོད་འདི་ཉིད་གཡོ་སྒྱུའི་བཙན་གནོན་གང་འདྲ་བྱས་ནའང་ཁ་ཕྱོགས་བསྒྱུར་ཐུབ་མེད་པས། ད་ལྟ་དཔལ་འབྱོར་གྱི་བསླུ་བྲིད་འོག་ནས་བོད་འདི་ཉིད་མེད་པ་བཟོ་རྒྱུར་དམིགས་ནས་ལས་དོན་སྤེལ་བཞིན་ཡོད་མོད། དེས་ཀྱང་བོད་མི་རིགས་བསླུ་བྲིད་ཐུབ་མེད།

ད་སྐབས་རྒྱ་དམར་གྱིས་བོད་མི་རིགས་འདི་ཉིད་མེད་པ་བཟོ་མི་ཐུབ་པའི་རྩ་བ་གཙོ་བོ་དེ་སྐད་ཡིག་ལ་ཐུག་ཡོད་པ་ཤེས་ནས། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཆེད་དུ་ “སྐད་ཡིག་གཅིག་འགྱུར་” གྱི་ཁྲིམས་ལུགས་གཏན་འབེབས་དང་། དེ་བཞིན་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་” ཟེར་བ་སོགས་བོད་མི་རིགས་མེད་པ་བཟོ་ཆེད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱེད་ཀྱི་ཡོད་པ་དེ་དག་ང་ཚོས་རང་དབང་ལུང་པ་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་། བོད་བདེན་མཐའ་གསལ་ཐབས་སུ་ལས་འགུལ་སྤེལ་དགོས་པ་དེ་རེད།

གནས་སྟངས་ཛ་དྲག་དེ་འདྲ་ཞིག་གི་འོག བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱང་ནང་ཁུལ་ལ་ང་དང་ཁྱོད་ཅེས་རྩོད་གླེང་བྱེད་པ་ནི། མི་རིགས་ཆིག་སྒྲིལ་མི་ཡོང་བའི་གདུག་རྩ་ངོ་མ་དེ་ཡིན། དེར་བརྟེན་ཁོང་གི་ཞལ་ཆེམས་ལས། “ང་ཚོ་ཚང་མས་ཉིན་མོ་དེ་རིང་ནས་བཟུང་སཏེ། བོད་མི་སྒྲིག་འཛུགས་ཡིན་ནའང་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། ཚང་མ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དེ་རིང་ནས་བཟུང་སཏེ་ང་ཚོ་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་ཕྱག་ལས་གནང་རྒྱུ་དང་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག” ཅེས་ཞལ་ཆེམས་བཞག་གནང་ཡོད།

ཁྱེད་ཀྱི་ཞལ་ཆེམས་དང་སྙིང་སྟོབས་དེ་དག་ལས་བོད་མི་རིགས་འདི་ཉིད་རྨོངས་པའི་གཉིད་ལས་སློང་བ་ལྟ་བུ་གནང་སོང་། ཁོང་གིས་ཕྱག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྣམས། ལུས་ལ་བོད་གོས་གྱོན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་གྱི་གཞུང་ལམ་ནས་དལ་གྱིས་ཕེབས་ཏེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དེ་ཟུར་དེར་བརྟན་པོར་བསྒྲེངས། དེ་ནས་རུམ་ནས་མེ་སྤར་བྱེད་བླངས་ཏེ། གཟུགས་ལུས་ཡོངས་རྫོགས་ལ་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་དུ་ཀྲོང་ངེར་བཞེངས། རྐང་པ་གཡས་གཡོན་གྱི་གོས་ཐུང་མེས་ཚིག་ནས་བྱིན་ཤ་དཀར་ལྷང་ལྷང་མཐོང་གི་འདུག ད་དུང་དངངས་སྐྲག་སྤུ་ཙམ་མེད་པར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཆེན་པོའི་ཕྱོགས་སུ་སྤུས་མོ་ས་ལ་བཙུགས་ནས་དལ་གྱིས་འགྱེལ། དེ་དག་མཐོང་དུས་གཟུགས་ལུས་ཡོངས་རྫོགས་འདར་བསིག་བརྒྱབ་ཡོང་གི་འདུག །

ལྷག་དོན་བོད་མི་རྣམས་ལ་ཞུམ་པ་མེད་པའི་སྙིང་སྟོབས་ཡོད་ནའང་། ༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྙིང་ལ་བཅངས་ནས་འཚེ་བ་མེད་པའི་ལས་དོན་གནང་གི་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ཕྱི་ནང་གཉིས་སུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མཆོད་མེར་སྒྲོན་མཁན་རང་རིགས་རྒྱལ་གཅེས་པ་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་ཡོད་པ་རེད།

དེ་ཡང་༸སྐུའི་འཁྲུངས་སྐར་ཉིན་མོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ལས། “ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་གཞིས་བྱེས་གཉིས་སུ་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་བཏང་སཏེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད།” ཅེས་གསུངས་པ་ལྟར་དང། ད་དུང་རྒྱ་གཞུང་གིས་ལྟ་བ་མཁྲེགས་འཛིན་གྱི་སྲིད་ཇུས་བཟུང་ནས་བོད་ནང་དྲག་གནོན་གྱི་ལས་འགུལ་ཐབས་སྡུག་སྤེལ་དང་སྤེལ་བཞིན་ཡོད་པ་རེད།

ད་ཐེངས་སྐུ་ལུས་མཆོད་མེ་སྒྲོན་སར། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གཏན་དུ་བསྒྲེང་འཛུགས་ཆོག་པའི་བཀའ་འཁྲོལ་རག་པ་ཡིན་ན། དོན་སྙིང་བླ་ལྷག་ལྡན་པ་ཞིག་ཡོང་ས་རེད་སྙམ། ད་རེས་ཨ་རིར་བཞུགས་པའི་རང་རིགས་སྤུན་ཟླ་འགོ་འོག་ཚང་མས་ནུས་པ་གཅིག་ཏུ་སྤུངས་ནས་ལས་འགུལ་སྤེལ་བ་མཐོང་དུས་སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེས་བྱུང་།

དབུ་ཁྲིད་ཚོའི་སྣེ་ཁྲིད་འོག་ལས་འགུལ་སྤེལ་སྐབས་མི་མང་གིས་མཉམ་ཞུགས་གནང་བ་དང། སྐབས་དེར་ང་ཚོ་ནང་ཁུལ་དུ་ཆུང་རྩག་གི་མི་མཐུན་པ་ཡོང་གི་ཡོད་ནའང་། དོན་ཆེན་ཐོག་ཏུ་བབས་དུས་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ལས་འགུལ་སྤེལ་བ་མཐོང་དུས་རང་ཉིད་ཀྱི་སེམས་ནང་དགའ་སྣང་དཔག་མེད་སྐྱེས་བྱུང་། འདས་ཟིན་པའི་ཕན་ཐོགས་རྡུལ་ཙམ་མེད་པའི་རྩོད་གླེང་དེ་དག་འདོར་ནས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་ཐོག་ཏུ་དགོངས་པ་བཞེས་ནས་ལས་དོན་གནང་དགོས་པ་གལ་ཆེ་རེད་འདུག་སྙམ།

ང་ཚོ་ཚང་མ་མི་ཡུལ་ལུང་པར་བཙན་བྱོལ་དུ་འགྲོ་དགོས་བཟོ་མཁན་སུ་རེད་ཟེར་ན། དེ་ནི་གཞན་པ་སུ་ཞིག་མ་ཡིན་པར། རྒྱ་དམར་གུང་ཁྲན་ཏང་སྲིད་གཞུང་ཡིན་པ་རེད། དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་རེད། ད་ནི་ང་ཚོས་སྔར་ལས་ལྷག་པའི་ལས་འགུལ་སྤེལ་དགོས་ཀྱི་འདུག འཛམ་གླིང་མི་དམངས་ཁྲོད་བོད་ཀྱི་གནས་སྟངས་ངོ་མ་མི་ཤེས་མཁན་མང་པོ་ཡོད་པ་རེད། དེ་དག་ལ་བོད་ཀྱི་ད་ལྟའི་གནས་སྟངས་ངོ་མ་གང་ཡིན་པ་དེ་དག་ཤེས་ཐབས་བྱེད་དགོས་ཀྱི་འདུག

ལྷག་པར་དེང་སྐབས་རང་རེའི་ན་གཞོན་ཤེས་ཡོན་ལྡན་པ་དུ་མ་ཞིག་ཡོད་ཅིང་། དེ་དག་གིས་ཉིན་རེ་བཞིན་བོད་ཀྱི་འདས་མ་འོངས་ཀྱི་གནས་སྟངས་བརྒྱུད་ལམ་སྣ་ཚོགས་ཐོག་ནས་ཁྱབ་བསྒྲགས་སྤེལ་ཐབས་དང། ད་ལྟ་རྒྱ་གཞུང་གིས་བོད་ནང་ལས་འགུལ་ངན་པ་གང་ཞིག་སྤེལ་གྱི་ཡོད་པ་རྣམས་བསྒྲགས་དགོས་ཀྱི་འདུག་སྙམ། ང་ཚོའི་དཀའ་སྡུག་ང་ཚོས་ཁྱབ་བསྒྲགས་མ་བྱས་ན། གཞན་སུ་ཞིག་གིས་ཁྱབ་བསྒྲགས་བྱེད་མཁན་ཡོང་གི་མེད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། ང་ཚོ་ནི་ཕ་ས་གཞན་གྱིས་བཙན་འཕྲོག་བྱས་ཏེ་མི་ཡུལ་ལུང་པར་སླེབས་དགོས་བྱུང་བ་ཞིག་ཡིན་པ་ལས། ཟ་རྒྱུ་འཐུང་རྒྱུ་མ་རག་ནས་མི་ཡུལ་དུ་ཡོང་དགོས་བྱུང་བ་ཞིག་མ་རེད། དེར་བརྟེན་ནས་བོད་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་དགོས་པ་དེ་རེད།

དེར་བརྟེན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་རྣམས་ཀྱིས་གསུམ་བཅུའི་དུས་དྲན་གཅིག་པུ་མ་ཡིན་པར། དུས་རྒྱུན་ནས་ལས་འགུལ་མང་ཙམ་སྤེལ་དགོས་པའི་དུས་ལ་སླེབས་འདུག་སྙམ། ངས་དེ་འདྲ་ལབ་དུས་ཚོགས་སྡེ་ཁག་གིས་ལས་འགུལ་སྤེལ་གྱི་མི་འདུག་གཏན་ནས་བརྗོད་ཀྱི་མེད། སྔར་ལས་ལྷག་ཙམ་ལས་འགུལ་སྤེལ་དགོས་ཀྱི་འདུག །ད་ནི་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་གང་ལ་བལྟས་ཀྱང་ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་རྒྱ་དམར་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ད་ལམ་གྱི་ཁྲིམས་སྒྲིག་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་དེ་རེད།

མཐའ་དོན་བོད་མི་རིགས་ཀྱི་རང་དབང་རང་བཙན་གྱི་དོན་དུ་སྐུ་ལུས་མཆོད་མེ་སྒྲོན་གནང་བ་རེད། ངས་དེ་རིང་དཔའ་རྒོད་བློ་དགའ་རང་བཙན་ཁོང་ལ་སྙིང་དབུས་ནས་རྗེས་དྲན་མཚོན་སླད་དུ་བྲིས་པ་ཡིན་མོད། ནོར་འཁྲུལ་འདྲ་མཆིས་ཚེ་ཀློག་པ་པོ་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ཡིན།

སྨྲས་པ།

བོད་མིའི་རང་དབང་རང་བཙན་དོན་གྱི་ཆེད།།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སྒོ་འགྲམ་དུ།།

གཅེས་པའི་ཚེ་སྲོག་མཆོད་མེར་སྒྲོན་མཁན་གྱི།།

གངས་ཅན་དཔའ་བོའི་སྙིང་སྟོབས་ཉིད་ལ་བསྟོད།།

 

ས་ཕྱོགས་གང་སར་གནས་པའི་སྤུན་ཟླ་རྣམས།།

ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་པ་དང་།།

གནས་སྐབས་འཚོ་བ་ཙམ་མིན་མུ་མཐུད་ནས།།

རང་དབང་འཐབ་རྩོད་དོན་དུ་ལས་འགུལ་སྤེལ།།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༥ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese