མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྱིས་པ་ཚོར་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་སྦེལ་ཇམ་གྱི་བོད་རིགས་བྱིས་པ་ཁག་ཅིག་ལ་བོད་པའི་ཡུལ་སྲོལ་གཤིས་ལུགས་ཀྱི་ཟབ་སྦྱོང་ཞིག་སྦར་སིལ་དུ་ཚོགས་ཡོད་འདུག

གནས་ཚུལ་བཏང་འབྱོར་ལ། སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་གཙོ་གཉེར་གནང་བའི་སྐབས་གཉིས་པའི་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་དེ་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༡ བར་སྦེལ་ཇམ་རྒྱལ་ས་སྦར་སིལ་ཁུལ་དུ་ཡོད་པའི་རྫ་དཔལ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་སུ་ཚོགས་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་ནང་ལོ་ན་ཆུང་ཤོས་ལོ་ ༤ ནས་ཆེ་ཤོས་ ༡༤ བར་གྱི་བྱིས་པ་ ༡༦ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། སློབ་ཚན་གཙོ་བོ་ཁག་ནི། བོད་ཀྱི་རང་བྱུང་ཁོར་ཡུག་དང་ནང་ཆོས། བོད་ཀྱི་དམངས་གཙོའི་འཕེལ་རིམ་དང་། རི་མོ་སོགས་གོ་བདེའི་ལམ་ནས་སློབ་ཁྲིད་གནང་ཡོད་པ་རེད།

 

ཟབ་སྦྱོང་གོ་སྒྲིག་པས་སློབ་མའི་ཁྱིམ་བདག་ཚོར་བསམ་འཆར་འདྲིས་པའི་ལན་དུ། “ ཕྲུ་གུ་ཚོར་འདི་ལྟར་ཟབ་སྦྱོང་སྤེལ་བ་དེར་ཕན་ཐོགས་ཆེན་པོ་འདུག སྔ་ལོ་ང་རང་གི་བུ་མོ་ཟབ་སྦྱོང་ལ་ཕྱིན་ནས་ནང་དུ་ལོག་ཡོང་སྐབས། བོད་ནང་ཆབ་སྲིད་བཙོན་པ་ཚོས་སྡུག་པོ་ཇི་ལྟར་མྱོང་གི་ཡོད་པ་སོགས་ཤེས་བྱ་མང་པོ་ཞིག་ཤོད་རྒྱུ་འདུག ད་དུང་བོད་ཕྲུག་ཕན་ཚུན་ངོ་ཤེས་ནས་གློག་འཕྲིན་དང་། ཁ་པར་བརྒྱུད་འབྲེལ་ལམ་ཡང་ཡག་པོ་ཡོང་གི་འདུག ” ཅེས་བརྗོད་ཡོད་འདུག

ཡང་སློབ་མ་བསྟན་འཛིན་འགྱུར་མེད་ཞུ་བ་ཞིག་གིས་གསུངས་དོན། “ བོད་ཕྲུག་དང་ཕྱི་གླིང་པའི་སློབ་མ་ཕན་ཚུན་བསྡུར་ན་གནམ་དང་ས་ཡི་ཁྱད་པར་འདུག ཕྱི་གླིང་པའི་ཕྲུ་གུ་ཚོར་སྐད་ཆ་ཤོད་སྐབས་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག འོན་ཀྱང་བོད་ཕྲུག་ཕན་ཚུན་སྐད་ཆ་ཤོད་སྐབས་ལྟ་བ་མཐུན་ལ། བོད་སྐད་རྒྱག་རྒྱུ་ལ་ཡང་ཡར་རྒྱས་འགྲོ་ཡི་འདུག ” ཅེས་བརྗོད་ཡོད་འདུག

 

ཟབ་སྦྱོང་མཇུག་བསྒྲིལ་རྗེས་སློབ་མ་ཚོར་ཟབ་སྦྱོང་གི་ཕྱག་ཁྱེར་ཞིག་ཀྱང་བསྩལ་ཡོད་པ་མ་ཟད། མ་འོངས་པར་ཡང་ལས་གཞི་འདི་རྒྱུན་སྐྱོང་བྱས་ཏེ། བོད་ཕྲུག་གང་མང་མཉམ་ཞུགས་ཡོང་བའི་རེ་བ་རྒྱག་བཞིན་ཡོད་འདུག

སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་ ༣ དུ་སློབ་མ་གྲངས་ ༤༠ ལྷག་ཙམ་ལ་རེས་གཟའ་སྤེན་དང་ཉི་མ་ནམ་ཡིན་བོད་ཀྱི་སྐད་ཡིག་འབྲི་ཀློག་དང་། ནང་ཆོས། ཡ་རབ་བཟང་སྤྱོད་སོགས་ངོ་སྤྲོད་བྱེད་བཞིན་ཡོད་འདུག  

ཐེངས་འདིའི་ཟབ་སྦྱོང་རིང་ཁང་པ་དང་ཐབ་ཆས་སོགས་ཆོས་ཚོགས་ནས་རིན་མེད་ཐོག་མཐུན་འགྱུར་གནང་ཡོད་པ་དང་། སྤྱི་སྤྱོད་རླངས་འཁོར་དང་སློབ་མ་ཚོའི་ཞལ་ལག་སོགས་ཀྱི་འགྲོ་གྲོན་ནི་ཚོགས་པ་ཁག་གི་ཞལ་འདེབས་དང་སློབ་མའི་ཁྱིམ་བདག མི་སྒེར་པ་ཁག་གཅིག་བཅས་ཀྱིས་ཕུལ་ཡོད་འདུག

 

སྦེལ་ཇམ་ནས་ལྷག་པ་ཚེ་རིང་གིས་གནས་ཚུལ་བཏང་འབྱོར་བྱུང་།

 

མཆན། 3

  1. གངས་ཕྲུག་ says:
    ལོ་ 11 སྔོན།

    སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ལ་ཐུགས་རྗེ་ཆེ་ཞུ་།། མ་འོང་པ་ལ་འདི་དང་འདི་ནང་བཞིན་མུ་མཐུད་ནས་འཛིན་སྐྱོང་གནང་མཁྱེེན་།

    Reply
  2. བསེ་རུ། says:
    ལོ་ 11 སྔོན།

    ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོས་ནང་ཕན་ཚུན་མཐུན་ལམ་གོང་བུ་གཅིག་སྒྲིལ་ངང་ལས་དོན་ཆེ་ཕྲ་ཆུང་གསུམ་གྱི་ཐོག་ནུས་པ་མཉམ་དཔུང་ཐུབ་ན། འབྱུང་འགྱུར་གྱི་བོད་སྤྱི་མཐུན་གྱི་སྤྱི་ཚོགས་ཁྱོན་ཡོངས་ཚགས་ཚུད་དང་། གཏན་གནས། ཡར་རྒྱས་ཡོང་བར་ཐེ་ཚོམ་མི་དགོས་སྟབས། དེ་དོན་ས་ཕྱོགས་གང་སར་ཡོད་པའི་བོད་མི་རིགས་ཚོས་ཁུར་བསམ་རྣམ་དག་ངང་འབད་བརྩོན་གནང་གལ་ཆེ།

    ལྷག་པར་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་སྟེ་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་མཐུན་རྐྱེན་ཅི་ཐུབ་སྦྱར་ཆེད། རང་ཁ་རང་གསོ། རང་མིས་རང་སྐྱོང་གི་ལས་གཞི་གང་མང་སྤེལ་གལ་ཆེ། འདི་ནི་ད་དུང་སྤྱི་ཚོགས་ནང་ལྷག་ཡོད་པའི་དཀའ་ངལ་ཆེན་པོ་ཞིག་ཡིན། །

    Reply
  3. འདྲེ་མགོ་རྡོ། says:
    ལོ་ 11 སྔོན།

    སྦེལ་ཇམ་བོད་རིགས་ཚོགས་པ་ཡར་ཐོན་ཅན་གྱི་ཚོགས་པ་ཞིག་རེད། འདི་ལ་མིག་དཔེ་བཟུང་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འགྲོ་རྒྱུ་གལ་ཆེན་རེད། ལས་འགུལ་རྩོམ་མཁན་རྣམས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist