མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་སྐབས་ཀྱི་སྲིད་འབྱོར་རིག་གསུམ་ལ་དྲན་སྐུལ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

སཱ་ར་གཞོན་ནུའི་རུ་ཁག་གིས་གོ་སྒྲིག་གནང་བའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པའི་སྟེང་མཐོ་སློབ་ ༡༣ ལྷག་གི་འཐུས་ཚབ་ཀྱིས་ཉིན་བཞིའི་རིང་ ༼གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་འཕེལ་རིམ་གླེང་བ། ༽ ཞེས་པ་དེ་དབུ་འཛུགས་གནང་སོང་།  

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ སྟེང་སཱ་ར་མཐོ་སློབ་ཀྱི་སྐབས་བརྒྱད་པའི་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་དང་མདོ་སྨད་སྤྱི་འཐུས་དང་སཱ་ར་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱན་མཚན་ལགས། ངྷ་ས་ས་གནས་གཞོན་ནུའི་ཚོགས་གཞོན་ཚེ་རིང་དབྱངས་ཅན་ལགས་བཅས་ཕེབས་འདུག་ལ། བགྲོ་གླེང་ཚོགས་ཞུགས་པའི་ཁྲོད་ཝར་ན་མཐོ་སློབ་དང་སཱ་ར་མཐོ་སློབ། ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། རྫོང་གསར་བཤད་གྲྭ སྒྲོལ་མ་གླིང་། རྣམ་རྒྱལ་གྲྭ་ཚང་། ཀིརྟི་གྲྭ་ཚང་། འབྲི་གུང་མཐོ་སློབ། རིག་ལམ་སློབ་གཉེར་ཁང་བཅས་མཐོ་སློབ་ཁག་ ༡༣ དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སྐུ་ཚབ་བཅས་ཚོགས་ཞུགས་པ་ ༥༠ མ་ཟིན་ཙམ་ཚོགས་ཞུགས་གནང་ཡོད།

 

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་འབྲེལ་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བསོད་ནམས་ལགས་ཀྱིས་བོད་ཀྱི་རིག་གནས་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་གནང་བའི་ནང་། ཐེངས་འདིའི་བགྲོ་གླེང་འདི་ནི། འདས་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འོག་བོད་ཀྱི་མི་རབས་རྙིང་དག་གི་རྒྱུན་འཛིན་བྱས་པའི་རིག་གནས་མི་རབས་གསར་པར་བརྒྱུད་སྤྲོད་དང་། མི་རབས་གསར་བ་རྣམས་ཀྱིས་ཀྱང་དེང་དུས་ཀྱི་རིག་གནས་ཁོ་ན་དང་། རང་ལྟ་ཆོག་འཛིན་མི་བྱ་བར་བོད་ཀྱི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ཆེད་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ། མ་འོངས་བོད་ཀྱི་མགོ་ཁྲིད་དང་སྤྱི་ཚོགས་ཀྱི་སྣེ་འཁྲིད་པ་ཚད་ལྡན་ཞིག་ཡོང་ཆེད་ཡིན་སྐོར་དང་། འདས་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རིམ་ལ་གཞིགས་ཏེ། མ་འོངས་པའི་སློབ་ཆེན་པ་དག་གིས་བོད་ཀྱི་རིག་གཞུང་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐད་ལ་ལག་རྗེས་འཇོག་པར་སྐུལ་སློང་བཅས་ཀྱི་ཆེད་ཡིན་སྐོར་བརྗོད་བྱུང་།

 

སྐབས་དེར་སཱ་ར་མཐོ་སློབ་ཀྱི་དགེ་རྒན་དང་མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་གཏན་བཤད་གནང་སྟེ། ཕྱི་ལོ་ ༡༦༤༢ ལོར་༧གོང་ས་ལྔ་པ་ཆེན་པོས་སྲོལ་བཏོད་པའི་གཞུང་ས་དགའ་ལྡན་ཕོ་བྲང་དེ་ ༢༠༡༡ ལོའི་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ཤིང་། སྐུ་ཕྲེང་བཅུ་བཞི་པའི་དུས་སུ་སྲིད་དབང་སྐྱོང་མཚམས་བཞག་ཡོད་སྟབས། ལོ་རྒྱུས་ཀྱི་སྟེང་ནས་དཀྱོགས་མཚམས་གལ་ཆེན་ཞིག་ཆགས་པ་དང་། ད་ལྟའི་བར་བོད་མི་ཚོ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག  བོད་ནང་བཅས་དུམ་བུ་གསུམ་དུ་ཆགས་ཏེ་དུས་རབས་ཕྱེད་ཀ་ཕྱིན་ཡོད་ཀྱང་། ད་དུང་ཡང་བོད་མིའི་བསམ་བློ་དང་འདུ་ཤེས་དང་རེ་བ་ཡོངས་རྫོགས་༧གོང་ས་བཅུ་བཞིོ་བ་གཅིག་པུའི་སྟེང་བཅོལ་བསྡད་ཡོད་པ་དེ་ཧ་ཅང་ཐབས་སྐྱོ་བོའི་གནས་སྟངས་ཤིག་ཡིན་སྐོར་གསུངས་སོང་ལ། གཞུང་ས་དགའ་ལྡན་ཕོ་བྲང་གི་དངོས་བྱུང་ལོ་རྒྱུས་ལ་བསྐྱར་ཞིབ་ཡང་དག་བྱས་ཏེ། མ་འོངས་པའི་གནས་བབ་ལ་ཚོད་དཔག་བྱ་དགོས་པའི་སྐོར་བརྗོད་བྱུང་བར་མ་ཟད། ཁོང་གིས་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞིར་བསྟོད་བསྔགས་དང་། བགྲོ་གླེང་པ་རྣམས་ཀྱིས་ཕན་ཚུན་གུ་ཡངས་པོའི་ཐོག་ནས་བསམ་ཚུལ་བརྗེ་རེས་ཡོང་བའི་འབོད་སྐུལ་བཅས་གནང་སོང་།    

 

དེའི་རྗེས་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས་ཀྱང་། ཐེངས་འདིའི་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཅུ་བཞི་བའི་བར་སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་བགྲོ་གླེང་ཞིག་ཆགས་ཡོད་སྟབས། སྐབས་དེའི་ཕྱི་ནང་གི་གནས་སྟངས་ལ་གཞིགས་ཏེ་བགྲོ་གླེང་གནང་རྒྱུ་ལས། དེའི་རྗེས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ལ་བགྲོ་གླེང་མི་དགོས་པའི་རེ་སྐུལ་དང་། མ་འོངས་པར་༸གོང་ས་མཆོག་སྐུ་བཞུགས་མིན་ལ་མ་ལྟོས་པར་བོད་མི་རང་ངོས་ནས་བོད་པའི་བདེན་དོན་འཐབ་རྩོད་དང་རིག་གཞུང་རྒྱུན་འཛིན་ཐད་ནུས་པ་ཡོད་དགུ་འདོན་རྒྱུ་དང་། ༸གོང་ས་མཆོག་ལ་བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་དགོངས་གཞི་ཟབ་མོ་ཡོད་པ་དང་ལྷག་པར་དུ་གཞོན་སྐྱེས་ཚོར་རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་ཀྱིན་པ་སྙིང་ལ་བཅིངས་ཏེ་ཧུར་སྐྱེད་བྱ་དགོས་ཚུལ་སོགས་གསུངས་སོང་།  

 

མཐར་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་པ་ཚོས་རིག་གནས་ཟེར་དུས་རིག་པའི་གནས་ཆེ་ཆུང་བཅུ་ཁོ་ནར་གོ་བ་ལས་གཞན་ལ་བསམ་བློ་མི་འཁོར་བ་དང་། སྤྱིར་རིག་གནས་ཞེས་པར་གཞུང་ལུགས་ཡོད་པའི་རིག་གནས་ཤིག་དང་། སྤྱི་ཚོགས་ནང་རྒྱུན་སྲོལ་ལྟ་བུར་གྱུར་ཡོད་པའི་མི་སོ་སོའི་བསམ་བློའི་ཉམས་མྱོང་། སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ཏེ་གསར་གཏོད་བྱས་པའི་རིགས་བཅས་རིག་གནས་མང་པོ་ཡོད་ཚུལ་གསུངས་སོང་། དེ་བཞིན་བོད་མི་ཚོར་ཡང་ནང་བསམ་བློའི་རིག་གནས་སོགས་མི་རིགས་དང་རྒྱལ་ཁབ་གཞན་ལ་མེད་པའི་རིག་གནས་ཕུན་སུམ་ཚོགས་པ་མང་པོ་ཞིག་ཡོད་པ་དེ་དག་ཕྱི་ཕྱོགས་སུ་མངོན་ཐུབ་པ་དང་། མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱ་ཐུབ་པ་གནང་དགོས་སྐོར། སཱ་ར་གཙོས་པའི་སློབ་ཆེན་གང་ཡིན་ཡང་ཕྱིའི་རིག་གནས་ཚུར་ལེན་བྱ་རྒྱུ་གལ་ཆེན་ཡིན་ཚུལ་བཅས་གསུངས་སོང་། བོད་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་འདིའི་སྐབས་ལ་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་བཅས་ཀྱི་ཐོག་ལ་གནས་སྟངས་གང་འདྲ་ཆགས་ཡོད་མེད་དང་། ལྷག་པར་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་ཀྱི་སྤྲགས་དང་ཕྱི་སྐྱོད་ལག་འཁྱེར་སོགས་ཀྱི་རིགས་གསར་གཏོད་བྱས་ཚུལ་བཅས་ལ་གཏམ་བཤད་གནང་སོང་།

 

ཐེངས་འདིའི་བགྲོ་གླེང་གི་ནང་དོན་གཙོ་བོ་༼གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་འཕེལ་རིམ་གླེང་བ། ༽ཞེས་པ་འདི་ཡིན་ཞིང་། དེ་རིང་ཕྱི་དྲོར་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྐྱངས་རིང་བོད་ཀྱི་དོན་དངོས་ལོ་རྒྱུས་ལ་དཔྱད་ཞིབ།༽ཞེས་པའི་ཐོག་གཏམ་བཤད་དང་། ཕྱི་ཚེས་ ༢༥ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་ཀྱིས་༼གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་རྩོམ་རིག་ཁ་ཕྱོགས་དང་འཕེལ་རིམ། ངོ་བོ།༽བཅས་ཀྱི་སྐོར་ལ་གཏམ་བཤད། ཕྱི་ཚེས་ ༢༦ བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་༼བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོ། འབྱུང་འགྱུར་རྒྱལ་སྤྱིའི་གནས་བབ་དང་མཐུན་པའི་ཁ་ཕྱོགས།༽ཞེས་པའི་ཐོག་གཏམ་བཤད། ཕྱི་ཚེས་ ༢༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་རྒན་ན་གཱ་སངས་རྒྱས་བསྟན་དར་ལགས་ཀྱིས། ༼གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྐྱངས་པའི་རིང་བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་རིམ༽ བཅས་ཀྱི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. སྟག་ཚང་རིག་རྒོད་། says:
    ལོ་ 15 སྔོན།

    དུས་ཐོག་འཆར་པ་དང་ནད་ཐོག་སྨན་ངོ་མ་ནི་ས་རཱའོ་གཞོན་ནུ་རུ་ཁག་རེད་འངུག་
    དུས་ནམ་ཡང་ཡིད་རང་བྱེད་ཀྱི་ཡོད་།
    ཕྱག་མཛོད་ཀྱིས་།

    Reply
  2. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    མངོན་པར་བསྟོད་བཞིན་ཡོད།

    Reply
  3. ལྷ་མོ་དབྱངས་ཅན། says:
    ལོ་ 15 སྔོན།

    རྒྱལ་གླུ་ལེན་དགོས་པ་ལས་གྱེར་འདོན་བྱས་ན་འགྲིག་གི་ཨེ་ཡོད། ཨཨཨ་རྩེད་མོ་ཡིན།

    Reply
  4. ལྷ་མོ་དབྱངས་ཅན། says:
    ལོ་ 15 སྔོན།

    ཨེ་མ་སཱ་ར་ཡ་སཱ་ར། ཆབ་དཔལ་རིག་གསུམ།
    ༡། ཆབ་སྲིད་་་་་སྲིད་གཙོ་བོ་ཡིན་པ་སྟེ་སྲིད་གཞུང་། སྲིད་བློན། སྲིད་ཇུས། སྲིད་སྐྱོང་ཞེས་འབྲི་དགོས་སམ། ཆབ་གཞུང་། ཆབ་བློན། ཆབ་ཇུས། ཆབ་སྐྱོང་ཞེས་འབྲི་དགོས།
    ༢། དཔལ་འབྱོར་་་་་་རྒྱུ་འབྱོར། འབྱོར་ལྡན། འབྱོར་མེད་ཞེས་འབྲི་རྒྱུ་ཡིན་ནམ་། དཔལ་ལྡན། དཔལ་མེད། རྒྱུ་དཔལ་ཞེས་འབྲི་དགོས། སྲིད་པའི་འབྱོར་བ་ལ་ཁའི་ན་བུན། མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། ཞེས་དགེ་ཆོས་ཀྱིས་གསུངས་པ་ཞིག་ཀྱང་དྲན་སོང་། ཚིག་བསྐུང་ངམ་བསྡུས་ཚིག་འབྲི་ཚེ་གཙོ་ཚིག་དེ་བསྐུང་སྲོལ་མེད།

    Reply
  5. ལྷ་དབང་ says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་སྲིད་དབང་རིང་དམངས་ལ་ཕན་པའི་སློབ་གྲ་རྐང་ཅིག་དང་སྨན་ཁང་རྐང་ཅིག གཞུང་ལམ་གཅིག གང་ཡང་བརྒྱབ་མྱོང་མེད

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    བགྲོ་གླེང་དེ་ལྟ་བུ་སྤེལ་བ་ནི་ངོ་མ་དུས་དང་མཚམས་པ་ཞིག་ཏུ་མཐོང་། སྤྱིར་བཏང་ངོས་རང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་འཇུག་སྒྲིལ་བ་ལ་ད་དུང་ཡང་ཡིད་མི་ཚིམ་པའི་ངང་གནས་ཡོད། ཡིན་ན་ཡང་། འདི་ནི་གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་ཁོ་ན་ལ་ཐུག་པ་ཡིན་ཙང་། གནད་འགག་གཅིག་གཏན་གཏན་ཡོད་ངེས་རེད། བོད་རྒྱལ་ཁབ་ལ་ཕན་པའི་མ་འོངས་པའི་ཕུགས་རྒྱངས་རིང་པོའི་དགོངས་བཞེད་ཞིག་ཡིན་པ་ལ་ཐེ་ཚོམ་མེད། ཁོང་གི་དགོངས་གཞི་ལྟ་བུ་བོད་མི་སུ་གཅིག་ལ་ཡང་བློ་ཡུལ་ལ་འཁོར་མེད། འདི་ནི་ལྟ་བུ་གློ་བུར་བའི་འགྱུར་བ་ཞིག། གལ་སྲིད་འགྱུར་བ་དེ་ལྟ་བུ་ཞིག་བོད་ནང་དུ་བྱུང་ཡོད་ན་ཇི་འདྲ་དགའ་བ་ལ།

    ཁོ་བོས་བསམ་ན། བགྲོ་གླེང་དེ་ལྟ་བུ་སྤེལ་སྐབས་གཙོ་བོ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲོལ་བཏོད་པོ་༸གོང་ས་ལྔ་པ་ཆེན་པོའི་སྐུ་པར་ཞིག་སྒྲིག་བཤོམས་བྱེད་ན་ངོ་དོན་སྙིང་ལྡན་པ་ཞིག་ཏུ་ཚོར། འདི་ནི་དོན་ངོ་མ་གཞུང་དེ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་ཤིག་ཏུ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese