མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་གྱི་ཉིན་བདུན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་བ་ཨ་ནཱ་ཧ་ཛ་རེ་ལགས་ཀྱིས་ལྡི་ལི་གསར་པའི་རམ་ལེ་ལཱ་ཐང་ཆེན་དུ་ལྐོག་ཟ་རུལ་སུངས་ལ་ཟས་བཅད་ངོ་རྒོལ་གྱི་ཉིན་ ༧ པ་ཆགས་ཡོད།

ཁ་སང་ཨ་ནཱ་ཧ་ཛ་རེ་ལགས་ཀྱིས་གཏམ་བཤད་ཅིག་གནང་བའི་ནང་། རྒྱ་གར་གཞུང་གིས་ལྐོག་ཟ་རུལ་སུངས་སྔོན་འགོག་གི་ཁྲིམས་གཞི་བསྐྱར་ཏུ་གཏན་འབེབས་ཀྱིས་དམིགས་བསལ་དབང་ཆ་ཡོད་པའི་ཚོགས་ཆུང་གསར་པ་ཞིག་འཛུགས་དགོས་པ་དང་། ཚོགས་ཆུང་དེས་རྒྱལ་ཁབ་ཀྱི་ཁྲིམས་ཁང་དང་། སྲིད་བློན་ལས་ཁུངས་ལའང་ཞིབ་འཇུག་གི་འགན་དབང་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་སྲིད་བློན་མན་མོ་ཧན་སིན་མཆོག་གིས། ཨ་ནཱ་ཧ་ཛ་རེ་ཡིས་ཟིན་བྲིས་ལྟར་གཞུང་གིས་ལཱོཀ་པལ་ཁྲིམས་གཞིར་(Lokpal Bill) བགྲོ་གླེང་བྱེད་མགོ་བརྩམས་ཡོད་ཀྱང་། ཁྲིམས་གཞི་འདི་གཅིག་པུས་ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་གཙང་སེལ་བྱ་རྒྱུ་ཁག་པོ་ཡིན་སྟབས། གཞུང་གི་མཛད་རིམ་ཁག་ཚང་མར་བསྐྱར་ཞིབ་བྱ་དགོས་པ་ཞིག་ཆགས་ཡོད་ཚུལ་བརྗོད་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ནང་གི་ཁྲིམས་ཞིབ་བྱ་ཕྱོགས་ལའང་བསྐྱར་བཅོས་དགོས་སྐོར་བརྗོད་ཡོད་པ་རེད།

གཟའ་ཉི་མའི་ཉིན་ཨ་ནཱ་ཧ་ཛ་རེ་ལགས་ཀྱིས་འབོད་སྐུལ་ཞུས་པ་ལྟར། ཁོང་གི་རྒྱབ་སྐྱོར་བ་ཚོ་བློན་ཆེན་དག་གི་སྡོད་གནས་སུ་ཕྱིན་ཏེ། ཨ་ནཱ་ཧ་ཛ་རེ་ལགས་ཀྱི་དགོས་འདུན་ལག་བསྟར་བྱ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ། དེ་བཞིན་ཨིན་ཌི་ཡ་གྷེ་ཊི་(India Gate) དང་རམ་ལེ་ལཱ་ཐང་ཆེན་སོགས་སུ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ། ཨ་ནཱ་ཧ་ཛ་རེ་ལགས་ལ་རྒྱབ་སྐྱོར་ཡོད་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་མ་ཟད། རྒྱ་གར་གཞུང་དང་གྲོས་ཚོགས་ཀྱིས་ཉེ་ཆར་ཐག་གཅོད་བྱས་པའི་གྲོས་གཞི་དེ་འགྲིག་གི་མེད་པའི་སྐྱོན་བརྗོད་བྱས་ཡོད་འདུག

ཉེ་ཆར་རྒྱ་གར་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་དེ་ཨ་ནཱ་ཧ་ཛ་རེ་དང་ཆོས་དཔོན་རམ་ཌེ་ཝ་གཉིས་གཙོས་རྒྱ་གར་ཡུལ་མི་ཁྲི་ཕྲག་མང་པོས་རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་། དེ་ལ་ཁྲིམས་ལུགས་གཏན་འབེབ་བྱ་རྒྱུར་དགོས་འདུན་གྱི་ཟིན་བྲིས་ཤིག་ཕུལ་ཡོད་པར། གཞུང་གིས་ཁས་ལེན་བྱས་པ་ལྟར་བཟོས་པ་ཞིག་ཆགས་ཡོད་ཀྱང་། ཁྲིམས་གཞི་གཏན་འབེབས་དེར་གོང་གི་ཟིན་བྲིས་བཞིན་བྱུང་མེད་པ་དང་། སྲིད་བློན་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་སོགས་གནད་ཡོད་དཔོན་རིགས་ཁག་ཅིག་ལ་དོགས་གཞི་བྱུང་ཚེ་ཁྲིམས་བཤེར་བྱ་ཆོག་པའི་རིགས་ཁ་གསལ་བཟོས་མེད་སྟབས།  གལ་ཏེ་མི་སྣ་དེ་དག་གིས་ལྐོག་ཟ་རུལ་སུངས་བྱས་པ་ཡིན་ན། གསར་དུ་བཟོས་པའི་ཁྲིམས་གཞི་དེས་ནུས་པ་འདོན་ཐུབ་ཀྱི་མེད་སྟབས། ཟླ་འདིའི་ཕྱི་ ༡༦ ཉིན་བསྐྱར་དུ་ཨ་ནཱ་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་པ་ཚོས་གཏན་འབེབས་ཟིན་པའི་ཁྲིམས་གཞི་དེར་བཅོས་སྒྱུར་བྱ་དགོས་ཞེས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ཡོད།

ཕྱི་ཚེས་ ༡༦ ཉིན་གྱི་ཟས་བཅད་ངོ་རྒོལ་མགོ་འཛུགས་སྐབས་གྲོང་ཁྱེར་ཉེན་རྟོག་པས་ཁོང་ཚོ་འཛིན་བཟུང་གིས་ཊེ་ཧར་བཙན་ཁང་(Tihar Jail) དུ་བཀག་ཉར་བྱས་ཡོད་ཀྱང་། མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་བྱས་མཐར་ཀློད་གྲོལ་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། ཨ་ནཱ་ཧ་ཛ་རེ་ཡིས་ཁོང་ཚོར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཟས་བཅད་ངོ་རྒོལ་བྱེད་དུ་མ་བཅུག་ཚེ་བཙོན་ཁང་ནས་ཕྱིར་ཐོན་རྒྱུ་མིན་ཞེས་བརྗོད་མུ་མཐུད་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་བཙོན་ཁང་ནས་ཕྱེར་ཐོན་རྗེས་ལྡི་ལི་གསར་པའི་རམ་ལེ་ལཱ་ཐང་ཆེན་(Ramlila ground) དུ་བསྡད་དེ་དུས་ཚོད་ངེས་མེད་དུ་ཟས་བཅད་ངོ་རྒོལ་བྱེད་མགོ་བརྩམས་ཡོད།

སྤྱི་ཚོགས་ཞབས་ཞུ་བ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་བ་ཨ་ནཱ་ཧ་ཛ་ལགས་ནི་ད་ཆར་དགོངས་ལོ་ ༧༤ ཡིན་པ་དང་། ཐེངས་འདིའི་ཟས་བཅད་ངོ་རྒོལ་རིང་ཁོང་གི་ལྗིད་ཚད་སྤྱི་རྒྱ་ ༥ ཙམ་མར་ཆག་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese