མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་སྨོན་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་འདུས་མང་གིས་རང་ལུས་མེར་བསྲེག་གཏོང་མཁན་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་ཆེད་དུ་སྨོན་ལམ་འདུ་ཚོགས་ཆེན་པོ་ཞིག་བསྐངས་ཡོད་འདུག

གནས་ཚུལ་བཏང་འབྱོར་ལ། དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཀྱི་སྟེང་རྒྱ་གར་ལྷོ་ཕྱོགས་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང་། སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱིས་སེ་ར་ཐེག་ཆེན་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་དགེ་བསྐོས་རྣམས་གཉིས། དབུ་མཛད་རྣམ་གཉིས་གཙོས་པའི་བླ་སྤྲུལ་དགེ་བཤེས་དང་། དགེ་འདུན་པ་སྟོང་ཕྲག་གཉིས་ལྷག་གི་སྨོན་ལམ་འདུ་འཛོམས་གཞི་རྒྱ་ཆེ་བ་ཞིག་བསྐངས་ཏེ་ཐུགས་སྨོན་གང་ལེགས་གནང་ཡོད་འདུག

སྐབས་དེར་གསུངས་བཤད་གནང་མཁན་དང་པོ་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་གྱིས་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་གངས་ཅན་ལྗོངས་ཀྱི་བདེན་མཐའ་གསལ་ཆེད་གཅེས་པའི་རང་ལས་མེར་བསྲེག་ནས་རྐྱེན་འདས་སུ་སོང་བར་ང་ཚོ་ཚང་མས་ཁོང་གི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་འདུ་འཛོམས་འདི་གོ་སྒྲིག་བྱས་ཚུལ་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་ཆོད་སེམས་ལ་བསྔགས་བརྗོད་སོགས་ཀྱི་གཏམ་བཤད་གནང་རྗེས། སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་གིས་ཀྱང་། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་གི་ལུས་ལ་མེད་བསྒྲོན་པ་འདི་ནི། རྒྱ་གཞུང་ལ་ཚུལ་མཐུན་བསམ་ཚུལ་བཤད་ས་མེད་པས་ལམ་ཁ་འདི་འདེམས་པ་རེད་སོགས་ཀྱི་གསུངས་གནང་། དེ་རྗེས་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ཁོང་རྒྱུན་དུ་དམར་ཟས་རིགས་ཉུང་ཉུང་བྱེད་དགོས་ཚུལ་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་ཚུལ་གྱི་ལོ་རྒྱས་དང་འབྲེལ་བའི་གསུངས་བཤད་གནང་སོང་།

མཐར་དབུ་མཛད་ལགས་ཀྱིས་བྱང་ཆུང་སེམས་མཆོག་དབྱངས་རྟ་བཏང་བ་དང་དགེ་འདུན་མང་གིས་བྱང་ཆུབ་སེམས་མཆོག་དབྱངས་རྟ་གཏོང་བཞིན་སྨོན་ལམ་འདུ་ཚོགས་གྲོལ་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 13

  1. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    པར་འདི་སྤྱི་ལོ་༢༠༠༧ ལོ་དེ་རེད་འདུག གང་རེད།

    Reply
  2. གྲྭ་རྒོད says:
    ལོ་ 15 སྔོན།

    སེར་བྱེས་སེར་སྨད་གཉིས་མཉམ་འཛོམ་གྱི་རྒྱལ་སྤྱིའི་དཔའ་བོ་ཁོང་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་ལུས་ཤོར་བའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་བསྔོ་བ་སྨོན་ལམ་གསུང་རྒྱུ་ནི་གྲྭ་ས་ཁག་གི་ལས་འགན་རེད། འོས་འགན་བསྒྲུབ་པ་ཡག་པོ་བྱུང་། རྗེས་ཕྱོགས་ཡང་འདི་འདྲེས་སྐབས་ལ་གདུངས་སེམས་མཉམ་སྐྱེད་བྱ་རྒྱུ་རེ་བ་ཡོད།

    Reply
  3. ཐོས་པ་དགའ། says:
    ལོ་ 15 སྔོན།

    སེ་ར་ཐེག་པ་ཆེན་པོའི་གླིང་གི་ལས་སྣེ་དགེ་འདུན་ཡོངས་ལ་བཀའ་དྲིན་ཆེ། རྗེས་སུ་ཡིང་རིང་ཡོད།

    Reply
  4. ཚང་མ། says:
    ལོ་ 15 སྔོན།

    བོད་ནང་འདི་ལྟར་ལས་འགུལ་སྤེལ་ན་ང་ཚོའི་ཇི་ལྟར་བྱེད་དགོས་སམ།
    ང་ཚོའི་ཤ་ཁྲག་རུས་གསུམ་ཡང་གངས་རིའི་རྩེ་ནས་ཟགས་པ་མ་ཡིན་ནམ།

    Reply
  5. Athup says:
    ལོ་ 15 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ལུས་སྲོག་བློས་གཏོང་གནང་བ་རྣམས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་གྱུར་ཅིག།

    Reply
  6. བྱམས་རྒྱལ། says:
    ལོ་ 15 སྔོན།

    དངོས་གནས་གྲྭ་ས་དང་དགོན་པ་ཆེ་ཁ་ཚོས་གནས་ཚུལ་འདི་འདྲའི་སྐབས་བསྔོ་སྨོན་གྱི་སྐྱབས་འཇུག་གནང་བ་འདི་འདས་པོ་དང་ཤུལ་ལུས་ཚང་མ་ལ་ཕན་ངེས་རེད་། གནས་སྟངས་འདི་འདྲའི་སྐབས་མ་འོང་པ་ལའང་དེ་ལྟར་གནང་སྐྱོང་ཡོང་བ་མཁྱེན་

    Reply
  7. བསྟན་པ། says:
    ལོ་ 15 སྔོན།

    སེ་ར་ཐེག་པ་ཆེན་པོའི་གླིང་གི་ལས་སྣེ་དགེ་འདུན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  8. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    སེ་ར་ཐེག་པ་ཆེན་པོའི་གླིང་གི་ལས་སྣེ་དགེ་འདུན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ནམ་རྒྱུན་སྤྱི་པའི་དོན་དུ་ཐུགས་སྨོན་དང་སྨོན་ལམ་རྒྱ་ཆེན་པོ་ག་ཚོད་ཚོགས་ནའང་དྲ་རྒྱ་ཐོག་འགོད་རོགས། ལས་སྣེ་གཉིད་ཁུགས་ནས་བཞུགས་རོགས།

    Reply
  9. sangkye says:
    ལོ་ 15 སྔོན།

    ཐེག་ཆེན་དར་རྒྱས་གླིང་ལ་སྐྱབས་སུ་འཆིའོ། ང་ཚོ་གྲྭ་བ་ཚོའི་ལས་འགན་ནི་དཔའ་རྒོད་གྲྭ་ཚེ་དབང་ནོར་བུ་ལ་སྨོན་ལ%E

    Reply
  10. སྦྲང་ཆར། says:
    ལོ་ 15 སྔོན།

    ང་ཚོའི་ཚོགས་སྡེ་དང་ཆོས་སྡེ་དེ་ཚོའི་སེ་ར་ཐེག་ཆེན་གླིང་གི་རྗེས་རྙེགས་རོགས་ཞུ།
    རྒྱལ་དཔའ་བོ་ཁོང་ལ་སྨོ་སྨོན་དང་ཁོང་གི་ནང་མའི་གཙོའི་བའི་འབྲེལ་ཡོད་དེ་ཚོ་གདུངས་སེམས་མཉམ་སྐྱེད་བྱ་རྒྱུ་ང་ཚོའི་འོས་འགན་རེད།

    Reply
  11. བརྩོན་རྒྱམ། says:
    ལོ་ 15 སྔོན།

    སེ་ར་ཐེག་ཆེན་གླིང་གི་དགེ་འདུན་འདུས་མང་ཡོངས་ལ་ཕྱག་མཚལ་ཞིག་སྐྱབས་སུ་འཆིའོ། རྒྱལ་སྤྱིའི་དཔའ་བོ་ཁོང་བོད་གངས་ལྗོགས་ཆོས་ལྡན་གྱི་ཞིང་ཁམས་སུ་མྱུར་དུ་འཁྲུངས་བར་བྱིན་གྱི་རློབས།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ང་ཚོ་དགེ་འདུན་པའི་སྡེ་ལ་མཚོན་ན་བསྔོ་སྨོན་གསུང་རྒྱུ་དེ་ཧ་ཅང་གལ་ཆེན་དང་བོད་ནང་གི་ཤུལ་ལུས་ཕ་མ་ཉེ་འབྲེལ་གྱིས་གོ་ན་ཡང་དེ་ལས་ལྷག་ཅིག་ཡོད་པ་མ་རེད། དེའི་ཕྱིར་ཚོགས་སྡེ་ཁག་དང་དགོན་པ་མཉམ་རབ་ཀྱིས་ལས་འགུལ་ལམ་གདུང་སེམས་མཉམ་སྐྱེད་དུ་སེ་ར་ནས་འཚོགས་པ་བཟང་གི གྲོང་སྡེར་འཛོམ་རྒྱུ་ལས་སེ་ར་དགོན་ནས་འཚོགས་པ་གཟི་བརྗིད་ཅིག་རེད། ཆོས་ཆོས་སུ་སོང་བའི་བཟོ་ལྟ་འདུག

    Reply
  13. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མཆོད་མེ་འབུལ་མཁན་རྒྱལ་གཅེས་དཔལ་བོ་ཁོང་གི་ཆེད་འདུས་པ་རྒྱ་མཚོས་སྨོན་ལམ་རྒྱས་པ་ཞིག་ཚོགས་པར་དངོས་གནས་རྗེས་སུ་ཡི་རང་ཞུ། ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese