མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྒོར་ཁྲི་ ༣༠ ཞལ་འདེབས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

གླུ་མ་གྲགས་ཅན་ཧན་ཧུང་ལགས་ཀྱིས་ཆབ་མདོ་དྭ་ཕྲུག་ཁང་དུ་རྒྱ་སྒོར་ཁྲི་སུམ་བཅུ་ལྷག་གི་ཞལ་འདེབས་ཕུལ་ཡོད་པ་མ་ཟད།  མ་འོངས་པར་ས་ཁུལ་དེར་འཕྲོད་བསྟེན་སྐོར་ལས་དོན་མང་པོ་ཞིག་བརྩམ་འཆར་ཡོད་འདུག

ཉེ་ཆར་བོད་ཀྱི་གླུ་མ་གྲགས་ཅན་ཧན་ཧུང་ལགས་དང་ཁོང་གིས་ཆེད་འཛུགས་གནང་བའི་ ༼ ཧན་ཧུང་བྱམས་སེམས་ལག་ལེན་ཚོགས་པ ༽ ཚོགས་པའི་ལས་བྱེད་བཅས་ཆབ་མདོ་ས་ཁུལ་གྱི་དྭ་ཕྲུག་གཅེས་སྐྱོང་ཁང་དུ་ཕྱིན་ཏེ་དྭ་ཕྲུག་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་ཆེད་རྒྱ་སྒོར་ཁྲི་ ༣༠ ལྷག་གི་ཞལ་འདེབས་ཕུལ་ཡོད་པར་མ་ཟད། དེར་ཡོད་དྭ་ཕྲུག་ ༡༠༠ ཙམ་ལ་སློབ་སྦྱོང་གི་མཁོ་ཆས་ཀྱང་སྤྲད་ཡོད་འདུག

གླུ་མ་ཧན་ཧོང་ལགས་ཀྱིས་ཝུན་ཁྲོན་ས་འགུལ་ཁྲོད་ཀྱི་དྭ་ཕྲུག་མང་པོ་ཞིག་ལ་འཚོ་བའི་མཐུན་རྐྱེན་སྦྱོར་གྱིན་ཡོད་འདུག་ལ། ཡུལ་ཤུལ་ས་འགུལ་གྱི་གནོད་ཐེབས་མང་ཚོགས་ལ་ཡང་རྒྱ་སྒོར་ཁྲི་ ༣༠ ལྷག་གི་ཞལ་འདེབས་ཡང་ཕུལ་ཡོད་འདུག ཐེངས་འདིར་ཁོང་གིས་ཆབ་མདོ་ས་ཁུལ་གྱི་ལོ་ ༦ ལོན་པའི་ཕྲུ་གུ་ཞིག་གསོ་སྐྱོང་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག  དེ་བཞིན། ཁོང་མོ་དང་གླུ་མ་དབྱངས་ཅན་སྒྲོལ་མ་གཉིས་ཀྱིས་ཆབ་མདོ་མགུ་རོ་གྲོང་བརྡལ་སྨན་བཅོས་ས་ཚིགས་སུ་ཕྱིན་ཏེ། ས་ཐག་རིང་བོའི་ཡུལ་མི་ཚོར་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་བྱ་ངོ་སྤྲོད་གནང་ཡོད་པར་མ་ཟད། ཐེངས་འདིར་འབྲོག་དམངས་ཀྱི་འཚོ་བའི་གནས་སྟངས་རྒྱུས་ལོན་བྱས་པ་བརྒྱུད་ལམ་རྒྱུད་དུ་ཡོད་པའི་གྲོང་སྡེ་ ༡༣༨ ནང་གི་ཁྱིམ་ཚང་ ༡༤༠ ལ་བདེ་ཐང་ཁྱིམ་གཞིས་བསྐྲུན་རྒྱུ་དང་། དུད་ཁྱིམ་རེར་བརྙན་འཕྲིན་དང་༼ཧན་ཧུང་བྱམས་སེམས་བདེ་ཐང་ཁྱིམ་གཞིས་སྨན་བཅོས་རྒྱུན་ཤེས། ༽ཞེས་པའི་འོད་སྡེར་ ༡༥༠༠༠ བཅས་འབུལ་འཆར་ཡོད་འདུག  

འོད་སྡེར་དེ་དག་ནང་བོད་ཡིག་ཐོག་ཕབ་བསྒྱུར་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་སྨན་པ་གྲགས་ཅན་ཁག་གི་སློབ་ཁྲིད་དང་། ཆབ་མདོ་ས་ཁུལ་གྱི་བོད་སྨན་མཁས་པས་འགྲེལ་བཤད་བྱས་པའི་སྨན་བཅོས་སོགས་ཀྱི་འཕྲོད་བསྟེན་རྒྱུན་ཤེས་སྐོར་ཡིན་འདུག

གླུ་མ་ཧན་ཧུང་ལགས་ནི་རྒྱ་ནག་ནང་སྐད་གྲགས་ཆེ་བའི་དེང་རབས་ན་གཞོན་གླུ་མ་ཞིག་ཡིན་ཞིང་། ཁོང་མོའི་གླུ་གཞས་ཕལ་ཆེ་བའི་གཞས་ཚིག་རྒྱ་སྐད་དང་། གཞས་གདངས་དེང་རབས་ཅན། གཞིས་ཚིག་གི་ནང་དོན་བོད་པའི་སྐོར་ཡིན། རྒྱ་ནག་ནང་ཁོང་མོར ( བོད་པའི་གླུ་མ་ཧན་ཧུང) ཞེས་འབོད་ཀྱི་ཡོད་པ་ལས། ཁོང་མོ་གང་དུ་སྐྱེས་པ་དང་ཕ་མ་སུ་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་ཀྱང་། ཡོངས་གྲགས་སུ་ཁོང་མོའི་ཕ་མ་གང་རུང་ཞིག་གི་ཕ་ཡུལ་བོད་གཞིས་ཀ་རྩེ་ཡིན་རབས་བཤད།  

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢

མཆན། 11

  1. རྩ་ཐང་། says:
    ལོ་ 15 སྔོན།

    དེ་ལྟ་བུའི་སྦྱིན་ཡུལ་མ་ནོར་བའི་གཏོང་ཕོད་ཅན་ཁོང་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མ་འདས་སོ།།

    Reply
  2. sangkye says:
    ལོ་ 15 སྔོན།

    གླུ་མ་ཧན་ཧོང་ལགས་ཀི་འདིོ་འདྲིའི་བྱམས་སེམས་དང་ལྡན་པ་སྟོབས་ཤུགས་དང་ལྡན་པའི་ངང་ནས་རང་གི་བོད་མི་རིགས་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། དམིགས་གསལ་གི་དྭ་ཕྲུགས་ཚོ་ལ་རོགས་རམ་གནང་བ་བཀའ་དྲིན་ཆེའོ།

    Reply
  3. གངས་ཅན། says:
    ལོ་ 15 སྔོན།

    གླུ་མ་ཧན་ཧུང་ནི། ཕྱི་ལོ་༡༩༧༡ ལོའི་ཟླ་༩ ཚེས་༢༡ ཉིན་ཆབ་མདོར་སྐྱེས་པ་དང། བོད་མིང་ལ་དབྱངས་ཅན་སྒྲོལ་མ་ཟེར། ཁོ་མོའི་ཕ་ནི་ཧྲན་ཏུང་གི་མི་ཡིན་པ་དང། ཨ་མ་ནི་བོད་རིགས་མིང་ལ་ཡོང་ཤི་(雍西)ཟེར་འདུག ཕ་ཡི་ནང་མི་པེ་ཅིན་དུ་གནས་སྤོར་རྗེས་བོད་སྐྱོད་དམག་མི་ཞུགས་པ་དང། གཡུལ་སར་འཚམ་འདྲི་འཁྲབ་སྟོན་ཞིག་གི་སྐབས་སུ་སྐུ་གྲོངས་ཡོད་འདུག དེ་དུས་མོ་དགུང་ལོ་དྲུག་རེད་འདུག ཁོ་མོའི་ཨ་མའི་དེ་སྔོན་ཁྲིན་ཏུའུ་དམག་ཁུལ་ཁང་གི་ཟློས་གར་འཁྲབ་སྟོན་པ་ཡིན་པ་དང། ལོ་བཅོ་བརྒྱད་སྟེང་པེ་ཅིན་དུ་སོང་ནས་དུས་སྐབས་དེར་སྐད་གྲགས་ཆེ་བའི་<<པེ་ཅིན་གསེར་རི་སྟེང་གི་>>ཟེར་བའི་གཞས་དེ་མའོ་ཙེ་ཏུང་དང་ཀྲིག་ཨེན་ལེ་སོགས་ཀྱི་མདུན་འཁྲབ་སྟོན་བྱས་མྱོང་བ་དང། དགུང་ལོ་དགུ་ཡི་སྟེང་དུ་ཨ་མས་ཁོ་མོ་རྨོ་མོ་ཡི་འཁྲིས་སུ་པེ་ཅིན་དུ་བརྫངས་པ་དང། རྨོ་མོས་འཁྱག་པ་བྱེ་རིལ་བཙོང་བའི་ཡོང་འབེབས་ལ་བརྟེན་ནས་འཚོ་བ་སྐྱེལ། ༡༩༨༠ ནས་བཟུང་གཞས་སྣ་སྦྱངས་ཏེ་འཁྲབ་སྟོན་ནང་དུ་ཞུགས་པ་དང་འགྲན་བསྡུར་གང་མང་ཞིག་གི་ཁྲོད་དུ་བྱ་དགའ་མི་ཉུང་བ་ཞིག་བླངས་འདུག མི་མང་གི་རེ་འདུན་ལྟར་གར་སྟེགས་སྟེང་ཧན་ཧུང་གིས་ཡང་ཆིན་རྡུངས་པ་དང་ཨ་མས་<<པེ་ཅིན་གསེར་རི་སྟེང་གི་>>ཞེས་པའི་གཞས་དེ་འཁྲབ་སྟོན་བྱས་པ་དང་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་མྱོང་སྐབས། ཕྱི་ལོ་༡༩༩༨ ལོར་རྨོ་མོས་འཁྱག་པ་བྱེ་རིལ་བཙོང་ནས་གསོག་འཇོག་བྱས་པའི་སྒོར་ཁྲི་གསུམ་བཏང་སྟེ་ཁོ་མོའི་གླུ་གཞས་ཆེད་སྒྲིག་<<གངས་རིའི་གཟི་འོད་>>ཅེས་པ་བཏོན་པས་སྤྱི་ཚོགས་སྟེང་ཤུགས་རྐྱེན་མི་དམན་པ་ཞིག་བཞག་སྟེ་སྐད་གྲགས་ཆགས། མོ་རང་གི་ཀྱག་ཀྱོག་ལམ་ཆེན་མང་པོ་ཞིག་བརྒྱུད་དེ་ད་ལྟ་རླབས་ཆེན་གྱི་བྱ་གཞག་མང་པོ་ཞིག་བསྒྲུབ་པ་ནི་ཡི་རང་གི་གནས་སོ། །
    རྒྱ་ཡིག་གཟིགས་འདོད་ན་དྲ་ཐག་འདི་ན་འདུག་http://hi.baidu.com/%F6%CE%D3%EE%CE%DE%CF%DE/blog/item/b463ef0a9a325037b0351db3.html

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གཏོང་འཕོད་ཀྱི་ཕྱག་ཟུང་ཡངས་པའི་བུད་མེད་འདིའི་ལོ་རྒྱུས་འདྲ་ངོ་སྤྲོད་ཡོད་ན་ཡག་གི་ཡ། ལོ་ངོ་དུ་མའི་སྔོན་ལ་ཕོ་བྲང་དམར་པོའི་སྒང་དུ་འབབས་ཀྱི་ཡིན་ཟེར་ནས་རྒྱ་མོ་གླུ་མ་གྲགས་ཅན་ཞིག་གིས་བཤད་པ་རེད་ཟེར་ནས་གོ་མྱོང་བ་ལས། བོད་པ་ཕྱེད་ཀ་ཡིན་པའི་བུད་མེད་གླུ་མ་ཞིག་ཡིན་པ་དེ་རིང་མ་གཏོགས་མ་ཤེས་མ་སོང་།

    Reply
  5. ཅང་མེད། says:
    ལོ་ 15 སྔོན།

    སྐད་གྲགས་ཅན་གླུ་མ་”ཧུན་ཧོང”ལགས་ཀྱི་ལྷག་བསམ་དང་སྦྱིན་སྟོབས་ལ་ཐུགས་རྗེ་ཆེ་དང་ཆབ་ཅིག་ཏུ་བོད་ཀྱི་གླུ་བ་གླུ་མ་དག་གི་མིག་དཔེ་བལྟ་ས་ཞིག་འདུག
    རླབས་ཆེན་གྱི་སྤྱིར་རྗེས་ལ………………….
    མོའི་ཕ་ཡུལ་གང་དང་མོ་བོད་རིགས་གཙང་མ་ཞིག་ཡིན་ནམ་མིན་འགྲེལ་བཤད་ལ་སྒུག,,,,,,,,,,,,,,,,,,,,,,,,,,,,,

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་རེད། གཞས་མ་གྲགས་ཅན་ཧན་ཧུང་ལགས་ཀྱི་མཛད་རྗེས་འདིས་ཁོང་གི་མི་རིགས་ལ་བཅངས་པའི་ལ་རྒྱ་དང་ལྷག་བསམ་ཇི་འདྲ་ཡོད་པ་ཡང་མཚོན་ཐུབ་སྙམ། སྤྱིར་མོ་རང་གི་བོད་ཀྱི་ས་ཁུངས་ངོ་མ་གཙང་ཕྱོགས་ནས་ཡིན་ཀྱང་། ཆབ་མདོ་དང་ཟི་ཁྲོན་ཝིན་ཁྲོན། དེ་བཞིན་ཡུལ་ཤུལ་སོགས་ལ་གནོད་འཚེ་ཕོགས་པའི་ས་ཁུལ་ཁག་ལ་རོགས་རམ་གནང་བ་འདིས་ཀྱང་ཁོང་གི་ཕྱོགས་རིས་བྲལ་བའི་ལྷག་བསམ་ཡང་མཚོན་ཐུབ། དེ་མིན། བོད་རིགས་གྲགས་ཅན་འབྱོར་ལྡན་ཁག་སྐྱ་སེར་གང་ཡིན་རུང་མང་ཆེ་བ་ནི་རང་རང་གི་ས་ཁུལ་ཁོ་ན་ལ་མ་གཏོགས་ཉམས་ཉེས་ཕོག་པའི་ས་ཁུལ་གཞན་ལ་དོན་དམ་པར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་གནང་མཁན་ཧ་ཅང་དཀོན་པོ་རེད་འདུག

    Reply
  7. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    རང་མི་རིགས་ལ་བྱམས་སེམས་དང་བཏང་སེམས་ཅན་ཧན་ཧུང་གི་སྙིང་སྟོབས་མཐོང་དུས་དགོན་པ་རྒྱུ་སྟོབས་ཅན་དང་བླ་མ་དགེ་བཤེས་སྙན་གྲགས་ཆེན་དེ་ཚོས་ང་ཁོང་ཁྲོ་དང་སྡུག་བསྔལ་གྱི་གཟི་ཅིག་གིན་འདུག འདུ་ཁོང་ཆེན་པོ་དང་ལྷ་སྐུ་ཆེན་པོ་བཞེངས་པ་ལས་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་མཐུན་ཅན་ལའགྲོ་གྲོན་བཏང་རོགས།།

    Reply
  8. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ཧ་ཅང་ཡག་པོ་རེད་།་གཞས་མ་ཧང་ཧོང་ལགས་ལ་ཐུགས་རྗེ་ཆེ་ཞུ།
    བོད་ཀྱི་བླ་སྤྲུས་བྱམས་དང་སྙིང་རྗེ་ཡོད་ལབ་མཁན་ཚོས་ཀྱང་
    དེའི་འདྲ་པོ་བྱེད་ན་དངོས་གནས་དགེ་བ་སག་ངེས་རེད

    Reply
  9. རྐང་གསུམ། says:
    ལོ་ 15 སྔོན།

    འདི་ལྟར་རང་མྱི་རང་གིས་བདག་པོ་རྒྱབ་ན་ངོ་མ་བཀའ་དྲིན་ཞུ་འོས་པ་ཞིག་རེད།

    Reply
  10. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    གླུ་མ་གྲགས་ཅན་ཧིན་ཧོང་ནི་ཕ་རྒྱ་དང་མ་བོད་རིགས་གཙང་པ་ཞིག་ཡིན་པ་གྲགས།་ཁོང་མོ་ནི་བོད་སྐད་ནང་གླུ་གཞས་གཏོང་ཤེས་ཀྱི་མེད་རུང་ཡིན་ནའང་བོད་མི་རིགས་ཀྱི་སེམས་ཁམས་མཚོན་པའི་རྒྱ་སྐད་ནང་གླུ་གཞས་གང་མང་གཏོང་གི་ཡོད་ལ།་ལྷག་པར་བོད་ཀྱི་ཡུལ་ལྗོངས་དང་རིག་གནས་ལ་བསྟོད་དབྱངས་ལེན་གྱི་ཡོད།་ཁོང་མོས་ཆབ་མདོ་དྭ་ཕྲུག་ཁང་ལ་ཞལ་འདེབས་རོགས་དངུལ་གནང་བར་དགའ་འོས་པའི་ལས་དོན་བཟང་པོ་ཡིན་པས་ཡིད་རང་བསྔགས་བརྗོད་ཡོད་ལ།་བོད་ནང་གི་གླུ་བ་དང་གླུ་མ་གཞན་རྣམས་ཀྱིས་ཀྱང་དེ་ལྟར་གནང་དགོས་པའི་སྐུལ་ལྕག་ཐེབ་ངེས་རེད།

    Reply
  11. གཡག says:
    ལོ་ 15 སྔོན།

    གཞས་མ་གྲགས་ཅན་ཧན་ཧོང་ལགས་ཀྱི་གཏོང་སྤོབས་དེ་ལ་ཡི་རངས་ཞུ། གློ་བུར་དུ་གཉིད་ལས་སད་པ་འདྲ་བོ་ཞིག་རེད་དེ། ད་ཡིན་ན་ཡག་པོ་རེད། སྔོན་ཞིག་ལ་པོ་ཏ་ལའི་དབུ་རྩེར་བབ་རྒྱུ་ཡིན་ཟེར་དུས་རྩོམ་པ་མོ་འོད་ཟེར་ལགས་ཀྱིས་བཀག་པ་རེད། ཡང་དེ་འདྲ་མི་ཤོད་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese