མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་པ་ནི་ཞི་བདེ་དང་རྙོག་དྲ་བཟོ་མཁན་གཉིས་ཀ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༩ ནས་ཡུ་རོབ་རྒྱལ་ཁབ་ཁག་ལྔའི་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། གཟའ་ཉི་མ་ནས་འཇར་མན་དང་ཧྥིན་ལན་ཌའི་ནང་ཆིབས་སྒྱུར་གྱིས་རྒྱལ་སྤྱིའི་མཁས་པའི་ལྷན་ཚོགས་སྟེང་མཉམ་ཞུགས་གནང་ཡོད།  

ཉིན་འདི་འགར་༧གོང་ས་མཆོག་གིས་ཡུ་རོབ་སུད་སི་དང་ཧྥ་རན་སི། ཨོ་སི་ཊའོ་ནེ་ཡ། ཧྥིན་ལན་ཌི། འཇར་མན་རྒྱལ་ཁབ་ཁག་ལྔའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གི་ཡོད་པ་དང་། འཇར་མན་ཧམ་བྷག་ (Hamburg) གཙུག་ལག་སློབ་གྲྭ་དང་འཇར་མན་བོད་རིགས་ཚོགས་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་༧གོང་ས་མཆོག་གྲོང་ཁྱེར་ཧམ་བྷག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཡུལ་དེའི་བརྒྱུད་ལམ་འདྲ་མིན་གྱི་གསར་འགོད་པ་ཚོར་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་སྐོར་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། སྐབས་དེར། ཉེ་ཆར་བོད་ནང་དུ་འདས་གྲོངས་སུ་ཕྱིན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་གནས་སྟངས་ཐོག་ཐུགས་ཕམ་ཚད་བྱུང་ཡོད་སྐོར་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་འཚེ་མེད་ཞི་བའི་བྱ་སྤྱོད་ལ་ཡི་རངས་བསྔགས་བརྗོད་གནང་འདུག

 

ཉིན་དེར་༧གོང་ས་མཆོག་འཇར་མན་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་མཁས་པའི་ལྷན་ཚོགས་ཞིག་གི་སྟེང་ཆིབས་བསྒྱུར་བསྐྱངས་ཏེ། དྲན་པ་ཉེར་བཞག་ཐོག་བློ་སྦྱངས་སྟངས་སྐོར་བཀའ་བསྡུར་ལྷུག་པོར་གནང་ཡོད་འདུག་ལ། ལྷན་ཚོགས་དེར་འཛམ་གླིང་གྲགས་ཅན་སྨན་པ་དང་སེམས་ཁམས་རིག་པ། ཆེད་ལས་མཁས་པ་སོགས་མི་ ༣༠ ལྷག་ཕེབས་ཡོད། སྐབས་དེར་༧གོང་ས་མཆོག་གིས་ “  ང་ཚོས་དྲན་ཤེས་ཞེས་བརྗོད་སྐབས་ནང་ཆོས་ལས་གསུངས་པའི་ཉམས་ལེན་བྱེ་བྲག་པ་ཞིག་མིན་པར། དེ་ནི་ང་ཚོའི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་དོན་ཚང་མའི་ཐོག་བེད་སྤྱོད་བྱེད་ཀྱིན་ཡོད། སེམས་ཀྱི་རྣམ་གཞག་ཅེས་བརྗོད་སྐབས་མིག་གིས་དངོས་སུ་མཐོང་རྒྱུ་མེད་ནའང་། མི་སྒེར་དང་ནང་མི། སྤྱི་ཚོགས་བཅས་ཀྱི་བདེ་སྡུག་ལ་ཕན་གནོད་ཀྱི་འབྲེལ་བ་ཧ་ཅང་དམ་པོ་ཡོད། སེམས་ནི་ང་ཚོར་ཞི་བདེ་དང་རྙོག་དྲ་བཟོ་མཁན་གཉིས་ཀ་ཆགས་ཡོད། ཡུལ་ལ་དཔྱད་པ་གཏོང་སྐབས་སེམས་མ་འཁྲུག་པར་ཞི་བར་གནས་དགོས་ཀྱི་ཡོད། དྲན་ཤེས་བསྟེན་སྐབས་ཆུ་ཚོད་ ༢༤ རིང་བློ་ལ་སྟངས་འཛིན་དགོས་པ་མ་ཟད། རྨི་ལམ་དུའང་སེམས་ལ་དྲན་ཤེས་བག་ཡོད་བསྟེན་དགོས་པ་རེད། དྲན་ཤེས་ཀྱི་བློ་ཐོག་མར་སྦྱོང་སྐབས་ཡུལ་གཅིག་ལ་སེམས་དགེ་བའི་དམིགས་པ་རྩེ་གཅིག་ཏུ་གཏད་དེ། དབུགས་འབྱིན་རྔུབ་ལ་བསམ་བློ་གཏོང་དགོས། དེ་འདྲ་བྱས་ཚེ་སེམས་ལྷོད་ལ་འབབ་ཐུབ་ཀྱི་རེད་ ” ཅེས་གསུངས་ཡོད།

 

དེང་དུས་འཛམ་གླིང་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད་པའི་ཐད་ལ་༧གོང་ས་མཆོག་གིས་མུ་མཐུད་དོན།  “ དེང་དུས་ཤེས་ཡོན་ལམ་ལུགས་དེ་གཙོ་བོ་ཕྱི་དངོས་པོའི་གནས་སྟངས་ལ་གཞི་བཅོལ་ཡོད་པ་རེད། ལོ་ངོ་སྟོང་ཕྲག་སྔོན་གྱི་ཤེས་ཡོན་ལམ་ལུགས་ཐོག་མར་འཛུགས་སྐབས། སེམས་ཀྱི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སློབ་གསོ་ཐོག་འགན་གཙོ་བོ་འཁུར་མཁན་ནི་ཡེ་ཤུའི་ལྷ་ཁང་ཁག་ཆགས་ཡོད། ད་ཆར་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཀླད་པའི་རྣམ་དཔྱོད་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེར་རྩི་བཞིན་ཡོད་སྟབས། བུ་གསོ་ཁང་ནས་མཐོ་སློབ་བར་ཆོས་ལུགས་རིས་མེད་ཐོག་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུའི་སློབ་ཚན་གཏན་འབེབས་གནང་དགོས་ཀྱི་འདུག ང་ཚོས་དཀོན་མཆོག་དང་དགེ་སྡིག་གི་སྐད་ཆ་གང་ཡང་བཤད་ཀྱི་ཡོད་པ་མ་རེད། དེང་སང་ཚགས་ཤོག་དང་བརྙན་འཕྲིན། རླུང་འཕྲིན་ཁག་ཚང་མའི་ངོས་ནས། ཚོང་དང་སྒོར་མོའི་སྐོར་བཤད་རྒྱུུ་ལས་སེམས་ཀྱི་རིན་ཐང་ཐོག་སྐད་ཆ་བཤད་མཁན་ཉུང་ལས་མི་འདུག མཐར་ཐུག་གི་བདེ་བ་དེ་ང་ཚོའི་རྒྱུད་ལ་ཡོད་པ་ཞིག་རེད། ཚོང་དང་སྒོར་མོ་གལ་ཆེ་ནའང་དེས་ང་ཚོར་མཐར་ཐུག་གི་བདེ་སྐྱིད་སྤྲོད་ཐབས་ཡོད་པ་མ་རེད་ ” ཅེས་གསུངས་འདུག

 

འཇར་མན་དུ་ཆིབས་བསྒྱུར་མ་གནང་གོང་༧གོང་ས་མཆོག་གིས་ཧྥིན་ལན་ཌིའི་ཡུལ་དུ་ཆེས་མཐའ་མའི་མཛད་འཕྲིན་ཁག་བསྐྱངས་ཡོད་ཅིང་། ཕྱི་ཚེས་ ༡༩ ཉིན་ཡུལ་དེའི་རྒྱལ་སར་ཡོད་པའི་ (The Helsinki Bourse Club) ཞེས་པར། ས་གནས་ཁག་འདྲ་མིན་ནས་ཕེབས་པའི་གསར་འགོད་པ་ ༧༠ བརྒལ་བར་དུས་ཡུན་ཆུ་ཚོད་གཅིག་ལྷག་རིང་དྲི་བ་དྲིས་ལན་གནང་ཡོད་འདུག་ལ། སྐབས་དེར་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༢༠ ལྷག་དང་མཇལ་འཕྲད་ཀྱིས་བོད་ནང་གནས་སྟངས་ཐོག་གླེང་མོལ་བཅས་གནང་འདུག ཕྱི་ཚེས་ ༢༠ ཉིན་ཁལ་མིག་ནས་ཆེད་དུ་གསུང་ཆོས་ཞུ་རུ་བཅར་མཁན་བོད་ཀྱི་དགེ་འདུན་པ་ ༢༥༠ ཙམ་ལ་མཇལ་ཁ་བསྩལ་ཏེ་བཀའ་སློབ་གནང་རྗེས། ཡུལ་དེའི་རང་དབང་ལྷ་མོའི་མདུན་ཐང་དུ་མི་མང་ ༣༥༠༠ ལྷག་ལ་དགེ་བཤེས་གླང་རི་ཐང་པའི་མཛད་པས་༼བློ་སྦྱོང་ཚིག་བརྒྱད་མའི་༽བཀའ་ཁྲིད་བཅས་གནང་ཡོད། ཕྱི་དྲོ་གྲོང་ཁྱེར་ཨེ་སི་ཕཱོ་  Espoo ཞེས་པར་ཡོད་པའི་བྷ་རོ་ཎ་ཚོགས་ཁང་ཆེན་མོར། ས་གནས་མི་མང་ ༧༠༠༠ བརྒལ་བར་༼བྱམས་བརྩེའི་ནུས་སྟོབས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འདུག་ལ།  སྐབས་དེར་༧གོང་ས་མཆོག་གིས་མི་སྒེར་དང་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་བཅས་ཀྱི་བདེ་སྐྱིད་ནི། སོ་སོའི་སེམས་རྒྱུད་ཀྱི་བྱམས་བརྩེི་ནུས་པ་གོང་མཐོར་བཏང་སྟེ་འབྱུང་དགོས་པ་མ་ཟད། བྱམས་བརྩེ་དེའང་ཆོས་དང་མ་འབྲེལ་བ་ཞིག་ཡོད་དགོས་སྐོར་སོགས་གསུངས་ཡོད་འདུག

༧གོང་ས་མཆོག་གིས་འཇར་མན་གྱི་དུས་ཡུན་ཉིན་བཞིའི་རིང་གི་མཛད་འཕྲིན་ཁག་ལེགས་པར་འགྲུབ་རྗེས། སང་ཉིན་ཕྱི་ཚེས་ ༢༤ ཉིན་རྒྱ་གར་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པའི་གསོལ་འདེབས་ཞུས་དོན་ལྟར། ཟླ་འདིའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་བར་བཞུགས་སྒར་དུ་སློབ་དཔོན་ཞི་བ་ལྷས་མཛད་པས་༼ སྤྱོད་འཇུག ༽ བཀའ་ཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 4

  1. དབང་འདུས། says:
    ལོ་ 15 སྔོན།

    རང་སྣང་གང་དྲན་གྱི་གྲོགས་པོ་སྣང་བ་སྐྱིད་པོ། གསལ་ལེ་རྒྱལ་ལགས། གསར་འགྱུར་གྱི་ལྡོག་ཕྱོགས་སུ་ག་འདྲ་སེ་ཕྱིན་འདུག ཕྱིན་སྟངས་དེ་ཤོད་དང་། རྩྭ་འཐུངས་ནས་བཟི་བའི་སྐད་ཆ་ཞིག་ཡིན་ན་དམིགས་བསལ་ཡིན་ཤོད་མི་དགོས།

    Reply
  2. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    ཚད་མེད་ཀྱི་མེད་ཆད་དེ་གསར་འགྱུར་ལྡོག་ཕྱོགས་སུ་སོང་འདུག་པས་མཆན་དེ་བཏང་བ་ཡིན།
    འདི་དྲ་ཐོག་ལ་མ་གཏོང་།འོག་གི་དེ་ར་བསུབ་རོགས།

    Reply
  3. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    (འདས་གྲོངས་སུ་ཕྱིན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་གནས་སྟངས་ཐོག་ཐུགས་ཕམ་ཚད་བྱུང་ཡོད་སྐོར་དང་། )
    de ka re red

    Reply
  4. གཡག says:
    ལོ་ 15 སྔོན།

    སྙིགས་དུས་ཀྱི་སེམས་པ་ཆེན་པོ། ཏཱ་ལའི་བླ་མ།
    བདག་གི་སྙན་ངག་ཅིག་གི་ཁ་བྱང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese