མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུའི་གཟིཊ་སྐོར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་ས་ཁུལ་དུ་གཟིགས་སྐོར་གནང་བ་དང་བསྟུན་ཏེ། རྒྱ་གཞུང་གིས་བླ་བྲང་དགོན་པ་གཙོས་པའི་ས་གནས་ཁག་དམ་དྲག་བྱས་ཡོད་འདུག

རྒྱ་གཞུང་གིས་དེ་སྔོན་གསལ་བསྒྲགས་ཤིག་སྤེལ་ཏེ་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ནས་བཟུང་པཎ་ཆེན་རྒྱལ་མཚན་ནོར་བུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དང་གཙོས། རྨ་ཆུ། ཀླུ་ཆུ་སོགས་སུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་ཡིན་སྐོར་བརྗོད་པ་ལྟར། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་དུ་གཟིགས་སྐོར་ལ་ཕེབས་ཡོད་འདུག་ལ། ཉིན་འགའི་གོང་ནས་བླ་བྲང་དགོན་པ་གཙོས་པ་ས་གནས་ཁག་རྒྱ་དམག་སྟོང་ཕྲག་མང་པོས་དམ་དྲག་བྱས་ཡོད་པ་དང་། ཐེངས་འདིར་རྒྱལ་མཚན་ནོར་བུ་བླ་བྲང་དུ་འཁྲིད་པའི་དམིགས་ཡུལ་གཙོ་བོ། ཟླ་ཁ་ཤས་རིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་བྱེད་དུ་འཇུག་རྩིས་ཡོད་ཀྱང་། བླ་བྲང་དགོན་པའི་དགེ་འདུན་པ་དང་ས་གནས་བོད་རིགས་མི་མང་གིས་ཕེབས་བསུའི་སེར་འཕྲེང་བསྒྲིགས་མེད་པ་དང་། ཕྱོགས་འདྲ་མིན་ནས་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་སྟབས། བླ་བྲང་དགོན་པའི་གཟིགས་སྐོར་གྲུབ་མ་ཐག ཀླུ་ཆུ་དང་རྨ་ཆུ་རྫོང་སོགས་སུ་ཕེབས་དགོས་བྱུང་ཡོད་འདུག     

གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཐོག་མར་རྒྱལ་མཚན་ནོར་བུའི་གཟིགས་སྐོར་དེ་ཕྱི་ཟླ་ ༧ པའི་ཚེས་མགོར་གྲ་སྒྲིག་ཞུས་ཡོད་ཀྱང་། དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་ལ་འདོད་མོས་མེད་པའི་རྣམ་འགྱུར་སྣ་ཚོགས་ཐོན་པ་དང་། ལྷག་པར་དུ་ཉེ་ལམ་རྨ་ཆུ་ས་ཁུལ་ནས་སྦྱར་ཡིག་བཀྲམས་ཏེ་ངོ་རྒོལ་བྱས་པ་སོགས་ལ་བརྟེན་ཏེ་ད་བར་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་འདུག

ཐེངས་འདིར་གཞུང་ཕྱོགས་ནས་དགོན་པའི་དགེ་འདུན་པ་དང་སློབ་ཕྲུག ས་གནས་མི་མང་བཅས་ལ་ཕེབས་བསུ་གཟབ་རྒྱས་ཞུ་དགོས་ཚུལ་བརྗོད་ཡོད་པ་དང་། ལས་ཁུངས་སོ་སོའི་བོད་རིགས་ལས་བྱེད་ཡོངས་ཀྱིས་བོད་ལྭ་གྱོན་ཏེ། དགའ་བསུའི་རྣམ་པ་ཤུགས་ཆེན་སྟོན་དགོས་པ་དང་ཕྱག་འཚལ་དགོས་པ་སོགས་ཀྱི་བཀའ་བཏང་ཡོད་པ་མ་ཟད། གལ་སྲིད་ཕེབས་བསུར་མི་བཅར་མཁན་ཡོད་ན་ཟླ་ཕོགས་གཅོག་པ་དང་། ལས་ཁུངས་ནས་གནས་དབྱུང་གཏོང་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་ཡང་བཏང་ཡོད་འདུག དེ་བཞིན། བླ་བྲང་དགོན་པའི་མཐའ་འཁོར་དང་། རྒྱལ་མཚན་ནོར་བུ་ཕེབས་ཡུལ་གྱི་མགྲོན་ཁང་དག་གིས་ཕྱི་ཚེས་ ༡༧ བར་ཕྱི་རྒྱལ་གྱི་མགྲོན་པོ་གཅིག་ཀྱང་སྣེ་ལེན་བྱས་མི་ཆོག་ཚུལ་བརྗོད་ཡོད་འདུག  

གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་ན། ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བླ་བྲང་དགོན་པར་སློབ་གཉེར་གཙོས་པའི་ས་ཁུལ་ཁག་ཅིག་ནང་གཟིགས་སྐོར་དུ་འཁྲིད་ཀྱི་ཡོད་པ་དེ་ནི། རྒྱལ་མཚན་ནོར་བུ་ལ་བོད་མི་མང་གིས་ཆོས་ཀྱི་སློབ་གཉེར་མཐར་སོན་པའི་བླ་ཆེན་ཞིག་གི་ངོས་འཛིན་ཐོབ་ཐབས་ཡིན་པ་དང་། ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་བྱས་པ་ཡིན་ན། བོད་མི་ཚོས་ཁོང་ལ་སྔར་ལས་ལྷག་པའི་ཆེ་མཐོང་དང་བརྩི་འཇོག་ཡོང་བའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་འདུག

རྒྱལ་མཚན་ནོར་བུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཐེངས་གཉིས་པ་དེ་ཆགས་ཡོ་པ་དང་། ཕྱི་ཚེས་ ༡༧ ཉིན་བླ་བྲང་གི་གཟིགས་སྐོར་གྲུབ་ཏེ་ཀླུ་ཆུ་རྫོང་ཤིས་ཚང་དགོན་པར་ཕེབས་ཡོད་འདུག  

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

སྐར་མ ༣༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 12

  1. ཚང་མ། says:
    ལོ་ 15 སྔོན།

    ནད་པ་ནི་ངོ་མ་འགོས་ནད་མང་པོར་འགོས་པའི་ནད་པ་ངོ་མ་ཞིག་ཡིན་པ་འདྲ། ཁོས་པཎ་ཆེན་སྐུ་གོང་མས་ལོ་རྒྱུས་བཤད་སྟངས་དང་བོད་མི་ཞིག་ཡིན་ཕྱིན་སུ་པཎ་ཆེན་བྱེད་ན་སུ་པཎ་ཆེན་ལ་བསྐོ་ན་འགྲིག་གི་རེད་ཟེར་བ་ནི་གནས་ལུགས་མི་ཤེས་པའི་སྐད་ཆ་རང་རེད། དེ་ཡིན་ན་བོད་ཀྱི་ནག་རྫི་མོ་ཡང་པཎ་ཆེན་གྱི་ཡང་སྲིད་དུ་བསྐོས་ན་འགྲིག་གམ། རྒྱལ་བ་པན་ཆེན་གཉིས་བར་ལ་གནའ་སྔ་མོ་ནས་རྒྱ་མའི་འདྲེ་ལག་མང་པོ་བརྐྱངས་སྐབས་སྐུ་འཁོར་འགའ་ཤས་ཞིག་གིས་དེར་མགོ་འཁོར་ནས་རྒྱལ་བ་པཎ་ཆེན་གཉིས་གོ་ས་འདྲ་མཉམ་དགོས། ཁྲི་མཐོ་མཉམ་གཅིག་པ་དགོས་སོགས་ཀྱི་རྙོག་གླེང་མང་པོ་བཤད་མཐར་ཚུལ་མིན་གྱི་གནས་ཚུལ་ཁག་ཅིག་བྱུང་བ་རེད། ཁྱོད་བསམ་བློ་ཡག་པོ་ཐོངས་དང་། རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་རེད། ལྡོག་ལྡོག་བཤད་ན་བོད་ཀྱི་རྒྱལ་བོ་རེད། དེ་དང་གོ་ས་གཅིག་པ་དགོས་ལབ་ན་རྩ་བ་ཉིད་མ་འགྲིག་པ་ཞིག་རེད། གལ་སྲིད་དེ་ལྟར་ཁས་ལེན་ན་རྒྱ་མའི་དགོས་འདུན་སྒྲུབ་པ་ཞིག་ཀྱང་རེད། གང་ཡིན་ཟེར་ན་རྒྱ་མིས་ག་དུས་ཡིན་ཡང་རྒྱལ་བ་རིན་པོ་ཆེ་བོད་ཀྱི་རྒྱལ་བོར་ཁས་མི་ལེན་པ་དེར་ཐུག་ཡོད། རྒྱ་མིས་བོད་མི་མང་གིས་རྒྱལ་བ་རིན་པོ་ཆེ་བོད་ཀྱི་རྒྱལ་བོར་ཁས་ལེན་པ་དེ་གཏོར་ཡའི་ཆེད་གནའ་སྔ་མོ་ནས་འདྲེ་ལག་ག་སར་བརྐྱངས་པ་རེད། ང་རང་གི་ངོས་ནས་པཎ་ཆེན་རིན་པོ་ཆེ་ནི་ངའི་རྩ་བའི་བླ་མ་ཡིན་ལ་སྙིང་ཁུང་རུས་པའི་གཏིང་ནས་དད་པ་ཡང་ཡོད། འོན་ཀྱང་སྲིད་ཕྱོགས་ནས་བསམ་ན་རྒྱལ་བ་པཎ་ཆེན་གཉིས་གོ་ས་འདྲ་མཉམ་བཤད་ན་མི་འགྲིག། ཆོས་ཕྱོགས་ནས། གང་གི་མོས་པ་གཙོར་བྱེད་པ།།དེ་ཡི་མདུན་ན་ཐུབ་པ་བཞུགས།། ཞེས་གསུངས་པ་ལྟར་རང་གི་མདུན་དུ་ཡོད་པའི་རྡོ་ལྡོག་ལྡོག་དེ་ཡང་པཎ་ཆེན་རིན་པོ་ཆེ་དངོས་ཡིན་པར་བསམ་ནས་ཕྱག་མཆོད་སོགས་བྱེད་ན་འགྲིག་པ་མ་ཟད་ཕན་ཡོན་ཡང་འབྱུང་ངེས་ཡིན་ནོ།།

    Reply
  2. ཕུན་ཡུལ། says:
    ལོ་ 15 སྔོན།

    གྲྭ་རྒྱལ་མཚན་ནོར་བུ་ནི་པན་ཆེན་རྗུན་མ་ཡིན་པས་བོད་པ་སས་ཀྱང་དད་པ་བྱེད་རྒྱུ་མ་རེད་ལ་ངས་ཀྱང་དད་པ་ག་ལ་བྱེད་

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ནད་པས་ལོ་རྒྱུས་རྒྱབ་ལྗོངས་དང་བཅས་ཡག་པོ་བཤད་འདུག ངས་ལོ་རྒྱུས་དེ་ཚོར་བལྟ་སྙིང་འདོད་ཀྱི་འདུག གང་དུ་གསལ་ཡོད་དམ།

    Reply
  4. ནད་པ says:
    ལོ་ 15 སྔོན།

    པཎ་ཆེན་སྐུ་འཕྲེང་དགུ་པར་བོད་དབུས་གཙང་སྡེ་པ་གཞུང་གིས་བཀའ་ཉེན་ཕོག་ནས་བཙན་བཟུང་ཆེད་དམག་མི་གཙང་བཀྲིས་ལྷུན་དགོན་པར་ཆེད་གཏོང་བྱས་པ་རེད། དེ་བོད་སྡེ་པ་གཞུང་གི་མདའ་དཔོན་ཚོས་ཁོག་གིས་པཎ་ཆེན་སྐུ་འཁོར་ཚང་མ་སྨད་ཕྱོགས་སུ་བྲོས་བྱོལ་སྐབས་རྗེས་ཟིན་མ་ཐུབ་ཁུལ་བྱས་ཏེ་བྲོས་མཐར་བཏང་ཡོད།

    དེའི་སྐབས་སུ་བོད་དབུས་གཙང་གི་མི་རྣམས་ཀྱིས་དམངས་ཁྲོད་དུ། པཎ་ཆེན་ཐང་དཀར་ཡིན་ཟེར། །ནམ་འཕངས་བཅད་ནས་འཕུར་སོང་། །ཚོས་ཁོག་ཤ་ཁྱི་ཡིན་ཟེར། །རི་ལུང་བསྐོར་ནས་སླེབས་སོང་། །ཞེས་པའི་གཞས་ཀྱང་གཏོང་སྲོལ་བྱུང་བ་རེད།

    དེ་རྗེས་པཎ་ཆེན་སྐུ་ཕྲེང་དགུ་པ་དགོངས་པ་མདོ་སྨད་དུ་རྫོགས་སྟབས་དེ་བས་པཎ་ཆེན་གྱི་སྐུ་འཁོར་རྣམས་འཁོན་འཛིན་ཇེ་ཆེར་སོང་། མཐར་སྐུ་འཕྲེང་བཅུ་པའི་ཡང་སྲིད་ཐོག་བོད་སྡེ་པ་གཞུང་གིས་འབྲས་སྤུངས་ནས་ཡིན་པཎ་ཆེན་འོས་སྤྲུལ་ཟེར་བ་ཞིག་ཐོན་པ་རེད།

    དེའི་སྐབས་པཎ་ཆེན་སྐུ་འཕྲེང་དགུ་པའི་སྐུ་འཁོར་དང་བཅས་པའི་བཀྲིས་ལྷུན་པོའི་ཕྱོགས་ཀྱིས་ཁས་ལེན་བྱེད་རྒྱུ་ཕར་བཞག་ཐ་ན་སྐབས་དེའི་རྒྱ་ནག་རྙིང་སྲིད་གཞུང་ལ་མགོ་བཏགས་ཞུས་ཏེ་ཡིན་མིན་ཟེར་ས་མེད་པར་རྒྱ་ནག་དང་མདོ་སྨད་ནས་ཡར་འཁྲིད་ཡོང་བའི་པཎ་ཆེན་རིན་པོ་ཆེ་དེ་གཙང་བཀྲས་ལྷུན་དགོན་པར་རྒྱ་དམག་བརྒྱ་ཕྲག་གིས་དཔུང་རོགས་འཁྲིད་ནས་བསྐྱལ་བ་རེད།

    དེར་བརྟེན་བོད་དབུས་ཕྱོགས་ཀྱི་མི་རྣམས་ཀྱི་པཎ་ཆེན་སྐུ་འཕྲེང་བཅུ་པ་དེར་རྒྱ་མིའི་པཎ་ཆེན་སྣ་ཁུང་ཆེན་པོ་ཟེར་བ་དང་། ཡང་མི་འགས་ཤས་ཀྱིས་མའོ་ཀྲུའི་ཞིའི་ཕྲུ་གུ་ཡིན་པའི་རྒྱ་མིའི་པཎ་ཆེན་ཡང་ཟེར་བ་རེད།

    དེའི་སྐབས་སུ་མཐའ་མ་བོད་སྡེ་པ་གཞུང་གི་པཎ་ཆེན་འོས་སྤྲུལ་དེ་ཕམ་ཉེས་སུ་བཏང་ནས་མཐར་༸གོང་ས་་མཆོག་གིས་སྐུ་ན་ཕྲ་ན་སྐབས་སུ་པཎ་ཆེན་གྱི་ཡང་སྲིད་ཡིན་པའི་ཁས་ལེན་མ་ཞུས་ཀ་མེད་ཐུག་ཡོད།

    ཡིན་ནའང་པཎ་ཆེན་སྐུ་འཕྲེང་བཅུ་པ་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་དེས་རྒྱ་ནག་གི་སྲིད་ཇུས་ལ་མི་འདོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ནས་གང་ཉིད་མི་ལོ་ ༩ ལྷག་ཙམ་རིང་བཙོན་ཁང་དུ་བཅུག་ཡོད།

    དེ་ནས་བཟུང་པཎ་ཆེན་གྱི་མཛད་འཕྲིན་རྒྱས་ཏེ་བོད་འབངས་བདེ་སྡུག་དང་། ཆོས་དང་། རིག་གཞུང་། སྐད་ཡིག་དང་ཅསས་པར་མི་ཉམས་རྒྱུན་འཛིན་གྱི་རྒྱལ་གཅེས་ཀྱི་བསམ་པའི་དར་ཆ་ཐོན་པོར་བསྒྲེངས་སྟབས་མཐར་རྒྱ་ནག་གིས་ཡ་ང་བག་ཙམ་མེད་པར་ཡང་སྐྱར་པཎ་ཆེན་གྱི་ཚེ་སྲོག་མཇུག་སྡུད་པ་རེད།

    དེ་རྗེས་བཙན་བྱོལ་ནས་༸ གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱིག་ཉི་མ་པཎ་ཆེན་གྱི་འོས་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་བྱས་སྟབས། རྒྱ་ནག་གིས་ཆོས་ལུགས་བེད་སྤྱད་དེ་རྒྱལ་མཚན་ནོར་བུ་པཎ་ཆེན་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བྱས་པ་རེད།

    ད་ལྟའི་ཆར་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དེ་དོན་གྱི་ངོ་བོ་ཙམ་སྟོན་པའི་རྣམ་དབྱེ་དང་པོའི་པཎ་་ཆེན་ཞིག་ཏུ་གྱུར་པར་བརྟེན་བོད་མི་རིགས་ཀྱི་ལས་དབང་ལྕི་མོ་དེར་མཚོན་ན་ཕན་ནུས་ཅི་ཡང་མེད་པའི་པཎ་ཆེན་མིང་ཙམ་འཛིན་པ་ཞིག་ཏུ་གྱུར་ཡོད།

    རྒྱ་ནག་གི་འོས་སྤྲུལ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་དེར་བོད་རིགས་མི་དམངས་ཁྲོད་བཀྲས་ལྷུན་དགོན་པ་དང་། ཁྲི་སྟན་མཐོ་ཤོས། ནང་བསྟན་ཆོས་ལུགས་ཀྱི་བདག་དབང་ཡོང་རྫོགས་ཐོབ་ཡོད་སྟབས། ད་ལྟའི་བོད་མི་རིགས་འདིའི་ལས་དབང་ལ་ཞིབ་ཏུ་བསམས་ན་པཎ་ཆེན་རྒྱལ་མཚན་ནོར་བུ་དེ་བོད་མི་རིགས་ཀྱི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག ཞིང་འབྲོག ཚན་རྩལ། འཛུགས་སྐྲུན། ཁོར་ཡུག་སོགས་ཕྱོགས་གང་ས་ནས་བསམས་ན་རྒྱ་ནག་གི་པཎ་ཆེན་འདི་པ་བོད་འདིར་ཕན་འབྲས་ཆེ་བའི་པཎ་ཆེན་གཅིག་ཏུ་གྱུར་པ་དེ་ཡང་བོད་མི་རིགས་འདིའི་ལས་བསྐལ་ཞིག་ཡིན་སྲིད།

    གང་ལྟར་ཡང་བོད་རིགས་ཞིག་ཡིན་ཕྱིན་སུ་པཎ་ཆེན་བྱས་ནའང་འགྲིག་ལ་སུ་འཇོན་ནའང་འགྲིག པནཆེན་གྱི་མཚན་གནས་ཡོད་པ་ལྟར་བོད་མི་རིགས་འདིའི་ལས་དབང་ལ་ཕན་ནུས་ཞིག་ཐོན་ཐུབ་ཚེ་ད་གཟོད་པཎ་ཆེན་དེ་པཎ་ཆེན་ངོ་མ་ཡིན་ཡིན་པ་རེད།

    ད་དུང་གནད་དོན་མང་དག་གཅིག་ཡོད་ཀྱང་དེ་ཙམ་ཞིགཡིན།

    Reply
  5. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་ཀྱི་ནང་ཆོས་མཐར་གསོན་པ་ཞིག་སློབ་སྦྱོང་བྱས་ན་མ་འོངས་པར་ཆོས་ཀྱི་ནུས་ཤུགས་ཀྱིས་དྲང་བདེན་གྱི་ལམ་ལ་འཇུག་ཐུབ་རྒྱུའི་རེ་བ་དང་པཎ་ཆེན་སྐུ་དངོས་མིན་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་བསྲུང་སྐྱོབ་བྱེད་པར་ཐུགས་ཕན་གསོས་ངེས་རེད།

    Reply
  6. gyatsenlodo says:
    ལོ་ 15 སྔོན།

    རྒྱལ་མཚན་ནོར་ལ་

    ཁག་མེད་ཁོང་ལ་གུང་ཕྲན་གྱིས་པཎ་ཆེན་གྱི་མཚན་གནས་བརྕན་བཀལ་བྱས་པ་
    རེད་ཁོང་ང་ཚོའི་རང་ཕྱོགས་སུ་འགུག་ཐབས་བྱ་རྒྱུ་དེ་ཡིན་པ

    Reply
  7. རྒྱང་མིག་པ says:
    ལོ་ 15 སྔོན།

    བོད་ཀྱི་ཆོས་དང་རིགས་གནས་འཆད་ཉན་བྱེད་ཡུལ་གྱི་ལྟེ་གནས་ཤིག ད་ལྟ་རྒྱ་ནག་གིས་འཛམ་གླིང་མི་མང་ལ་དབུ་སྐོར་གཏོང་ཡུལ་གྱི་ཆབ་སྲིད་སྟེགས་བུ་ཞིག་ཏུ་ཇི་ལྟར་འགྱུར་སོང་བ་རེད། བླ་བྲང་བཀྲ་ཤིས་འཁྱིལ་དོན་ངོ་མར་སྐབས་དེའི་དགོན་པའི་དགེ་འདུན་ཚོ་དང་ས་གནས་མི་མང་གི་སེམས་ཀྱི་སྡུག་བསྔལ་དེ་སུ་ལ་ཞུ་དགོས་སམ། རྒྱ་གཞུང་གིས་བྱེད་སྟངས་ནག་པ་ལ།

    Reply
  8. sangkye says:
    ལོ་ 15 སྔོན།

    བདག་ལ་དུས་ནམས་ཡང་ཡིན་ཡང་སྤྲུལ་སྐུ་རྫིན་མ་ལ་ངོས་ལེན་བྱེད་གྱི་མེད་ལགས། བླ་བྲང་དགོན་པ་རྒྱ་ལ་དགའ་བོ་བྱེད་ནས་ཁོང་གདན་འདྲེན་ཞུ་བ་དེ་ཐུགས་རྗེ་ཆེའོ།

    Reply
  9. སྦྲང་ཆར། says:
    ལོ་ 15 སྔོན།

    ཐོག་མར་རྒྱལ་མཚན་ནོར་བུའི་གཟིཊ་སྐོར་གནང་ཡོད་པ་དང་བཤད་ཡོད་མོད། རྗེས་སུ་རྒྱ་གཞུང་གིས་དེ་སྔོན་གསལ་བསྒྲགས་ཤིག་སྤེལ་ཏེ་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ནས་བཟུང་པཎ་ཆེན་རྒྱལ་མཚན་ནོར་བུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དང་གཙོས། རྨ་ཆུ། ཀླུ་ཆུ་སོགས་སུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་ཡིན་སྐོར་བརྗོད་པ་ལྟར། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་དུ་གཟིགས་སྐོར་ལ་ཕེབས་ཡོད་འདུག་ལ།
    ཟེར་བ་སོགས་ལ་བལྟས་ལ་པཎ་ཆེན་རྫིན་མ་ཁ་ནས་མ་སྤཽབ་པའི་བཟོ་འདྲ་ཞིག་འདུག
    ཁོང་བོད་པ་ཞིག་ཡིན་པ་དང་བོད་ཀྱི་གྲྭ་བ་ཡིན་པ་ཙམ་གྱི་རྒྱ་ནག་གི་འདོད་པ་ལྟར་ང་ཚོའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་དགོས་འདོད་རྩ་བ་ནས་མེད།

    གང་ཡིན་ཟེར་ན། སྤྱི་ཚོགས་ནང་ནས་གྲྭ་བ་དཀྱིལ་མ་ལས་ཅུང་ཡན་ཁག་ཤས་རྒྱ་ནང་ལ་གྲོང་ཆོག་ལ་འགྲོ་མཁན་ཚོར་རྒྱ་བླ་དང་། རྒྱ་ཟན་ཟེར་ནས་མི་དགའ་བའི་ཚིག་གིེས་མདའ་མོ་འཕེན་དགོས་ན་ཁོས་བོད་ཀྱི་ཉི་ཟླ་གཉིས་གང་རུང་མཚན་གནས་རྩ་ཆེན་དེ་ཁུར་ནས་རྫིག་མདོག་བལྟན་པ་ལས་བོད་ལ་སྲིད་ཞུ་སྣེ་གཅིག་བསྒྲུབ་མི་ཐུབ་ན་ཁོ་ལ་ངོ་རྒོལ་བྱེད་མ་ཐུབ་ན་ངོས་དགའ་བྱེད་དགོས་དོན་རྩ་བ་ནས་མེད་པ་མ་ཟད།
    ང་ཚོ་བོད་ཕྱི་ནང་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོའི་རང་ཉིད་གི་གཅེས་པས་ལུས་སྲོག་ལོངས་སྤྱོད་ལ་མི་ལྟ་བར་༧གོང་ས་ཐམས་ཅད་མཁྱེན་པ་བོད་ལ་ཕེབས་ཐུབ་དགོས་པ་དང་། ༧པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་གློད་ཀྲོལ་བཏང་དགོས། བོད་ལ་རང་དབང་དགོས་ཟེར་མཁན་དེ་ཚོའི་སེམས་ཤུགས་བཅགས་པ་མ་རེད་དམ།།

    Reply
  10. ཨ་ལ་ལ says:
    ལོ་ 15 སྔོན།

    རྒྱ་ནག་གིས་བྱེད་ཕྱོགས་འདི་ནི་རྒྱ་ནག་ངོས་ནས་ཡང་དག་པར་བརྩི་ཆོག་ལ། ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་བལྟས་ནའང་ཡང་དག་པར་བརྩི་ཆོག ཆབ་སྲིད་ཟེར་བ་ནི་འདི་འདྲ་ཞིག་ལ་ཟེར་དགོས། ཆབ་སྲིད་ཀྱི་ཐད་ནས་ལས་རྒྱུ་འབྲས་དང་། ཡ་རབས། བཟང་སྤྱོད། དྲང་བདེན་སོགས་བཤད་ས་མེད། ཆ་སྲིད་ཅེས་པ་ནི་རང་ཉིད་ཀྱི་ངོ་གདོང་གི་ཁེ་ཕན་ཁོ་ན་བསྒྲུབ་ཐུབ་མིན་དེ་ཡིན། རྒྱ་ནག་གི་ཆབ་སྲིད་ནི་སྲིད་པའི་རྩེ་མོར་སོན་ཡོད། ང་ཚོས་ལྟ་བའི་དེ་འདྲ་ལས་སླ་པོ་ཞིག་མ་རེད། དེ་ལ་ལོ་ངོ་ལྔ་སྟོང་དྲུག་སྟོང་གི་ལོ་རྒྱུས་གཏིང་སྲབ་ཡོད་པ་ཞིག་རེད། དེའི་རྐྱེན་གྱིས་ད་ལྟའི་ཆར་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཁ་གཏད་ཆོག་གི་མེད་པ་ནི་ཆབ་སྲིད་ཀྱི་གཏིང་མཐུག་པོས་ཡིན། ང་ཚོས་དེ་དག་ངོ་ཤེས་པའི་ཐོག་ནས་ངོ་ཐོག་གི་ཁེ་ཕན་དང་ཐོབ་སྐལ་ངོས་ཟིན་དགོས། དེ་འདྲ་མིན་པར་ལས་སླ་འདོག་ཁ་པོ་བཤད་བསྡད་པ་དེ་འདྲ་ཞིག་གཏན་ནས་མིན། ཡར་མར་ཚང་མ་ལ་བལྟ་དགོས།

    Reply
  11. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སྤྱིར་རྒྱལ་མཚན་ནོར་བུ་ཟེར་པ་བོད་པ་ཞིག་འུ་རེད་ཟེར་ན་རེད།   འོན་ཀྱང་ཁོང་ནི་བོད་ཀྱི་གྲྭ་པ་ཞིག་འུ་ཡིན་ཟེར་ན་ཡིན་པར་མ་ཟད་ཁོང་ལ་དད་པ་བྱས་ན་འགྲིག་འོན་ཀྱང་ཁོང་པན་ཆེན་སྐུ་འཕྲེང་བཅུའི་ཡང་སྲིད་འུ་ཡིན་ཟེར་དེ་ནི་རྩ་བ་ནས་མིན་གང་ཡིན་ཟེར་ན་པན་ཆེན་རིན་པོ་ཆེའི་ཡང་སྲིད་༧གོང་ས་མཆོག་གི་དངོས་འཛིན་གནང་ཡོད་པ་དེ་ལས་གཞན་ཞིག་མེད་འོན་ཀྱང་རྒྱ་ནག་དམར་ཕྱོགས་ཚང་གི་ཆོས་ཟེར་པ་དུག་རེད་ཟེར་མཁན་ཞིག་ཡིན་དུས་བོད་ཀྱི་སྤྲུལ་སྐུ་དངོས་འཛིན་བྱེད་ཀྱི་ཐོབ་ཐང་མེད་ཆོས་དུག་དུ་རྩི་མཁན་ཞིག་གི་སྤྲུལ་སྐུ་ཟེར་པ་ཇི་ལྟར་ཁས་ལེན་བྱེད་དེ་ནི་ཁོང་ཚོ་ལ་འོས་ཆོས་མི་ཚང་།  བོད་མི་མང་པོ་ཞིག་གི་ད་དུང་༧གོང་ས་མཆོག་གི་དངོས་འཛིན་གནང་པའི་པན་ཆེན་དེ་དངོས་འཛིན་མཛད་དགོས་པ་ལས་རྒྱ་ནག་དམར་གཞུང་གི་དངོས་འཛིན་གནང་པ་དེ་ལ་པན་ཆེན་བཅུ་བའི་ཡང་སྲེད་ཀྱི་དངོས་འཛིན་བྱེད་མི་རུང་།དེ་གསལ་བོ་ཤེས་མཁན་ཚོས་ཕན་ཚུན་བཤད་ཐུབ་ན་དགེ་མཚན་ཆེ།

    Reply
  12. རྒྱང་མིག་པ says:
    ལོ་ 15 སྔོན།

    གསར་འགོད་པ་ལགས པཎ་ཆེན་རྒྱལ་མཚན་ནོར་བུ་ཞེས་ཚིག་བེད་སྤྱོད་གཏོང་སྟངས་དེ་ཅུང་མི་འགྲིག་གི་འདོད། བསམ་ཚུལ་ཡིན་ངོས་ལེན་ཡོད་ཚེ་རྗེས་ཕྱོགས་གཟབ་གཟབ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese