མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྦར་སིལ་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་གནང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp


དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་གསུམ་པའི་གྲོས་སྡུར་གཏན་འབེབ་བྱུང་བ་ལྟར།
  ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་སྐོ་བཞག་གནང་ཡོད་འདུག  

ཐག་གཅོད་དེ་ནི་བར་ལམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་བའི་རྗེས། ཉེ་སྔོན་༸གོང་ས་མཆོག་གི་འཆར་འབུལ་ཕྱག་རྟགས་འོག་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་གསར་སྐོ་ཕྱིར་བསྡུ་གནང་སྟེ།  ད་ལྟའི་བཅའ་ཁྲིམས་ཀྱི་གཏན་འབེབ་ལྟར་ཟླ་ ༨ ཚེས་ ༡ ཉིན་བཀའ་ཤག་ལྷན་ཁང་གིས་ཐད་ཀར་བསྐོ་འཇོག་བྱས་པའི་སྐུ་ཚབ་དོན་གཅོད་ཐོག་མ་དེ་ཆགས་ཡོད་པ་རེད།

ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཀྱིས་མཚོན་པའི་རྒྱལ་ཁབ་གཞན་ནང་ལས་བྱེད་བསྐོ་བཞག་སྐབས། རྒྱ་གར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཕེབས་མཁན་དག་ལ་ཕྱི་སྐྱོད་ཐོངས་མཆན་དང་།  ཕེབས་ཡུལ་རྒྱལ་ཁབ་ནང་ཕྱག་ལས་གནང་ཆོག་པའི་ཡིག་ཆ་ཁག་ཅིག་བཟོ་དགོས་པ་མ་ཟད། རྒྱལ་ཁབ་ཁ་ཤས་ནང་འབྲེལ་ཡོད་ཡིག་ཆ་དེ་དག་བཟོ་རྒྱུར་ཟླ་བཞི་ལྔ་ལྷག་གི་དུས་ཡུན་འགོར་གྱི་ཡོད་སྟབས། ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་ག་དུས་མགོ་འཛུགས་བྱ་མིན་དུས་ཚོད་གཏན་འཁེལ་མེད་པར་ད་ཆར་འབྲེལ་ཡོད་ཡིག་ཆ་ཁག་བཟོ་བཞིན་ཡོད་འདུག  

བཙན་བྱོལ་བོད་མའི་བཅའ་ཁྲིམས་ལ་འགྱུར་བ་ཐེབས་རྗེས་ཀྱི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་བསྐོ་བཞག་གནང་སྟངས་སྐོར་ལ། དབུས་བོད་མིའི་སྒྲིག་འཛུགས་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ལ་བཀའ་དྲི་ཞུས་པར།  ཁོང་གིས“ ད་ལྟ་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ས་མིག་སྟོང་བ་ཆགས་ཡོང་དུས། མི་འགྲོ་སུ་འོས་མིན་ཐད་བཀའ་ཤག་ནང་བཀའ་སྡུར་གནང་སྟེ་ཐག་གཅོད་གནང་ཚར་བ་རེད། ཐག་གཅོད་གནང་སྟངས་ཐད་འགྱུར་བ་ག་རེ་ཕྱིན་ཡོད་པ་རེད་ཟེར་ན། སྔོན་མ་འཆར་གཞི་འཆར་འབུལ་ཡར་འགྲོ་དགོས་ཀྱི་ཡོད་པ་རེད། ད་ལྟ་འཆར་གཞི་ཕྱག་རྟགས་ཀྱི་དགོངས་དོན་ལྟར་འགྲོ་མ་དགོས་པར། བཀའ་ཤག་ནང་བཀའ་བློན་ཁྲི་པ་དབུ་བཞུགས་ཐོག་བཀའ་སྡུར་གནང་སྟེ། མི་འགྲོ་སུ་ཞིག་འོས་པ་དེ་བཀའ་ཤག་ནས་ཐད་ཀར་སྐོ་བཞག་གནང་དགོས་པ་ཆགས་ཡོད” ཅེས་གསུངས་བྱུང་།

ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ད་ལྟའི་ཆར་སྦར་སིལ་སྐུ་ཚབ་དོན་གཅོད་གྱི་ལས་འཆར་མགོ་འཛུགས་ཐད་དམིགས་བསལ་ཞུ་རྒྱུ་མེད། ཕེབས་ཡུལ་རྒྱལ་ཁབ་ནས་ཞུ་དགོས་པའི་ཆོག་མཆན་ཡིག་ཆ་རྣམས་བཟོ་བཞིན་ཡོད། “ཅེས་གསུངས་སོང་། ཐེངས་འདིའི་ཁོང་གི་ལས་སྤོར་དང་འབྲེལ་ལས་པའི་ལོ་མང་རིང་གཞུང་དམངས་ལ་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་ཁྲོད། བོད་མིའི་གཞིས་ཆགས་ཁག་ནང་དཀའ་ངལ་ཆེ་ཤོས་གང་ཞིག་ཆགས་ཡོད་མེད་དྲིས་པར། ཁོང་གིས “དེང་སྐབས་གཞིས་ཆགས་ཁག་ནང་བསྡད་དེ་སོ་ནམ་བྱེད་མཁན་རྣམས་ནི་འཇོན་ཐང་མེད་མཁན་དང་རྗེས་ལུས་ཐེབས་མཁན་ཞིག་ཏུ་རྩི་བཞིན་འདུག  གཞི་རྩའི་བསམ་བློ་གཏོང་སྟངས་དེ་མ་འགྲིག་པའི་རྐྱེན་གྱིས་ཞིང་ཁ་འདེབས་མཁན་ཇེ་ཉུང་དུ་འགྲོ་བཞིན་པར་མ་ཟད།  གཞོན་སྐྱེས་ཚང་མ་གཞིས་ཆགས་ནང་བསྡད་འདོད་མེད་པའི་གནས་སྟངས་ཆགས་པ་རེད། གལ་སྲིད་རྒྱ་གར་གཞུང་གིས་སྤྲད་པའི་གཞིས་ཆགས་ཁག་གི་ས་ཆ་རྩ་ཆེན་པོ་དེ་དག་བེད་སྤྱོད་ལེགས་པོ་བྱ་མ་ཐུབ་པ་ཡིན་ན། མ་འོངས་པར་གཞིས་ཆགས་བཙུགས་པའི་ངོ་བོ་དེ་བརླག་རྒྱུའི་ཉེན་ཁ་འདུག  གཞིས་ཆགས་ཁག་ནང་ལག་ཤེས་དང་སོན་འབྲི་ལས་སྣོད་ཀྱི་རིགས་སོགས་ཡོང་འབབ་ཅན་གྱི་ལས་གཞི་སྣ་ཚོགས་གསར་འཛུགས་གནང་སྟེ། ན་གཞོན་ཚོར་ལས་ཀ་རག་ཐབས་དང་མང་ཚོགས་རྣམས་གཞིས་ཆགས་ཁག་ནང་སྲ་བརྟན་དུ་གནས་ཐུབ་རྒྱུར་མུ་མཐུད་འབད་རྩོན་གནང་དགོས་ཀྱི་འདུག ” ཅེས་གསུངས་སོང་།  

ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ནི། སྟོད་མངའ་རིས་རི་ཐོག་ཏུ་སྐྱེས་ཤིང་། ལོ་ ༢ ལ་སོན་དུས་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པར་བརྟེན། རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ལ་དྭགས་ཁུལ་དུ་གཞིས་ཆགས་ཤིང་། དེ་གར་འཛིན་གྲྭ་བཅུ་བ་ཐོན་རྗེས་ཀཱ་ཤི་མཱིར་མངའ་སྡེ་ནང་རླངས་འཁོར་སྒྲིག་སྦྱོར་ལག་ཤེས་དང་དྲུང་ཡིག་གི་སློབ་སྦྱོང་གནང་ཡོད། ༡༩༨༢ ལོར་ཡིག་རྒྱུགས་ལྟར་གཞུང་ཞབས་ཀྱི་ཕྱག་ལས་གནང་མགོ་བརྩམས་ཏེ། ལ་དྭགས་དང་རྡེ་ར་རྡུན། མོན་གྷོ་ཌི། དེ་བཞིན་བྷང་ལོར་ལྷོ་གཞིས་ཁག་ལྔའི་སྤྱི་ཁྱབ་བཅས་ཕྱག་ལས་རིམ་པར་གནང་ཡོད།  ༢༠༠༢ ལོ་ཟུང་དྲུང་ལས་གནས་ཐོག་ནང་སྲིད་ལས་ཁུངས་ནང་སོ་ནམ་སྡེ་ཚན་གྱི་འགན་འཛིན་དང་། ༢༠༠༦ ལོར་དྲུང་འཕར་ལ་གནས་སྤར་གྱིས་མཉམ་འབྲེལ་ཚན་པ་དང་སོ་ནམ་ཚན་པའི་འགན་བཞེས་ཡོད་ཅིང་། ༢༠༠༧ ལོ་ནས་ད་ལྟའི་བར་ནང་སྲིད་དྲུང་ཆེ་ཡི་ཕྱག་ལས་གནང་ཡོད།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

སྐར་མ ༤ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

སྐར་མ ༥༤ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 8

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ད་ཁོང་དང་འབྲེལ་བ་ཆགས་ཡོད་པའི་བོད་མི་ཚོས་ཁོང་ལ་བདེ་སྡུག་ཞུས། རེ་བ་རྒྱོབ། རོགས་འདེགས་བྱོས། དེ་རྗེས་ནས་རིམ་པས་དགེ་སྐྱོན་ཅི་མཐོང་ཤོད།

    Reply
  2. ངག་དབང་རབ་རྒྱས། says:
    ལོ་ 12 སྔོན།

    མི་འགྱུར་རྡོ་རྗེ་ནི་བཀའ་དྲུང་ཡིན་ལ་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ཡིན།
    ཁོང་བྷ་སེལ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་པར་འཚམས་འདྲི་ཞུ།་མ་འོངས་སྐུ་ཚབ་དོན་གཅོད་དེ་རིགསབསྐོ་བཞག་སྐབས་དང་པོ་ཡུལ་དེའི་སྐད་དང་ལྷག་པར་དབྱིན་ཡིག་ལ་བྱང་ཆ་ཡོད་པ་གང་ཞིག་ལ་ཕྱི་འབྲེལ་ལ་ཉམས་མྱོང་ཡོད་པ་དགོས་ཀྱི་འདུག་གཞན་ལས་ཁུངས་སྲུང་མཁན་འདྲ་པོ་གཏོང་ནས་ལས་ཡུལ་དངོས་ལ་ཕན་ཐོག་ག་ཚོད་ཡོད་མེད་ཐུགས་སྣང་དང་གཟིགས་ཞིབ་དགོས་ངེས་རེད་ལ་དེ་ནི་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ཀའི་ཁེ་ཕན་དང་འབྲེལ་བ་དམ་གཟབ་ཡོད་པ་ཡིན།་སྐུ་ངོ་དངོས་གྲུབ་རྡོ་རྗེ་ནི་ནང་སྲིད་དྲུང་ཆེ་རང་ལ་འོ་འཚམས་ཆེ་ཤོས་རེད།

    Reply
  3. ཕུན་ཡུལ། says:
    ལོ་ 12 སྔོན།

    སྐུ་ཚབ་དོན་གཅོད་ལ་མཚམས་འདྲི་ཡོད།

    Reply
  4. བོད་པ་ says:
    ལོ་ 12 སྔོན།

    མི་འཇོན་ཁོ་ཐགས་རེད། ནང་སྲིད་དང་ཕྱི་འབྲེལ་གཉིས་ནི་སྤེད་དེ་ཁ་ཁ་རེད། ༡ ཁོ་ལ་ཕྱི་འབྲེལ་ཉམས་མྱོང་མེད།
    ༢ ཡུ་རིབ་དུ་རྒྱལ་ཁབ་མང་པོ་ཡོད་པས་སྐད་རིགས་མང་པོ་ཤེས་དགོས་པས་་་ཁོས་་དབྱིན་སྐད་འཁྱར་འཁྱོར་རེ་དང་རྒྱ་གར་སྐད་འཁྱར་ཁྱོར་རེ་ལས་མི་ཤེས་པས།
    བོད་མིའི་སྒྲིག་འཛུགས་གི་དམིགས་ཡུལ་ངོ་མ་ནི་བོད་ནང་བཙོང་ནས་ཕྱི་རྒྱལ་ཁག་ལ་གཞིས་སྤོར་བྱེད་རྒྱུ་དང་སྤྱིན་བདག་བཙལ་ཏེ་་ཁོ་ཚོའི་འཚོ་བ་དོན་དུ་གཉེར་རྒྱུ་ཁོ་ན་རེད་ཟེར་བ་བདེན་པ་ཡིན་པ་འདྲ།
    དོན་གཅོད་འདི་ཡང་རྒྱན་བརྒྱབས་ནས་འོས་ཐོབ་པ་འདྲ་བོ་ཞིག་འདུག ལོ་ཤས་རྗེས་སུ་ཁོ་དེ་ནས་གཞིས་ཆགས་གི་རེད། དེ་ནས་ཡང་དོན་གཅོད་གཞན་ཞིག་གཏོང་གི་རེད། དེ་འདྲ་བེ་བཟའ་ཐོབ་ཐུབ་ལས་སླ་བོ་ཞིག་་་་་་

    Reply
  5. སྒྲོལ་མ་མེ་ཏོག says:
    ལོ་ 12 སྔོན།

    ནང་སྲིད་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་ནི། སྟོད་མངའ་རིས་རི་ཐོག་ཏུ་སྐྱེས་ཤིང་། ཟེར་བ་འདི་ཕལ་ཆེར་ནོར་བ་འདྲ། དངོས་གྲུབ་རྡོ་རྗེ་ཡིན་ས་རེད་གོ

    Reply
  6. གཞིས་ཆགས་བུ། says:
    ལོ་ 12 སྔོན།

    ངས་བསམ་པར་ཁོང་རང་ལས་གནས་དེར་མི་འཇོན་ཐག་གཅོད་རེད། གང་ལ་ཞེ་ན་ཁོང་རང་ནང་སྲིད་དྲུང་ཆེ་གནང་བའི་སྐབས་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གཞིས་ཆགས་ཀྱི་གནས་སྡོད་བོད་མི་རྣམས་ཀྱི་འཚོ་བའི་ཐོག་ཐུགས་འཁུར་ཅིག་ཀྱང་གནང་མི་འདུག་ལ། ལྷག་པར་༸གོང་ས་མཆོག་ཆིབས་བསྒྱུར་གྱི་སྐབས་སུ་གཞིས་ཆགས་ཀྱི་ལས་སྡོམས་ཀློག་སྐབས། བྱེད་པའི་བྱེད་རབས་མང་དག་ཤིག་ཤོད་ནས། ༸རྒྱལ་བའི་སྐུ་མདུན་དུ་སྐྱག་རྫུན་རྐྱང་རྐྱང་ཤོད། གཞིས་ཆགས་ཀྱི་མི་མངས་རྣམས་ཀྱི་དཀའ་ངལ་རྣམས་རྣ་བའི་ཟུར་གཅིག་ནས་ཉོན་ནས་ཟུར་གཅིག་ནས་གཏོང་། ད་དུང་མི་མངས་རྣམས་ལ་འདི་འདྲ་དང་དེ་འདྲ་ཞེས་པའི་ལས་གཞི་བྱ་འཆར་ཡོད་ལུགས་སོགས་རྫུན་མང་དག་ཤིག་ཤོད་འདུག དེ་ལྟར་ལ་གཞིགས་ན་ལས་གནས་དེའི་ཐོག་མི་འཇོན་པར་གསལ་པོ་རེད།

    གང་ལྟར་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐག་གཅོད་བྱེད་པ་ཞིག་ཡིན་དུས། གང་ཡང་བྱ་རྒྱུ་མེད། ཡིན་ནའང་སྲིད་སྐྱོང་བ་བློ་བཟང་སེང་གེ་ལ་དེའི་སྐོར་སྙན་སེང་ཞིག་ཞུ་རྒྱུའི་ཐབས་ཤེས་བྱ་ཡི་ཡིན།

    Reply
  7. གསལ་ལེ་རྒྱལ། says:
    ལོ་ 12 སྔོན།

    ༼ཉེ་སྔོན་༸གོང་ས་མཆོག་གི་འཆར་འབུལ་ཕྱག་རྟགས་འོག་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་གསར་སྐོ་ཕྱིར་བསྡུ་གནང་སྟེ།༽

    ཞེས་ན་ཅི་རེད། གནད་དོན་འདི་ཡང་༧གོང་ས་མཆོག་གི་ཐོག་ལ་གཡུག་གིན་ཡོད་བ་རེད་དམ།

    Reply
  8. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སྦར་སིལ་གྱི་སྐུ་ཚབ་དོན་གཅོད་གསར་དུ་བསྐོ་བཞག་གནང་བ་ལ་མཚམས་འདྲི་ཡོད། ཁྱེད་ཀྱི་མ་འོངས་ཕྱག་ལས་ཁག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད། ཁོ་བོས་བལྟས་ན་ཁྱེད་ཀྱི་ཕྱག་ལས་ངོ་མ་ནི་ཡུ་རོབ་ནང་སྡོད་ཀྱི་བོད་རིགས་ཀྱི་དཀའ་ངལ་དེ་སེལ་ཐབས་གནང་དགོས་པ་ཞིག་ཡིན་པས་དཀའ་ངལ་དངོས་ཡོད་དེ་དག་མཁྱེན་དགོས་པ་གལ་ཤིན་ཏུ་ཆེ། དཔེར་ན། བོད་རིགས་རྣམས་ཡུལ་དེའི་མི་སེར་གྱི་སྤ་སེ་རག་རྒྱུར་དྲི་བ་ལ་གདོང་ལེན་མང་དག་གཅིག་བྱེད་དགོས་པ་མ་ཟད། འགའ་ཤས་ནི་དེའི་རྐྱེན་གྱིས་སེམས་ཁམས་མི་བདེ་བ་འགྱུར་མཁན་མང་དག་གཅིག་ཡོད། དེའི་རྐྱེན་རྩ་ག་བ་ལ་ཐུག་འདུག བརྒྱུད་ལམ་གཞན་ཞིག་གི་ཐོག་ནས་སྤ་སེ་རག་ཐབས་ལས་སླ་རུ་གཏོང་ཐབས་ཨེ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist