མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་སྟག་བཞིན་མཆེད་ཆོག་པའི་སུ་ཇཱ་སློབ་གྲྭ

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

                                                              _______ ནག་པོ་གཤིན་རྗེ་གཤེད།

     སྤྱིར་མཆན་འདེབས་པ་ནི་རང་ཉིད་ཀྱི་བསམ་ཚུལ་དང་འདོད་ཕྱོགས་ཁོ་ན་ཡིན་སྟབས་བརྩི་སྲུང་ལོས་ཡོད། འོན་ཀྱང་དོན་དངོས་རྟོགས་མ་རྟོགས་དང་བདེན་རྫུན་དབྱེ་ཤེས་མ་ཤེས་ཀྱི་བར་ནས་སྤྱི་ཚོགས་ལ་བརྡབ་གསིག་དང་རྙོག་འཛིང་བྱུང་བཞིན་ཡོད། ཐེངས་འདིའི་དོན་རྐྱེན་དེ་ཡང་བསམ་གཟེས་ནས་མིན་མོད་རྐྱེན་ཞེས་པ་དེ་སུ་ཞིག་གི་གཉའ་ལ་ཡོང་མིན་བཤད་ཚོད་མི་ཐུབ། དེ་བས་དོན་རྐྱེན་ཡ་ང་བ་དེ་འདྲ་ཞིག་བྱུང་བ་རེད་ལ་བྱུང་ཚར་བའི་རྗེས་ལ་ཚང་མས་ཁ་གཏོང་བ་དང་། གཅིག་བྱེད་དགོས་པ་རེད། འདི་འགྲིག་ཡོད་པ་མ་རེད། ཕ་གི་བྱུང་ཡོད་བ་མ་རེད་ཞེས་ཁ་གཏོང་རྒྱུ་ཙམ་ལས་བློ་རྒྱ་བསྐྱེད། དཀྱེལ་ཡངས་བའི་བསམ་རྒྱ་ཞིག་དང་ཞི་འགྲིག་དམ་མཐུན་གྱི་ལས་ལ་མི་བརྩོན་པ་ནི་ཧ་ཅང་བློ་ཕམ་དང་ཡིད་སྐྱོ་བའི་གནས་ཤིག་ཏུ་གྱུར།

དྲང་མོར་བཤད་ན་སུ་ཇཱ་སློབ་གྲྭ་ནི་ཕྱོགས་གང་ནས་བལྟས་ན་ཧ་ཅང་འབར་ཆོག་ཆོག་གི་མེ་རི་ཞིག་དང་འདྲ། འདི་ལ་དྲང་ཐད་དང་ཕྱོགས་སུ་མ་ལྷུང་བ་ཞིག་བྱེད་དགོས་པ་ལས་གནད་དོན་གང་མང་ཞིག་ལྷག་རྒྱུ་ནི་ལྟ་ཇི་དགོས། དེའི་སྟབས་ཀྱིས་བསམ་བློ་ནན་མོ་ཞིག་མ་བཏང་བར་མཆན་མཁན་ཁ་ཤས་ཀྱིས་སྐྱོན་དང་ངར་སློང་བ་ལྟ་བུའི་མཆན་བུ་འདེབས་པ་ནི་དྲང་མོར་ཞུས་ན་ང་ཚོའི་སྤྱི་ཚོགས་འདི་ཟིང་ཟིང་དུ་བཟོ་འདོན་ཡོད་པ་ལྟ་བུ་སྣང་། ༡༩༩༢ ལོར་སུ་ཇཱ་སློབ་གྲྭར་བྱུང་བའི་རྐྱེན་ངན་དེ་ཡང་དང་ཐོག་མེ་སྟག་ཆུང་ངུ་ཞིག་ལས་མཆེད་དེ་མཐར་ཚང་མ་ལ་བརྡབ་གསིག་ཐེབས་པ་རེད། མང་ཆད་ག་ཚོད་ཞིག་བྱུང་བ་རེད། རྒྱ་ནག་གིས་ངན་བྱེད་གང་འདྲ་བྱས་པ་རེད། དེ་ནས་གསར་འབྱོར་ཚོ་ཞེས་པའི་མང་ཆད་ཞིག་ཀྱང་བྱུང་བ་རེད། སློབ་གྲྭ་འདི་ཚོར་ཤུགས་རྣོ་ཞིང་འབར་ཆོག་ཆོག་ཞེས་པ་ཡང་འདི་ལ་ཟེར་བ་ཡིན།

   འདི་འདྲའི་རྐྱེན་ངན་བྱུང་དུས་ཚང་མས་ཡིད་གཟབ་དང་སྔ་ཕྱི་དབར་གསུམ་ལ་བསམ་བློ་བཏང་ ནས་བརྗོད་པ་ལས་དྲན་ཚུལ་བཤད་ན་ཕན་དང་གནོད་གང་ཞིག་གི་ཕྱོགས་མཚམས་ལ་འཐེན་མིན་ཐེ་ཚོམ་རེད། རྐྱེན་ངན་འདི་འདྲ་ཞིག་དང་དོན་རྐྱེན་འདི་འདྲ་བྱུང་མཚམས་ང་ཚོ་ཚང་མ་ལ་འཁྲི་བའི་ལས་འགན་ཞིག་ཡོད་པ་ནི་ཉོག་གཏམ་མ་ཡིན་པ། དབྱེན་དཀྲུག་མི་དགོས་པ། འཁྱོག་བཤད་མ་ཡིན་པ། བསམ་བློ་རྒྱ་ཆེ་ས་དང་ནང་ཁུལ་དམ་གཙང་། བོད་སྤྱི་ལ་བསམ་བློ་བཏང་ནས་གང་འདྲ་ཞི་འགྲིག་དགོས་མིན་དང་བཟང་ཕྱོགས་ལམ་ཁ་ཞིག་ཏུ་བསྐྱོད་རྒྱུའི་བསམ་བློ་རྣམ་དག་ཞིག་གཏོང་གལ་ཆེ།

 ཐེངས་འདིར་ཚང་མས་ཡིད་སྨོན་དང་གུས་བཀུར་ཞུ་འོས་པ་ནི་འདས་བོའི་སྤུ་མཆེད་དག་གིས་བོད་རིགས་སྤྱིའི་གནས་བབ་དང་། སློབ་གྲྭའི་བདེ་སྡུག འདི་ཕྱི་གཉིས་ཀྱི་ཕན་རླབས་ལ་བསམ་ཞིབ་གནང་ནས་ཐག་གཅོད་ལྷ་ཆོས་དང་བསྟུན་གནང་བ་ནི་ང་ཚོས་དུས་རྒྱུན་སྐྱབས་གནས་དགེ་འདུན་གྱི་སྡེ་ཞེས་པའི་ཤཱཀྱའི་དགེ་སྦྱོང་གི་བསམ་རྒྱ་དངོས་གནས་དེ་གནང་བས་དགའ་བ་སྒོམ་ས་ཞིག་དང་ཀུན་གྱིས་མིག་དཔེ་ལེན་དགོས་པ་ཞིག་རེད།    

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 9

  1. རྒྱལ། says:
    ལོ་ 14 སྔོན།

    ཚེ་འདི་བློས་བཏང་དབེན་པའི་རི་ལ་སྙེགས། །འཇིག་རྟེན་འཁོར་བའི་འདམ་གྱི་མ་གོས་ཞིང་། །རང་གཞན་དོན་གཉིས་སྒྲུབ་པ་འབའ་རོམ་པའི། །གྲུབ་བརྙེས་གོང་མ་རྣམས་ལ་སྙིང་ནས་འདུད།།
    ཞེས་མཆོད་པར་བརྗོད་ནས་དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ལོ་རྒྱུས་མདོར་ཙམ་སྨོས་ན། རྗེ་དྭགས་པོ་རིན་པོ་ཆེའི་རྒྱུད་འཛིན་གྱི་སྲས་བཞི་ཡི་མཆོག་ཏུ་གྱུར་པ་རྗེ་འབའ་རོམ་པ་དར་མ་དབང་ཕྱུག་མཆོག་ནི་རབ་བྱུང་གཉིས་པའི་མེ་ལུག་༡༡༢༧ལ་འཕན་ཡུལ་ལུང་བ་བྱ་བར་སྐུ་འཁྲུངས། དགུང་ལོ་བདུན་གྱི་དུས་མཁའ་འགྲོ་མས་རྒྱུད་བསྐུལ་བས་རྗེ་དྭགས་པོ་རིན་པོ་ཆེ་མཇལ་འདོད་པ་བྱུང་། དགུང་ལོ་བརྒྱད་ལ་མཁན་པོ་སྐ་བ་པ་དང་སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་ཏུ་གསོལ། དེ་ནས་སྤྲུལ་པའི་རྣལ་འབྱོར་པ་གཅིག་གིས་དྭགས་པོ་རིན་པོ་ཆེ་ལ་སྔགས་པ་དུ་མ་མཛད་ནས་སྒམ་པོར་ཁྲིད་དེ་མི་སྣང་བར་སོང་། ཆོས་རྗེ་རིན་པོ་ཆེ་མཇལ། རྒྱུན་ཏུ་ཆོས་རྗེ་རིན་པོ་ཆེའི་ཆིབས་ཁ་བ་མཛད། རིན་པོ་ཆེའི་སྐུ་སྲོག་གི་བར་ཆད་ཆེན་པོ་བཞི་བསལ། སྐུ་མ་གཤེགས་བར་ཞབས་རྟོགས་སྒྲུབ་ཞིང་གདམ་ངག་མངས་དུ་ཞུས། ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས། མཐར་བླ་མའི་གསུངས་བཞིན་བྱང་འབའ་རོམ་དུ་བྱོན་ནས་ལོ་གཅིག་སྒྲུབ་ལ་གཞོལ་བ་སོགས་ཀྱི་སྒོ་ནས་མི་དང་མི་མིན་གྱི་དོན་མཐའ་ཡས་པ་མཛད། མཐར་དགུང་ལོ་བདུན་བཅུ་རྩ་གཉིས་ས་རི་ཟླ་བའི་ཚེས་གཉིས་ཀྱི་ནུབ་མོ་སྐུ་མྱ་ངན་ལས་འདས། མཛད་ཆོས་ཆོས་དྲུག་ཁྲིད་ཡིག་གནད་ཆོས་བཅུ་གསུམ་སོགས་མང་དུ་མཛད། སློབ་མ་བུ་ཆེན་བཞི་དང་ཐུགས་སྲས་བཞི་རྒྱུད་འཛིན་གྱི་སྲས་གཉིས་སོགས་བགྲང་གིས་མི་ལང་པ་བྱོན་པའོ། །།
    རྒྱུད་འཛིན་གཙོ་བོ་ཏི་ཤྲི་རས་ཆེན་ནི།
    ཡུལ་འདམ་ཤོད་སྣར་མོ་བྱ་བར་རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་༡༡༦༤གྱི་ལོ་ལ་སྐུ་འཁྲུངས། ཁོང་ལ་དྲིན་ཐོབ་ཀྱི་བླ་མ་ལྔ་ཡོད་པ་ནི། བླ་མ་རིན་པོ་ཆེ་འབའ་རོམ་པ་དང་། ཞང་རིན་པོ་ཆེ། སངས་རྒྱས་སྒོམ་པ། འབྲི་གུང་རིན་པོ་ཆེ། སྟག་ལུང་ཐང་པ་བཅས་ཡིན། དེ་རྣམས་ཀྱི་མདུན་ནས་གདམ་ངག་མང་དུ་ཞུས་ཞིང་ཡོན་ཏན་ཁྱད་འཕགས་ཐུགས་ལ་འཁྲུངས། མདོ་དབུས་ཁམས་གསུམ་དང་མེ་ཉག་སོགས་ལ་ཕེབས་ནས་འགྲོ་བ་མཐའ་ཡས་པའི་དོན་མཛད། སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་གཅིག་གི་ནུབ་མོ་གཟུགས་སྐུའི་དཀྱིལ་འཁོར་བསྡུས། མགོན་པོ་གང་ཉིད་ཀྱི་གསུངས་ཡིག་རིས་སུ་འཁོད་པ་ལ། བཀའ་བརྒྱུད་གསེར་ཕྲེང་སོགས་མང་དུ་མཛད། སློབ་མ་ཡང་། སྤྱན་སྔ་རས་པ་དཀར་པོ་སོགས་བསམ་གྱི་མི་ཁྱབ་པ་བྱུང་ངོ་། །རྒྱུད་འཛིན་གྱི་ཐུགས་སྲས་སྤྱན་སྔ་རས་པ་དཀར་པོ་ནི། མེ་ཉག་གྷ་ཡི་ཡུལ་དུ་རབ་བྱུང་གསུམ་པའི་ས་ཕོ་རྟ་༡༡༩༨ལ་སྐུ་བལྟམས། འགྲོ་བའི་མགོན་པོ་ཏི་ཤྲི་རས་ཆེན་གྱིས་རྗེས་སུ་བཟུང་ནས་གདམ་ངག་ཐམས་ཅད་གནང་། བྲག་ལ་ཞབས་རྗེས་འཇོག་པར་མཛད་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས། རབ་བྱུང་བཞི་པ་མེ་ཕོ་སྤྲེལ་ལ་སྐུ་འབུམ་རྩ་པ་ཟེར་བའི་དགོན་པ་བཏབ། གནས་དྲུག་ཁྲི་སྐོར་བཅུ་གཉིས་མངའ་འབངས་སུ་བསྡུས། སྐབས་དེ་དུས་དགེ་འདུན་པ་སྟོང་ཕྲག་ཕྱེད་གཉིས་ཙམ་ཡོད། མདོ་ཁམས་ནང་ཆེན་པའི་རྒྱལ་བོ་ཐོག་མ་འདི་པའི་སྐབས་སུ་བྱུང་བར་སྣང་། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་དང་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་ཆུ་ཁྱི་རྟ་པ་ཟླ་བའི་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས། བསྟན་བཅོས་ལ། ཏི་ཤྲི་རྣམ་ཐར་རྒྱས་པ་སོགས་མང་དུ་མཛད། སློབ་མ་ནི།།
    སྤྱན་སྔ་ལུས་མེད་རྡོ་རྗེ་སོགས་མང་དུ་བྱུང་ངོ་།།
    རྒྱུད་པ་གཏད་ཅིང་བསྟན་པའི་བདག་པོར་མངའ་གསོལ་བ་ནི་སྤྱན་སྔ་ལུས་མེད་རྡོ་རྗེ་ཡིན། ཁོང་ནི་རབ་བྱུང་བཞི་པ་མེ་མོ་ཕག་༡༢༢༧ལོར་རྒྱམ་རྒྱལ་དྷོ་ཐིའི་གངས་རྒྱུད་མཚོ་རྐེ་མདོའི་ཀྱེ་ལ་ཐང་ཁར་སྐུ་བལྟམས། རས་པ་དཀར་པོ་ཉིད་ཀྱི་དབུ་མཛད་པའི་མཁན་སློབ་མང་པོའི་མདུན་དུ་རབ་ཏུ་བྱུང་ཞིང་དབང་ལུང་རྫོགས་པར་ཞུས། གཞན་ཡང་། དབུས་སུ་ཕེབས་ཏེ་རྔོག་གཟི་བརྗིད་གྲགས་པ་སོགས་བླ་མ་མངས་དུ་བརྟེན། སྐུ་ལུས་ལ་གྲིབ་མ་མི་སྣང་བ་སོགས་རྫུ་འཕྲུལ་མཐའ་ཡས། སྐུ་འབུམ་རྩ་པའི་དགེ་འདུན་པ་རྣམས་དང་གནས་དྲུག་ལྷ་སྡེ་མི་སྡེ་ཡོངས་ཀྱིས་སྤྱན་སྔ་རས་དཀར་བའི་རྒྱལ་ཚབ་དུ་མངའ་གསོལ། ལོ་ཉེར་བརྒྱད་ལ་གདན་ས་རིན་པོ་ཆེའི་འཛིན་སྐྱོང་དང་འགྲོ་དོན་རླབས་ཆེན་མཛད། དགུང་ལོ་དྲུག་ཅུ་རྩ་དྲུག་བཞེས་པ་ཆུ་ཕོ་འབྲུག་གི་ལོ་རོག་ཉ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ཕྱེད་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་། ཕྱག་ཆེན་གནད་ཆོས་བཅུ་གསུམ་གྱི་ཁྲིད་སོགས་མང་དུ་མཛད། སློབ་མའི་ཚོགས་མང་དུ་བྱོན་ཀྱང་བཀའ་བབ་ཀྱི་སློབ་མ་བཞི་ནི། རིགས་དབོན་བྱང་ཆུབ་གཞོན་ནུ་ལ་རྒྱུན་འཛིན་གྱི་བཀའ་བབ། མཁས་པ་བྱང་ཆུབ་མགོན་པོ་ལ་རྟེན་འབྲེལ་གྱི་བཀའ་བབ། ལྷ་ཚངས་པ་ཚུལ་ཁྲིམས་སེང་གེ་ལ་དབང་དང་རབ་གནས་ཀྱི་བཀའ་བབ། དངུལ་རྫོང་བ་ཤཱཀྱ་རྡོ་རྗེ་ལ་ཕྱག་ཆེན་གྱི་བཀའ་བབ་པའོ།།
    །རྒྱུན་འཛིན་གྱི་བཀའ་བབ་རིགས་དབོན་བྱང་ཆུབ་གཞོན་ནུ་ནི།།
    རབ་བྱུང་བཞི་པའི་ཤིང་སྟག་༡༢༥༤ལ་ཡུལ་ཀྱེ་ལ་ཁར་སྐུ་འཁྲུངས། ལུས་མེད་རྡོ་རྗེའི་མདུན་དུ་རབ་ཏུ་བྱུང་། འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་རྣམས་ལ་གསན་བཞེས་རྒྱ་ཆེར་མཛད། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཡོན་ཏན་མཐའ་ཡས་མངའ། གནས་དྲུག་ལྷ་མི་ཡོངས་ཀྱིས་ཕོ་བྲང་ནང་སོ་ཆེན་མོའི་གཙུག་རྒྱན་དུ་མངའ་གསོལ། འགྲོ་དོན་བསམ་མི་ཁྱབ་པར་མཛད། ཕོ་བྲང་ནང་སོ་ཆེན་མོ་ལས་ལོགས་སུ་ཚངས་མང་གསར་པའི་གཟིམ་ཁང་མཛད། དེ་ཕྱིན་ཆད་ནས་མིང་ཚངས་གསར་པར་གྲགས། ཁོང་གི་མཆེད་ཀྱེ་ལ་སངས་རྒྱས་དཔལ་གྱི་སྲས་རྒྱུད་རྣམས་ལས་རིམས་པར་ཚངས་གསར་བའི་བླ་རྒྱུད་དང་རྒྱལ་རྒྱུད་འཛིན་པ་རྣམས་བྱུང་། མཐར་དགུང་ལོ་བདུན་ཅུ་ཆུ་ཕག་ས་ཟླའི་ཚེས་བཞི་ལ་གཤེགས། སློབ་ཚོགས་མང་དུ་མཆིས་པ་ལས་གཙོ་ཆེ་བ་རིགས་དབོན་གྲགས་བྱང་བ་དང་གྲགས་ཚུལ་བ་གཉིས་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་སོགས་བྱོན་པའོ། །རྟེན་འབྲེལ་བཀའ་བབ་བྱང་ཆུབ་མགོན་པོ་ནི། ཆུང་ངུ་ནས་རས་པ་དཀར་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་གདམ་པ་ཐམས་ཅད་རྫོགས་པར་གསན། ཕྱིས་ལུས་མེད་རྡོ་རྗེའི་དྲུང་ནས་ཀྱང་གདམ་པ་ཕྱི་ནང་གསང་གསུམ་ཐམས་ཅད་རྫོགས་པར་ཞུས། འདི་ཡན་ཆད་དུ་རས་ཚང་སྒོམ་སྡེ་ཞེས་ཕྱོགས་གཅིག་ཏུ་གྲགས་ཀྱང་། བྱང་ཆུབ་གཞོན་ནུ་གཤེགས་རྗེས་སུ་བྱང་ཆུབ་མགོན་པོའི་རུས་དབོན་ཡོན་ཏན་དཔལ་ས་སྐྱར་བྱོན་ནས་ནང་ཆེན་ནང་བཟུང་བའི་བཀའ་ལུང་ཞུས་པས། ཡོན་ཏན་དཔལ་གྱི་ནང་ཆེན་ནང་བཟུང་ཅེས་པའི་བཀའ་ཤོག་གནང་ཏེ་བཞུགས། དེ་ཕྱིན་སྒོམ་སྡེ་ནང་ཡ་གཉིས་སུ་གྲགས་པར་གྱུར། ཡོན་ཏན་དཔལ་གྱི་རུས་དབོན་སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་ལྕགས་ཕོ་བྱི་བའི་ལོ་ལ་ནང་ཆེན་ནང་གི་ཁྲི་ལ་བཞུགས། ཁོང་གི་མཆེད་ཨ་ཡུལ་ཞེས་པ་དེ་ཉིད་ཀྱི་སྲས་རྒྱུད་རྣམས་ལས་རིམས་པར་ནང་ཆེན་པའི་གདུང་རྒྱུད་རྣམས་ཀྱི་བླ་རབ་དང་རྒྱལ་རབ་འཛིན་པ་རྣམས་བྱུང་ངོ་། །དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྗེས་འཛིན་སྒོམ་སྡེ་རི་ཁག་བཅོ་བརྒྱད་དུ་གྲགས་པ་རྣམས་མདོར་ཙམ་སྨོས་ན།།

    Reply
  2. དབང་འདུས། says:
    ལོ་ 14 སྔོན།

    རྣམ་དཔྱོད་ལྡན་པའི་སྙིང་བརྩེ་བའི་སེམས་དང་ལྡན་ན། རང་སྐྱིད་གཞན་སྐྱིད་ཟེར་བ་དེ་དངོས་ཡོད་ཡིན་པ་ད་ལྟའི་འབྱུང་ངན་ཞི་བའི་ཐབས་ཀྱིས་བཟློགས་པ་ལས་ཤེས་ནུས།
    དཔེ་འདི་ལ་བལྟ་ནས་ང་ཚོ་ཚང་མས་རང་གང་དུ་གཏོགས་པའི་ཉེ་འཁོར་དང་། སྤྱོ་ཚོགས། འཛམ་གླིང་གི་ས་སྟེང་འདིར་ཞི་བདེ་ཡོང་ཐབས་ཀྱི་འགན་འཁུར་ཆ་ཤས་ངེས་པར་ལེན་དགོས།
    དེར་བརྟེན་མཆན་འདྲ་མིན་བཏབ་ན། འགན་འཁུར་དེ་འདོར་གྱིས་མེད་དམ་བསམས།

    Reply
  3. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    འདིར་ནག་པོ་གཤིན་རྗེ་གཤེད་ནས་རང་ཉིད་ཀྱི་བསམ་ཚུལ་ལམ་ཀུན་གྱི་དོ་སྣང་དང་ཡིད་གཟབ་བྱེད་དགོས་པའི་འདོད་ཚུལ་ཁ་ཤས་བརྗོད་འདུག་པ། དོན་དངོས་རེད་ཞེས་ཟེར་ན་ཡང་ཆོག་ལ་ང་ཚོ་ཚང་མས་ཧ་ཅང་གཟབ་དགོས་པ་ཡང་འདུག
    དེ་མིན་མཆན་མཁན་རྣམས་ནས་ཀྱང་བཟང་ཕྱོགས་ཀྱི་བསམ་བློ་དང་རྒྱབ་སྐྱོར་གྱི་རྣམ་པ་ཡང་འདུག་ལ། བསམ་ཚུལ་འདི་དང་རྒྱབ་འགལ་གྱི་རྣམ་པ་སྟོན་མཁན་ཡང་འདུག འདི་ཡང་ཆོས་ཉིད་དང་རང་རང་གི་བསམ་ཚུལ་ཡིན་སྟབས་ཤོད་ལོས་ཆོག འོན་ཀྱང་རྙོག་གླེང་གང་ཞིག་བྱུང་དུས་ཁ་ཕྱོགས་མེད་པ་དང་རི་བོང་ཅལ་འདྲོགས་ཅན་བྱེད་མི་རུང་། ད་དུང་གླེང་རྩོད་དེ་སྤྱི་ཚོགས་ཐོགས་ཕན་གནོད་ག་ཚོད་ཡོད་མེད་ལ་བསམ་ཞིབ་གནང་ནས་བྱས་ན་དགེ་ཕན་ཆེ་བ་ལས་རང་ཉིད་ཀྱི་འདོད་ཕྱོགས་ཁོ་ན་དང་། དྲན་ཚུལ་ཁོ་ན། སྤྱི་ཚོགས་ཀྱི་འགལ་འཛོལ་གང་ལ་ཡང་མ་བལྟས་བར་བརྗོད་པའི་རིགས་ནི་འགན་ཁུར་མེད་པའི་བཤད་སྤྱོད་ཡིན་སྟབས་ཚང་མས་རང་ཉིད་ལ་སྟངས་འཛིན་ནན་མོ་བྱེད་དགོས། མང་པོ་ཞིག་མཆིས་རྗེས་སུ་གླེང་བར་བྱེད། གླེང་མཁན་དང་མཆན་མཁན་ཚང་མ་ལ་ཐུགས་རྗེ་ཆེ།

    Reply
  4. ཚེ་རིང། says:
    ལོ་ 14 སྔོན།

    གཙོ་བོ་མ་འགྲིག་མཁན་དེ་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་སོགས་འཛིན་སྐྱོང་གི་དགེ་རྒན་ཚོ་རེད། ཁོང་ཚོས་ལས་དོན་ལ་འགན་མ་ཁུར་བར་སློབ་མར་འགན་ཆེན་པོ་ཞིག་སྤྲད་འདུག སུ་ཇཱ་བོད་ཁྱིམ་ནང་དུ་རྒན་བདག་བུ་དང་བུ་མོད་ཁྱད་པར་མེད་པར་སློབ་མར་ཉེས་རྡུང་བཏང་སྟེ་གནས་ཚུལ་མང་པོ་ལྷག་པ་རེད། ད་ཐེངས་དགེ་རྒན་ཚོ་ལ་ཉེ་ཆད་ཅིག་དགོས་ངེས་རེད་ཀྱང་གང་ཡང་མི་འདུག རྣམ་ཀུན་ཨ་མ་རྗེ་བཙུན་པདྨས་བོད་ཁྱིམ་གྱི་སློབ་མ་ཚོར་དགེ་རྒན་གྱིས་ཀྱང་རྡུ་མི་ཆོག་ཟེར། དེ་ན་དགེ་རྒན་ཚོས་འགན་མ་ཁུར་བར་སློབ་མས་སློབ་མ་བསད་པ་དེར་ཉེས་ཆད་ཅིག་ཡོད་དམ། དབང་ཆེན་དབང་མེད་ཟེར་བ་དེ་དངོས་གནས་ཐབས་སྐྱོ་པོ་རེད།

    Reply
  5. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    འདས་པོའི་ཕ་མ་སྤུན་མཆེད་ནང་མི་ཡོངས་ལ་ཐུགས་གསོའི་འཚམ་འདྲི་དང་འབྲེལ་མྱ་ངན་གུས་འདུད་ཞུ་བཞིན་ཡོད། ལྷག་དོན་མི་རྩ་དང་མི་བདག་རྣམས་ཀྱི་ཀུ་ཡངས་དང་། བཟོད་སྒོམ་འདི་བརྗོད་ཡུལ་འདས་པའི་ཡི་རངས་ཟབ་མོ་དང་། གོང་བཀུར་བླ་མེད་ཅིག་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཡོད། ནང་བ་སངས་རྒྱས་པའི་རྗེས་འཇུག་གསོན་པོ་ཞིག་པ་འང་ར་སྤྲོད་གསལ་བོ་བྱུང་། སྤྱིར་ན་ང་ཚོ་བོད་པ་ནང་ཁུལ་ལ་སྐད་ཆ་མཐོ་དམན་དེ་ཙམ་ཤོར་ནའང་ཕ་གསོད་མ་གསོད་བྱས་པ་འདྲ་བའི་རྣམ་འགྱུར་དང་། ཁོང་ཁྲོ་བཞེས་མཁན་མཐོ་རིམ་མི་སྣ་རྣམས་ལ་ཆེས་ལམ་སྟོན་གསལ་བོ་ཞིག་གནང་ཡོད་པ་འདི་བོད་མི་འགོ་འབངས་ཚང་ཤེས་དགོས་པ་རེད།

    Reply
  6. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    འདས་པོ་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོའི་འཚམ་འདྲི་དང་འབྲེལ་མྱ་ངན་གུས་འདུད་ཡོད། མ་ཟད་ཁྱེད་མི་རྩ་རྣམས་ཀྱི་ཀུ་ཡངས་དང་། བཟོད་སྒོམ་གནང་ལུགས་འདི་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཡི་རངས་ཟབ་མོ་དང་། ནང་བ་སངས་རྒྱས་པའི་རྗེས་འཇུག་གསོན་པོ་ཞིག་ཡིན་པ་ར་སྤྲོད་གསལ་བོར་བྱུང་། མ་ཟད་ང་ཚོ་བོད་པ་ནང་ཁུལ་ལ་སྐད་ཆ་མཐོ་དམའ་དེ་ཙམ་ཤོར་ནའང་བཟོད་སྒོམ་མི་ཐུབ་པའི་མཐོ་རིམ་མི་སྣ་རྣམས་ལ་ཆེས་ལམ་སྟོན་གནང་ཡོད་པའང་འདི་བོད་མི་འགོ་འབང་ཚང་མས་མཁྱེན་གྱི་གལ་ཆེ། ཁྱེད་སྤུན་མཆེད་ལ་རེ་སྐུལ་ཞུ་ཡ་ཞིག་ལ། རྗེས་མ་ཀུན་སྤྱོད་ཚགས་ཤོག་སྟེང་ཁྱེད་ཀྱིས་བཅར་འདྲི་ཞིག་ལ་ལན་འདེབས་གནང་སྐྱོང་ཡོངས་པར་མཁྱེན།

    Reply
  7. གཤོང་ཀ་ says:
    ལོ་ 14 སྔོན།

    ནག་པོ་གཤིན་རྗེ་གཤེད།
    ལགས་ཁྱེད་རང་ནས་སྤྱིར་མཆན་གྱི་གནད་དོན་ཐད་ཡག་པོ་གསུངས་འདུག་དངོས་གནས་རེད་ཡིན་ན་ཡང་
    ༡༩༩༢་ལོ་ཡི་སུ་ཇཱ་དང་ད་ལྟའི་སུ་ཇཱ་ལ་བསྡུར་ལོས་རྩ་བ་ཉིད་ནས་མེད་
    ༡) དེའི་སྐབས་ཀྱི་སློབ་མའི་སྤྱིའི་ལོ་ཚད་ད་ལྟ་ཁྱད་པར་ཆེན་པོ་ལྡན་པ།
    ༢)༡༩༩༢ལོ་ཡི་གནས་ཚུལ་སྐབས་སློབ་གྲྭའི་སྒྲིགས་འཛུགས་ཧ་ཅང་གི་ལྷོད་པོ་ཡིན་པ།
    ༣)་དེའི་རྗེས་ཀྱི་ལོ་བཅུ་ལྷག་ནང་དམིགས་བསལ་གྱི་ས་གསུམ་སྐད་དུ་གྲགས་པའི་སྒྲིགས་འཛུགས་དོན་ཚན་༣༡དང་བོད་ཁྱིམ་སློབ་གྲྭའི་མིང་ལོག་ཏུ་འགྱུར་
    ༤)འོན་ཀྱང་ལོ་ཤས་སྔོན་ནས་སྒྲིགས་འཛུགས་༣༡་མེད་པར་འགྱུར་ནས་བོད་ཁྱིམ་སྤྱི་དང་སྒྲིགས་འཛུགས་གཅིག་འཚུངས་སུ་འགྱུར།
    འདི་ནི་ལོ་མང་གི་འབད་རྩོན་ལ་རྟེན་ནས་བྱུང་བ་རེད་སྙམ་དེར་རྟེན་༡༩༩༢གནས་ཚུལ་ནི་མེ་ཆུང་ངུ་ནས་ཆེ་བ་དང་༢༠༡༡་ལོའི་གནས་ཚུལ་ནི་མེ་ཆེ་བ་ནས་ཆུང་དུ་གཏོང་འདུག་པས་དེ་གཉིས་ནི་གནམ་ས་ས་འོག་ལྟ་བུའི་ཁྱད་པར་ཆེ་བས་སྡུར་ག་ལ་ཐུབ།

    Reply
  8. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    བཤད་མཁན་གཤིན་རྗེ་གཤེད་རེད།།
    བཤད་ནོ་བླ་མའི་གསུང་རེད།།
    ཉན་མཁན་གསལ་ལེ་རྒྱལ་ཡིན།།
    ཡ་ལན་མཛེས་མའི་འཛུམ་ཡིན།།

    Reply
  9. ཐ་ཧྭར་སྐལ་བཟང་། says:
    ལོ་ 14 སྔོན།

    ནག་པོ་གཤེན་རྗེ་གཤེད་ལགས།
    ངས་བལྟས་ན་ད་རེས་ཀྱི་དོན་རྐྱེན་འདི་ཁྲིམས་ཐོག་ལ་འགྲོ་མ་ཐུབ་པར་ནང་མོལ་བྱས་པ་དེར་དངོས་གནས་བློ་ཕམ་ཡོད། འདས་པོའི་ཨ་ཞང་གྲྭ་བ་དེ་ཚོར་སྙིང་རྗེ་མི་འདུག་དང་སུ་ཇ་སློབ་གྲྭའི་རྒན་བདག་གཉིས་ལ་སྡང་སེམས་ཡོད་པ་རྩ་བ་ནས་མིན། ཡིན་ན་ཡང་འདི་འདྲའི་དོན་རྐྱེན་ཆེན་པོ་ཡོང་སྐབས་ས་གནས་ཁྲིམས་ཐོག་ནས་གནད་དོན་གཙང་སེལ་བྱེད་དགོས་པ་རེད་བསམ། ནག་ཉེས་གསལ་བོ་བཟོས་ན་ཉེས་པ་ཕོག་མཁན་དང་ཉེས་ཅན་གཉིས་ཀྱི་སུ་ཡིན་ཡང་བློ་སེམས་བདེ་བར་འདོད། ཁྱོད་ཀྱིས་སུ་ཇ་སློབ་གྲྭ་འབར་ཆོག་ཆོག་རེད་ཟེར་ངས་དེའི་ནང་དོན་གསལ་བོ་བཤད་མི་ཐུབ་མོད། གནད་དོན་འདི་འདྲའི་སྐབས་སུ་འབར་རྒྱུ་ཡོད་ན་འབར་དགོས་པ་རེད་བསམ། སྤྱི་ཚོགས་ཟིང་ཟིང་ཆགས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་ཀྱང་། མཚམས་རེ་སྤྱི་ཚོགས་ཟིང་ཟིང་ཆགས་པ་དེས་ཁོར་ཡིག་མི་དང་དེ་ལ་བལྟད་མོ་བལྟ་མཁན་ཚང་མས་སློབ་སྦྱོང་རེ་ལེན་ཐུབ།
    ངས་བསམ་ཚུལ་ཅུང་ཙམ་ཞིག་ངའི་ཟིན་བྲིས་ནང་ལ་བྲིས་ཡོད། ཀློག་འདོད་ཡོད་ན་འབྲེལ་ཐག་འོག་གི་འདི་ཡིན།

    https://tibettimes.net/wordpress/blogs.php?id=241&post_id=16684

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese