མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱག་མཛོད་དང་གྲྭ་མང་གནས་སྐབས་རིང་འདུམ་སྒྲིག་བྱུང་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ངྷ་ས་ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་དང་གྲྭ་མང་བར་རྙོག་གླེང་ཞིག་བྱུང་སྟེ། རྒྱ་གར་ཉེན་རྟོག་པས་ཚེ་མཆོག་གླིང་གི་གྲྭ་བ་དྲུག་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང༌། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ངྷ་ས་ས་གནས་མགོ་འཛིན་ལས་ཚབ་ཀྱིས་བར་འདུམ་འོག་ཕྱོགས་གཉིས་གནས་སྐབས་རིང་འགྲིག་འཇགས་བྱུང་ཡོད་འདུག

 

ཉེ་ལམ་ཕྱི་ཟླ་བདུན་པའི་ནང་ངྷ་ས་ཚེ་མཆོག་གླིང་གི་གྲྭ་བ་ཁག་ཅིག་གིས་མེག་ལོར་སྲང་ལམ་དང་གངས་སྐྱིད་ཁུལ་དུ། ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱིས་དགོན་པའི་རྩིས་ཁྲ་གཙང་སེལ་བཟོས་མེད་སྐོར་དང༌། ཁོ་སྐྱ་སར་བབས་ཏེ་རྒྱུན་རིང་ཕྱིན་ཡོད་ཀྱང་དགོན་པའི་བདག་དབང་སྒེར་སྡོམ་བྱས་ཡོད་ཚུལ། དགོན་པའི་ནང་བུད་མེད་འདྲ་མིན་འཁྲིད་ཡོང་སྟེ་ཞག་སྡོད་བྱས་སྐོར་སོགས་ཀྱི་སྦྱར་ཡིག་མང་པོ་ཞིག་བཀྲམས་ཡོད་སྟབས། ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱིས་ངྷ་ས་རྒྱ་གར་ཉེན་རྟོག་ལས་ཁུངས་ལ་ཞུ་གཏུག་བྱས་ཏེ། ཕྱི་ཚེས་ ༢༠ ཉིན་ཉེན་རྟོག་སྐོར་ཞིག་ཚེ་མཆོག་གླིང་དུ་ཡོང་སྟེ་མཁན་རིན་པོ་ཆེ་བསྟན་འཛིན་ཐོན་བཟང་གཙོས་པའི་དགེ་འདུན་པ་ ༦ འཛིན་བཟུང་གིས་ཉིན་ཕྱེད་རིང་བཀག་ཉར་འདྲི་བརྩད་བྱས་ཡོད། 

 

ཉེན་རྟོག་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། ཚེ་མཆོག་གླིང་དགོན་པའི་དངུལ་ཡོངས་རྫོགས་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱི་མིང་ཐོག་དུ་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༣ ཉིན་དགོན་པ་ནང་ཁུལ་ཚོགས་འདུ་ཞིག་གི་སྟེང་དུ་དགོན་པའི་སྐྱེད་བཅོལ་དངུལ་དང་དངུལ་རྐྱང་འབུམ་ ༧༣ ལྷག་དགོན་པའི་མཁན་རིན་པོ་ཆེ་སོགས་གྲྭ་མང་གིས་རྩིས་ལེན་བྱས་པ་དེ་ཁྲིམས་འགལ་ཆགས་ཡོད་པའི་ངོས་འཛིན་ཐོག དངུལ་དང་དངུལ་འཛིན་ཡོངས་རྫོགས་ཉེན་རྟོག་པས་རྩིས་ལེན་གྱིས་ཕྱིར་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལ་སྤྲད་ཡོད་འདུག་ལ། དགེ་འདུན་པ་ཚོར་ཁྲིམས་མཐུན་ཡིག་ཆ་མེད་པར་ཕྱི་ཟླ་ ༥ ཚེས་ ༣ ནས་ཟླ་ ༧ ཚེས་ ༢༠ བར་དངུལ་ཕོན་ཆེན་ཉར་བ་དེ་ནག་ཉེས་ཚབས་ཆེན་ཡིན་སྟབས། གནས་ཚུལ་དེ་ཉེན་རྟོག་ལས་ཁུངས་ཀྱིས་ཐག་གཅོད་བྱས་ཚེ། དགེ་འདུན་པ་དེ་དག་མུ་མཐུད་འཛིན་བཟུང་གིས་ཁྲིམས་ཐག་ལྕི་མོ་གཅོད་སྲིད་པའི་ཉེན་ཁ་ཡོད་པས་དགོན་པ་ནང་ཁུལ་ནས་འགྲིག་འཇགས་ཡོང་ཐབས་བྱས་ན་ལེགས་ཚུལ་བརྗོད་ཡོད་འདུག

 

དེའི་རྗེས་ངྷ་ས་ས་གནས་མགོ་འཛིན་ལས་ཚབ་རྡོ་རྗེ་སྒྲོལ་མ་ལགས་ཀྱིས་བར་འདུམ་གནང་སྟེ། ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཕུལ་བའི་ཞུ་ཡིག་དེ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཞིན། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ཆ་རྐྱེན་དོན་ཚན་ཁག་ཅིག་ལ་ཕྱོགས་གཉིས་ངོས་ནས་མོས་མཐུན་མཚན་རྟགས་བསྐྱོན་ཡོད་འདུག ཆ་རྐྱེན་དེ་དག་ནི། མ་འོངས་པར་དགོན་པའི་གྲྭ་བ་སུ་གང་གིས་ཀྱང་ཐུབ་བསྟན་སྙན་གྲགས་ལ་རྣམ་འགྱུར་མི་ལེགས་པ་སྟོན་པ་དང༌། གྲྭ་ལོག་དམ་ཉམས་ཟེར་བ་སོགས་ཀྱི་སྐྱོན་བརྗོད་མི་བྱ་རྒྱུའི་ཁས་ལེན་བྱ་དགོས་པ་དང༌། ཐུབ་བསྟན་སྙན་གྲགས་ཀྱིས་དེ་སྔ་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཕུལ་བའི་ཞུ་གཏུག་ཡི་གེ་ནང༌། མཁན་རིན་པོ་ཆེ་དང་བཀྲ་ཤིས་རྒྱལ་མཚན་གཉིས་དགོན་པ་ནས་ཕྱིར་འཕུད་གཏོང་དགོས་ཚུལ་བཀོད་ཡོད་པ་དེ་ལ་བཅོས་བསྒྱུར་གཏོང་དགོས་པ། དགོན་པའི་ལས་ཁུངས་ཀྱི་ལྡེ་མིག་ཕྱིར་ཐུབ་བསྟན་སྙན་གྲགས་ལ་རྩིས་འབུལ་བྱ་དགོས་པ། ཐུབ་བསྟན་སྙན་གྲགས་ཀྱིས་དངུལ་ཡོངས་རྫོགས་དགོན་པའི་དངུལ་བྱང་ཐོག་བཞག་ཟིན་པའི་འཛིན་ཡིག་གྲྭ་མང་ལ་སྟོན་དགོས་པ། ཚེ་མཆོག་གླིང་རིན་པོ་ཆེ་ཕེབས་མ་ཐག་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༧ ཁ་སྐོང་འོས་འདེམས་བྱ་དགོས་པ། ཐུབ་བསྟན་སྙན་གྲགས་ཀྱིས་མ་འོངས་པར་དགོན་པའི་ནང་བུད་མེད་ཞག་སྡོད་བྱེད་བཅུག་མི་ཆོག་པ་བཅས་རེད།

 

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་ཁོང་གིས་མཁན་རིན་པོ་ཆེ་དང་དགེ་བསྐོས་གཙོས་པའི་གྲྭ་བ་དྲུག་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་བྱས་དོན་ནི། དགོན་པའི་གྲྭ་བ་ཚོས་ཁོང་གི་སྲོག་ལ་ཉེན་ཁ་ཡོད་པའི་བྱ་སྤྱོད་སྤེལ་ཡོད་སྟབས་གྲྭ་བ་དེ་དག་གི་མིང་ཐོ་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་སྤྲད་རྗེས། ཉེན་རྟོག་པ་ཚེ་མཆོག་གླིང་ལ་འདྲི་བརྩད་དུ་འབྱོར་སྐབས་གྲྭ་བ་ཚོས་རྣམ་འགྱུར་མི་ལེགས་པ་བསྟན་པ་དང༌། གྲྭ་བ་ཚོར་ཁྲིམས་མཐུན་ཡིག་ཆ་མེད་བཞིན་དུ་ཁོང་གི་ལག་ནས་དངུལ་ཕོན་ཆེན་རྩིས་ལེན་བྱས་པ་བཅས་ལ་བརྟེན་ཁོང་ཅག་འཛིན་བཟུང་བྱས་པ་ཡིན་སྐོར་བརྗོད་བྱུང༌།

 

ཕྱི་ཚེས་ ༡༡ ཉིན་གསར་འགོད་པས་ཚེ་མཆོག་གླིང་གི་མཁན་རིན་པོ་ཆེ་བསྟན་འཛིན་ཐོན་བཟང་མཆོག་ལ་བཅར་འདྲི་ཞུས་པར། དེ་སྔོན་དགོན་པའི་གྲྭ་བ་ ༦ རྒྱ་གར་ཉེན་རྟོག་པས་འཛིན་བྱས་དོན་ནི། ཐུབ་བསྟན་སྙན་གྲགས་ཀྱིས་ཚེ་མཆོག་གླིང་གི་མཁན་རིན་པོ་ཆེས་གཙོས་པའི་གྲྭ་བ་ ༦ གི་མིང་ཐོ་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཕུལ་ཏེ། མཁན་རིན་པོ་ཆེ་དང་བཀྲ་ཤིས་རྒྱལ་མཚན་གཉིས་ངེས་པར་དུ་དགོན་པ་ནས་ཕྱིར་འཕུད་གཏོང་དགོས་ཚུལ་དང༌། དགོན་པའི་མ་དངུལ་འབུམ་ ༧༣ ལྷག་ཡོད་པ་དེ་མཁན་པོ་དང་གྲྭ་བ་ཚོས་ཕྱག་མཛོད་ཀྱི་ལག་ནས་འཕྲོག་བཅོམ་བྱས་སྐོར་བཀོད་པ་བཅས་ལ་བརྟེན་གནས་ཚུལ་དེ་བྱུང་སྐོར་བརྗོད་བྱུང༌། 

 

ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་བ་ལྟར་ན། ཁོང་ཅག་གིས་ཕྱག་མཛོད་ཀྱི་ལག་ནས་དངུལ་འཕྲོག་བཅོམ་བྱས་པའི་གནས་ཚུལ་དེ་བདེན་པ་མིན་པ་དང༌། དགོན་པར་རྩིས་སྤྲོད་རྩིས་ལེན་གྱི་ལམ་སྲོལ་དགོས་པའི་ཡིག་ཆ་ཞིག་ལ་གྲྭ་མང་ཚོས་མཚན་རྟགས་འཁོད་པར་མ་ཟད། ཕྱི་ཟླ་ ༥ བའི་ཚེས་ ༣ ཉིན་དགོན་པའི་ལས་ཀྱི་སྣེ་མོ་བ་ ༡༦ འདུ་འཛོམས་ཐོག་ཐུབ་བསྟན་སྙན་གྲགས་ཀྱིས་དངུལ་རྩིས་སྤྲོད་བྱས་ཡོད་ཚུལ་སོགས་ཉེན་རྟོག་པར་གསལ་བཤད་བྱས་མཐར། ཉེན་རྟོག་པ་དང་ས་གནས་མགོ་འཛིན་བཅས་ཀྱིས་གནས་ཚུལ་འདི་དགོན་པའི་ནང་ཁུལ་ནས་ཐག་གཅོད་བྱ་དགོས་པའི་རེ་སྐུལ་ལྟར། ཕྱག་མཛོད་ཁོང་གིས་ཀྱང་ནང་འགྲིག་མཚན་ཉིད་ཚང་བ་ཞིག་བྱ་རྒྱུ་ཡིན་པའི་ཁས་ལེན་དང་གྲྭ་མང་ཚོས་ཀྱང་དེ་ལ་མོས་མཐུན་བྱུང་བ་ཞིག་ཡིན་འདུག 

 

མཁན་རིན་པོ་ཆེ་མཆོག་གིས “ཕན་ཚུན་ལ་སྐྱོན་བརྗོད་རིགས་མི་གནང་བར་ནང་འགྲིག་ཐོག་དགོན་བདག་བླ་མ་དང་ཕྱག་མཛོད། གྲྭ་ཚང་བཅས་ཚང་མར་མཛད་དཀའ་མེད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ད་ལྟའི་བར་ཕྱག་མཛོད་དང་གྲྭ་མང་གིས་ལས་ཀ་གང་བྱས་པ་དེ་གྲྭ་ཚང་རང་གི་ཆེད་དུ་ཡིན་སྟབས། དགོན་བདག་བླ་མ་མཆོག་མྱུར་དུ་ཕེབས་ཏེ་དགོན་པའི་ལས་ཀྱི་སྣེ་མོ་བ་གསར་དུ་བསྐོ་བཞག་དང༌། དགོན་པའི་དངུལ་རྐྱང་དང་དངུལ་འཛིན། རྒན་ཕོགས། ས་ཁང་དང་དགོན་པའི་ཡིག་ཆ་རྩིས་སྤྲོད་རྩིས་ལེན་གཙང་མ་ཞིག་ཡོང་རྒྱུའི་རེ་བ་ཡོད” ཅེས་བརྗོད་བྱུང༌།

 

ཡང་གསར་འགོད་པས་ངྷ་ས་ས་གནས་མགོ་འཛིན་ལས་ཚབ་རྡོ་རྗེ་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར། “ཕྱི་ཚེས་ ༢༥ ཉིན་ང་དགོན་པར་སོང་སྟེ་གནས་ཚུལ་གསལ་བཤད་དང་ཞི་འགྲིག་ཡོང་ཐབས་སུ་འབོད་སྐུལ་ཞུས་པ་ཡིན། མཐའ་མར་ཕྱོགས་གཉིས་ངོས་ནས་དགོན་པའི་འགན་འཛིན་ལྷན་ཚོགས་གསར་འདེམས་དང༌། དགོན་བདག་བླ་མ་མ་ཕེབས་པར་དགོན་པའི་ནང་ཚུལ་མིན་གྱི་བྱ་སྤྱོད་རིགས་མི་སྤེལ་བར་ཞི་འགྲིག་གནང་རྒྱུར་ཚང་མས་མོས་མཐུན་མཚན་རྟགས་བཀོད་སོང” ཞེས་བརྗོད་བྱུང༌།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༤ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༤ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༥ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 10

  1. གངས་ལྗོངས། says:
    ལོ་ 15 སྔོན།

    བེུད་མེད་དེར་བྱེད་སྟངས་སྡུག་པོ་དེ་འདྲ་བྱེད་དགོས་དོན་མིན་འདུག་
    ནོར་འཁྲུལ་ནི་གཉིས་ཀའི་ཡིན་པ་ལས་བེུད་ཁོ་ནས་འཁུར་དགོས་པ་ཞིག་མིན། ད་དུང་ཡང་ང་རང་ཚོའི་སྤྱི་ཚོགས་ནང་ནོར་འཁྲུལ་ཡོད་ཚད་བེུད་ཁོ
    ནས་འཁུར་དགོས་པའི་འདུ་ཤེས་མུ་མཐུད་གནས་འདུག བེུད་དེ་དང་གབ་
    མཐུན་བྱེད་མཁན་མི་དེ་ལའང་འདྲ་མཉམ་གྱི་ཆད་པ་གཏོང་དགོས་པ་ནི་དྲང་པོ་རེད། བེུད་དེར་བྱེད་སྟངས་སྡུག་པོ་བྱས་པ་དེ་ཐལ་ཆ་ཆེ་བའི་
    སྤྱོད་ཚུལ་དང་གཞན་ལ་མིག་ལྟོས་ངན་པ་ཞིག་ཡིན་དུས། ངེས་པར་དུ་
    ཐག་གཅོད་ནན་པོ་བྱ་དགོས་པ་རྒྱབ་སྐྱོར་ཡོད། འོན་ཀྱང་བེུད་དེར་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས། མ་འོངས་པར་
    ཁེ་ན་ཀྲར་བོད་མིའི་གཞིས་ཆགས་འགྲོ་མཁན་ཁོངས་སུ་གཏོང་རྒྱུའི་བསམ་བློ་གཏོང་མཁན་ཡོད་ཚོད་ལ། དེ་ཡང་དགོས་གལ་ཨེ་ཡིན། བེུད་དེས་རྒྱབ་ཏུ་གབ་མཐུན་བྱས་པ་དེ་ནི། བཟའ་ཚང་ཡོད་བཞིན་པའི་
    བེུད་དེར་བསམ་བློ་རྩ་བ་ནས་མ་བཏང་བ་ལས་བྱུང་བ་ཞིག་ཡིན། བོད་ཀྱི་གཏམ་དཔེར། རང་སྡོད་ས་མི་བཞག མི་སྡོད་སར་རང་
    སྡོད་ཟེར་བ་ལྟར། གལ་ཏེ་བེུད་རིག་འཛིན་ལ་ཁྱོ་ཀ་ཞིག་ཡོད་པའི་
    དབང་དུ་བཏང་ནས། མོ་རང་གི་ཁྱོ་གས་བེུད་གཞན་དང་གབ་
    མཐུན་གྱི་ལས་ཀ་བྱས་ན། རིག་འཛིན་གྱི་སེམས་ནང་ངར་རྒྱལ་དེ་སུའི་
    ཐོག་ལ་ཡོང་གི་རེད་དམ། རིག་འཛིན་གྱི་ཕ་མ་དང་སྤུན་གཉེན་ཚོའི་ཁོང་
    ཁྲོའི་སྡངས་ཟུག་ཏེ་སུའི་ཐོག་ལ་ཡོང་གི་རེད་དམ། དེ་ནི་གསལ་པོ་རེད། བེུད་དེའི་ཐོག་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། རིག་འཛིན་ཁེ་ནར་ཀྲར་
    གཏོང་རྒྱུ་བྱས་ན། ཁོང་གི་བྱ་བ་དེ་བོད་སྤྱི་པའི་ལས་དོན་བྱས་པའི་བྱས་
    རྗེས་ཡིན་པ་ངོས་འཛིན་བྱ་དགོས་པ་རེད་དམ། མ་རེད།
    བཅོལ་ཆུང་གི་བསམ་བློ་རེད།

    Reply
  2. བསྟན་པ། says:
    ལོ་ 15 སྔོན།

    ཉེས་ཅན་པ་དེ་ཚོ་མགྱོགས་པོ་གཙང་མ་བཟོ་དགོས།

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གོང་དུ་ཤ་ཀླན་ལགས་ཀྱི་གསུང་པ་ནང་བཞིན་བྱེད་ཀྱི་གལ་ཆེ་འདི་ནི་བོད་ཀྱི་སྤྱི་ཚོགས་ལ་དོན་དམ་སྐྱོན་བརྗོད་བྱེད་རྒྱུས་བྱས་ལས་ཞིག་རེད།  བོད་མི་རྣམས་འདི་འདྲ་མིན་ཞེས་ང་ཚོས་དུས་རྟག་པར་བཤད་ཀྱི་ཡོད་པ་ནང་བཞིན་མ་རེད་ཟེར་པ་ཞིག་བསྟན་སོང་ཉེས་ཅན་རྒྱ་ཡན་དུ་མ་སོང་བར་བྱེད་དགོས་པ་མ་ཟེར་བོད་ནང་དུ་ཡང་འདི་གླེང་བཞིན་ཡོད་པར་མ་ཟད་རྩོམ་ཡིག་འབྲི་མཁན་ཡང་བྱུང་ཡོད་འདི་ལ་བུད་མེད་ཚོགས་པ་དང་བོད་གཞུང་གི་ཉེས་ཆད་ནན་མོ་བཏང་དགོས་པ་དངོས་ཡོད་རེད།

    Reply
  4. ཐིག says:
    ལོ་ 15 སྔོན།

    ཤ་ཀླན་འཇམ་དབྱངས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་འདི་དངོས་ཡོད་ཡིན་ན། དེ་ནི་ཐར་པར་གཏོང་མི་རུང་བའི་གནས་དོན་ཞིག་རེད་ལ། བོད་པ་སྐྱེ་བོ་རྣམ་ལྡན་ཚང་མར་ངོ་གནོངས་དགོས་པའི་ཀླ་ཀློའི་བྱེད་ལུགས་ཤིག་ཡིན་པས། བོད་གཞུང་བདེ་དོན་ལས་ཁུངས་ཀྱིས་ཀྱང་ངེས་པར་ཏུ་རྟགས་དཔྱད་བྱེད་དེ་དོ་བདག་གནག་ཉེས་ཅན་དེ་ཚོར་བཟོ་བལྟ་ཞིག་བཟོ་དགོས་གལ་ཆེ།
    གནས་ཚུལ་འདི་རིགས་གསར་འགོད་རྒྱུད་ལམ་ཁག་གིས་ཀྱང་གནད་དོན་གལ་ཆེན་ཞིག་ལ་གཟིགས་སྟེ་དམིགས་བསལ་ལས་ཚན་གྱིས་གསར་ཤོག་སྟེང་བཀོད་པ་དང་མི་དམངས་གང་མང་ལ་གནས་ཚུལ་འདི་ཤེས་སུ་འཇུག་དགོས་པའང་གལ་འགངས་ཤིན་ཏུ་ཆེ་སྙམ། ཉོམ་ཆུང་ལ་ཐུབ་ཚོད་གཏོང་པ་དང་ཕྱུག་བདག་ལ་སྤྲད་ལེད་འཁྲབ་མཁན་ཚོ་གཅིག་བྱུང་ནའང་མང་དྲགས་དུས་དེ་ཉིད་ངེས་པར་ཏུ་ཐར་པར་གཏོང་མི་རུང་།
    དྲག་གྲོགས་ཚོར་ཞུ་རྒྱུར། གནས་ཚུལ་འདི་ལ་དོ་སྣང་བྱེད་དེ་བུད་མེད་ཉོམ་ཆུང་དེ་ལ་རྒྱབ་སྐྱོར་གང་ཐུབ་གནང་པར་མཁྱེེན།

    Reply
  5. བདེན་གཏམ། says:
    ལོ་ 15 སྔོན།

    སླེབ་འདུག་སླེབ་འདུག རྐུ་མ་རྙན་གྲགས་སླེབ་འདུག ཇག་པ་སྙན་གྲགས་སླེབ་འདུག གྲྭ་ལོག་སྙན་གྲགས་སླེབ་འདུག སྐྱེ་དམན་འཁྲིད་ནས་སླེབ་འདུག ཚེ་མཆོག་གླིང་ལ་སླེབ་འདུག police འཁྲིད་ནས་སླེབ་འདུག

    Reply
  6. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    དུས་བབ་དྲ་བས་ལས་ངན་བུད་མེད་དེའི་ལས་དབང་ཐུགས་ཁུར་བཞེས་ནས་ངའི་མཆན་དེ་མ་གསུབ་པར་ཐུགས་རྗེ་ཆེ། འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གློག་འཕྲིན་ཁ་བྱང་ཡོད། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་གཙོ་བསྟན་འཛིན་ཆོས་གྲུབ་ཀྱི་ལས་ཁུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁོངས་གཏོགས་རེད་འདུག
    tibetanparliament@tibet.net
    ལག་ཏུ་སྨྱུ་གུ་འཆང་མཁན་ཚོ། ད་རེས་བུད་མེད་ལས་ངན་མ་དེའི་ཐོབ་ཐང་རྩོད་དགོས་ཡ།

    Reply
  7. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ། དེ་རིང་ངས་བཤད་རྒྱུའི་དོན་རྐྱེན་འདི་གཅིག་བྱས་ན་ཁྱེད་ཀྱིས་གོ་ཡོད་སྲིད་ལ། ཡང་གོ་ཡང་དེ་ཙམ་དོ་སྣང་མ་བྱས་པར་སྣང་མེད་ལྟ་བུར་ཤོར་ཡོད་སྲིད་པས། ཞིབ་ཏུ་ཀློག་རོགས། གནས་ཚུལ་དེ་ནི་བསྟན་འཛིན་སྒང་གཞིས་ཆགས་ཀྱི་བུད་མེད་ལོ་ན་སུམ་ཅུ་ལོན་པ་མིང་ལ་རིག་འཛིན་ཟེར་བ་ཞིག་ཕོ་མོའི་འཆལ་སྤྱོད་ཀྱི་ཉེས་མིང་འོག་བོད་རང་དབང་བདེན་པའི་ལས་འགུལ་གྱི་ལས་བྱེད་བསྟན་འཛིན་ཆོས་གྲུབ་དང་གཞན་མི་འགའ་ཞིག་གིས་ལུས་གཅེར་བུར་ཕྱུངས་ཤིང་གདོང་བར་གྲི་དང་ཇེམ་ཙེས་རྨ་ཁ་བཏོད་དེ་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ཁྲིད་པ་དེ་རེད།དེ་ཡང་བུད་མེད་རིག་འཛིན་དང་བསྟན་འཛིན་ཆོས་གྲུབ་ཀྱི་སྲིང་མོའི་ཁྱོ་གའི་བར་དུ་ལོ་ལྔའི་གོང་དུ་ཕོ་མོའི་འབྲེལ་བ་བྱུང་སྟེ་རིག་འཛིན་ལ་ཕྲུ་གུ་འཁོར་བ་དང་།གྱད་གཏུག་བྱས་ཀྱང་ལྐོག་ཟ་རུལ་སུངས་ཀྱིས་རུལ་ཟིན་པའི་ཁྲིམས་ཁང་ནས་སྐྱོབ་མེད་མགོན་མེད་ཀྱི་བུད་མེད་རིག་འཛིན་ཟེར་བ་དེར་རྒྱལ་ཁ་ཐོབ་ཡོད་མི་འདུག རྒྱུ་མཚན་ནི་སླར་ཏེ་གྱད་ཡ་བོད་གཞུང་གི་ལས་བྱེད་བསྟན་འཛིན་ཆོས་གྲུབ་དང་རྡོ་རྗེ་རྒྱལ་མཚན་གཉིས་ཀྱི་ནང་མི་ཡིན་པ་དང་། རིག་འཛིན་ཟེར་བ་དེར་རོགས་བྱེད་མཁན་སུ་ཡང་མེད་པ་དང་། ཕོ་མོའི་འབྲེལ་བ་བྱས་པའི་ནག་ཉེས་ཀྱང་གཟུག་ཆོག་པས་རེད།

    མི་དེ་ཚོ་དེས་ཀྱང་མ་ཚིམས་པར་རིག་འཛིན་ཀྱི་ཨ་མ་རྒས་འཁོག་དང་གྲོང་པའི་མི་རྒན་པ་ཚོས་བཀག་ཀྱང་མ་ཁོག་པར་བུད་མེད་དེ་རླངས་འཁོར་ས་ཚིགས་སུ་ལུས་གཅེར་བུར་ཕྱུངས་ནས་གདོང་པར་གྲི་དང་ཇེམ་ཙེས་རྨ་ཁ་གཏོད་དེ་ཁྲིད་པ་མ་ཟད། ད་དུང་ཁོ་ཚོའི་ནང་གི་བུད་མེད་གཅིག་གིས་པར་ཀྱང་རྒྱག་ཡོད་འདུག ཤིན་ཏུ་ཡ་མཚན་སྐྱེས་དགོས་པ་ཞིག་ལ་བསྟན་འཛིན་ཆོས་གྲུབ་དང་རྡོ་རྗེ་རྒྱལ་མཚན་གཉིས་པར་རྒྱག་མཁན་གྱི་བུད་མེད་དེ་དང་ཕ་མ་གཅིག་གི་མིང་སྲིང་རེད་འདུག ཁོ་ཚོ་རིག་འཛིན་ལ་སྙིང་མི་རྗེ་ནའང་མིང་སྲིང་བར་དུ་ངོ་ཚའང་མེད་པ་ཡིན་ནམ། གལ་སྲིད་ཉེས་པ་བསགས་ཡོད་ན་ཉེས་ཆད་གཅོད་དགོས་ངེས་རེད་མོད། བྱེད་སྟངས་འདི་འདྲ་ནི་ཀླ་ཀློའི་བྱེད་སྟངས་ཤིག་ལས་རང་དབང་དང་དམངས་གཙོ་རྩོད་མཁན་གྱི་མི་ཞིག་གི་བྱེད་སྟངས་མ་རེད་ལ། ལྷག་པར་དུ་བྱམས་དང་སྙིང་རྗེའི་བདག་ཉིད་༧གོང་ས་མཆོག་གི་རྗེས་འཇུག་པར་ཁས་འཆེ་བ་ཚོའི་བྱེད་སྟངས་ག་ནས་ཡིན་སྲིད། དེ་བས་མི་ངན་དེ་དག་ཐར་པ་གཏོང་མི་ཉན། ང་ཚོས་འབྲེལ་ཡོད་ཚན་པར་འབྲེལ་བ་བྱས་ཏེ་རེ་བ་འདི་དག་འདོན་དགོས།

    ༡ བསྟན་འཛིན་ཆོས་གྲུབ་དང་རྡོ་རྗེ་རྒྱལ་མཚན་གཉིས་ལས་གནས་ལས་དབྱུང་དགོས།

    ༢ ཉེས་ཅན་པ་དེ་ཚོའི་ནང་མི་རྐང་གཅིག་ཀྱང་ཁེ་ན་སྒྲར་གཏོང་མི་ཆོག

    ༣ རིག་འཛིན་ལགས་ལ་དགོངས་སེལ་ཞུ་དགོས་པ་མ་ཟད་ཁྲིམས་ལུགས་གཞི་བཞག་གིས་གུན་གསབ་བྱེད་དགོས།

    ༤རིག་འཛིན་ལགས་ཀྱི་བུའི་ཕ་སྐལ་ཡང་ནང་མི་དེ་དག་གིས་འཇལ་དགོས།

    ༥ ཉེས་ཅན་པ་གཙོ་བོ་དེ་ཁྲིམས་ལུགས་གཞི་བཞག་གིས་བཙོན་འཇུག་བྱེད་དགོས།

    མཆནཿགནས་ཚུལ་མང་བ་ཁ་བརྡ་དྲ་རྒྱར་གཟིགས། ད་དུང་འདིར་ཡང་དྲ་ཐག་ཅིག་ཡོད།http://forums2.phayul.com/forums/index.php?%2Ftopic%2F22033-tenzingang-issue%2F

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཡང་དམ་ཉམས་དེ་ཚོས་ཤི་གསོན་གཉིས་ཀྱི་དཀོར་དངུལ་དེ་རྒྱ་གར་ལྟོ་ལུག་རྣམས་ཀྱི་ལག་ཏུ་བླུག་ཉན་བྲོ་གི་འདུག་པ། འོས་མེད་པའི་ནང་འཁྲུགས་ངོ་ཚ་གི་མི་འདུག་གམ། དཀོར་འགམ་ཆེ་ན་དེ་འདྲ་ཡོང་པ་དང་། རྗེ་ལེན་བྱེད་རྒྱུ་མེད་པའི་གཉེར་པ་མ་རབ་དེ་དང་གྲྭ་ཚང་དེ་ཚོའི་རྒྱུད་ལ་གསོན་འདྲེ་ཡ་ང་བ་ཞིག་ཡོད་པ་ཐག་གིས་ཆོད། ད་དུང་ཀྱང་གཟབ་གཟབ་མ་བྱས་ན་གནས་ཚུལ་དེ་ཞི་འགྲིགས་ཡོང་པའི་ལམ་འགག་ཞིག་གཏན་ནས་དོད་མི་འདུག་སྙམས།

    Reply
  9. ཉི་མ། says:
    ལོ་ 15 སྔོན།

    དགོན་པའི་དངུལ་ཡོངས་རྫོགས་ཕྱག་མཛོད་ཀྱི་མཚན་ཐོག་ཏུ་བཞག་ཡོད་པ་དེ་ནོར་འཁྲུལ་ཆེ་ཤོས་རེད། ཁྲིམས་ཐོག་ནས་ཚེ་མཆོག་གླིང་གི་གྲྭ་བ་ཚོ་ཕམ་རྒྱུ་ལས་ཡོད་པ་མ་རེད། ད་དུང་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཡང་ཡོད་ཡོད་པ་རེད། ཕྱག་མཛོད་སྒེར་གཅོད་པ་དེའི་སྤྱོད་སྟངས་ལ་བལྟས་ཡོང་ན། སྔོན་མ་ནས་ཁོ་ལ་གདེང་ཚོད་ཆ་ཚང་འདུག
    མ་གཞི་དགོན་སྡེ་ཁག་ཕྱུག་པོ་ཡིན་པ་དང་། ལྷག་པར་དུ་བཞུགས་སྒར་ཉེ་འཁོར་གྱི་དགོན་སྡེ་ཁག་རྒྱུ་ཐོག་ལ་བརྒྱབ་ཡོད་ཀྱང་། ཚེ་མཆོག་གླིང་གི་གྲྭ་ཚོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་ལ། དགོན་པ་དེ་ནགས་གསེབ་ཏུ་ཆགས་ཡོད་སྟབས། དབྱར་ཀའི་ཆར་དུས་སྐབས། གྲྭ་ཤག་རེ་ཟུང་གི་ནང་ལ་ཐིག་ཆུ་དང་། ཞབས་རླན་གྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དངོས་སུ་མཐོང་མྱོང་ཡོད།

    Reply
  10. བསོད་ནམས། says:
    ལོ་ 15 སྔོན།

    དགོན་པའི་རྒྱུ་རྫས་སྒེར་བདག་བྱེད་མཁན་ནི་ང་ཚོའི་སྤྱི་ཚོགས་ནང་མང་པོ་ཡོད་པས་ཚེ་མཆོག་གླིང་གནད་དོན་ལ་ཧང་སང་དགོས་དོན་ཡོད་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese