མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་བརྗེ་སྤོར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་རུ་ཁྲིན་ཆོན་ཀོ་གསར་དུ་སྐོ་འཇོག་བྱས་ཡོད་པར་མ་ཟད། ཉིན་དེར་ནན་ཧེ་དང་ཡུན་ནན་ཞིང་ཆེན་གྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་གཉིས་ཀྱང་གསར་སྐོ་བྱས་འདུག

ཟླ་ ༨ ཚེས་ ༢༥ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་ལས་བྱེད་ཚོགས་འདུ་བསྡུས་ཏེ། ཚོགས་ཐོག་ཏུ་རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་གཞོན་པ་ཀྲང་ཅིས་ནན་གྱིས་རྒྱ་ནག་དབུས་དམར་ཤོག་གཞུང་གི་ཚབ་བྱས་ཏེ། དེ་སྔའི་རྒྱ་ནག་ཧེ་པེ་ཞིང་ཆེན་གྱི་མངའ་སྡེ་བློན་ཆེན་ཁྲིན་ཆོན་ཀོ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་རུ་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས་འདུག གཞན་ཡང་། ཉིན་དེར་ནན་ཧེ་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་ཀྱང་དུས་མཉམ་དུ་གསར་བསྐོ་བྱས་འདུག  ཐེངས་འདིའི་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མགོ་ཁྲིད་གསར་བསྐོ་དེ་ནི།  ཕྱི་ལོ་ ༢༠༠༨ ལོར་བོད་ནང་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱུང་བའི་རྗེས་སུ། ཆེས་མཐོའི་མགོ་ཁྲིད་འཕོ་འགྱུར་བཏང་པ་ཐོག་མ་ཆགས་ཡོད། ཀྲང་ཅིན་ལི་ཡིས་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མགོ་ཁྲིད་བྱས་པའི་ལོ་ ༥ དུས་ཡུན་རིང་། བོད་ཐོག་འཛིན་པའི་སྲིད་ཇུས་སྔར་བས་དམ་དྲག་ཤུགས་ཆེ་རུ་ཕྱིན་པར་མ་ཟད།  ༸གོང་ས་མཆོག་གཙོས་བཙན་བོད་མིའི་སྤྱི་ཚོགས་ལའང་ཁ་རྡུང་དྲག་པོ་བཏང་ཡོད་སྟབས། ཐེངས་འདིའི་མགོ་ཁྲིད་འཕོ་འགྱུར་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་སླེབས་བཞིན་ཡོད་འདུག 

 

བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མགོ་ཁྲིད་འཕོ་འགྱུར་གྱི་ཚོགས་ཐོག་ཏུ།  རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་གཞོན་པ་ཀྲང་ཅིས་ནན་གྱིས།  ཐེངས་འདིའི་མགོ་ཁྲིད་འཕོ་འགྱུར་ནི་རྒྱ་ནག་དབུས་གཞུང་གིས་སྤྱི་ཡོངས་ཀྱི་ལས་ཀའི་དགོས་མཁོ་དང་། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཐད་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱས་པ་ཞིག་ཡིན་སྐོར་དང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཚོས་རང་རྟོགས་ཀྱི་སྒོ་ནས་སྒྲིག་ཁྲིམས་བརྩི་སྲུང་བྱས་ཏེ་རྒྱ་ནག་དབུས་གཞུང་གི་དམིགས་གཞི་ལྟར། ཆེས་མཐོའི་མགོ་ཁྲིད་འཕོ་འགྱུར་སྐབས་བརྟན་ལྷིང་ངང་ལས་དོན་རྩིས་སྤྲོད་རྩིས་ལེན་ཡོང་ཐུབ་པ་བྱ་དགོས་པ་ནན་བརྗོད་བྱས་འདུག གསར་དུ་བསྐོ་འཇོག་བྱས་པའི་ཁྲིན་ཆོན་ཀོ་ཡིས་ཀྱང་ལས་ཁུར་གཏམ་བཤད་སྐབས། ཁོ་རང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་དུ་བསྐོས་པ་དེ་ནི་རྒྱ་ནག་དབུས་གཞུང་གིས་རང་ཉིད་ལ་གོ་སྐབས་སྤྲད་པ་ཞིག་དང་། ཁོའི་ནུས་པར་ཚོད་བགམ་བྱས་པ་ཞིག་ཡིན་ཚུལ་དང་། ཁོས་མ་འོངས་པར་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་གང་ཅིའི་ཐད་ནས་ཧུའུ་ཅིན་ཐའོ་ཡིས་སྣེ་ཁྲིད་པའི་རྒྱ་ནག་དབུས་གཞུང་དང་གཅིག་མཐུན་གྱི་ལངས་ཕྱོགས་རྒྱུན་འཛིན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 

བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མགོ་ཁྲིད་ལ་འཕོ་འགྱུར་བྱུང་བ་དེས་བོད་ནང་གི་གནས་སྟངས་ཐད་འགྱུར་བ་འབྱུང་མིན་ཐད། པེ་ཅིན་གྱི་མི་རིགས་གནད་དོན་ཉམས་ཞིབ་པ་ཅང་ཐའོ་ཡུང་གིས་བརྗོད་དོན།   མི་རིགས་སྲིད་ཇུས་ནི་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱེད་བཞིན་ཡོད་ལ།  བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་ནི་སྲིད་ཇུས་དེ་ལག་བསྟར་བྱེད་མཁན་ཙམ་ཡིན་སྟབས། རྩ་བའི་མགོ་ཁྲིད་འཕོ་འགྱུར་བྱུང་བ་ཙམ་གྱིས་གཞི་རྩའི་སྲིད་ཇུས་ལ་འགྱུར་ལྡོག་གང་ཡང་འགྲོ་མི་སྲིད་པ་ཞིག་རེད། ཡིན་ནའང་། མགོ་ཁྲིད་མི་སྒེར་སོ་སོའི་སྲིད་སྐྱོང་སྟངས་དང་བྱ་སྤྱོད་འཁྱེར་སྟངས་ཐད་ནས་ཁྱད་པར་ཕྲན་བུ་འབྱུང་སྲིད་པ་རེད། ཅེས་བརྗོད་ཡོད་པ་རེད། ཡིན་ནའང་།  ཉེ་སྔོན་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༦༠ འཁོར་བ་ཞེས་པའི་མཛད་སྒོའི་ཐོག་ཏུ། ཞིས་ཅིན་ཕེན་གྱིས་མཐའ་གཅིག་ཏུ་ཁ་བྲལ་བར་ཁ་གཏད་གཅོགས་དགོས་སྐོར་བསྒྲགས་ཏེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་སྲིད་ཇུས་མུ་མཐུན་རྒྱུན་སྐྱོང་བྱ་རྒྱུ་ཡིན་པའི་རྣམ་འགྱུར་ཡང་བསྟན་ཡོད་པ་རེད།

 

ཁྲིན་ཆོན་ཀོ་ནི་རྒྱ་ནག་ཧི་ནན་ཞིང་ཆེན་པེན་ཡུས་ཀྱི་མི་ཡིན་པ་དང་ད་ལྟ་ལོ་ ༥༦ ཡིན་འདུག ཁོ་ནི་དམག་མིའི་རྒྱབ་ལྗོངས་ཅན་གྱི་མི་ཞིག་ཡིན་པ་དང་། དེ་སྔོན་ཧི་ནན་ཞིང་དང་ཧི་པེ་ཞིང་ཆེན་གཉིས་སུ་རིམ་པར་མངའ་སྡེ་བློན་ཆེན་གྱི་འགན་ཁུར་མྱོང་ཡོད་པ་རེད།  ད་ལྟའི་སྲིད་བློན་གཞོན་པ་ལི་ཁི་ཆང་གིས་ཕྱི་ལོ་ ༡༩༩༨ ལོར་ཧི་ནན་ཞིང་གྱི་མངའ་སྡེ་བློན་ཆེན་གྱི་འགན་འཁུར་སྐབས། ཁྲིན་ཆོན་ཀོ་མངའ་སྡེ་བློན་ཆེན་གཞོན་པ་ཡིན་པ་དང་ཁོ་གཉིས་བར་འབྲེལ་བ་དམ་ཟབ་བྱུང་ཡོད་པ་རེད།  དེ་བཞིན་བོད་དུ་རྒྱུན་རིང་མཐོ་རིམ་དཔོན་རིགས་ཀྱི་ལས་འགན་ཁུར་མྱོང་ཡོད་པའི་ཧུའུ་ཅིན་ཐའོ་དང་ཧུའུ་ཁྲོན་ཧྭ་བཅས་ལའང་འབྲེལ་བ་ཤུགས་ཆེན་པོ་ཡོད་འདུག 

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༦༠ འདས་ཡོད་པ་དང་། ད་ལྟའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་དམར་ཤོག་དྲུང་ཆེ་ ༡༡ བརྗེ་སྤོར་བྱས་ཡོད་ལ། ད་ལྟའི་རྒྱ་ནག་གིས་སྲིད་འཛིན་ཧུའུ་ཅིན་ཐོ་ཡང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྡད་མྱོང་ཡོད། དྲུང་ཆེ་དེ་དག་རིམ་པའི་ཁྲོད་བོད་རིགས་གཅིག་ཀྱང་བསྐོ་འཇོག་བྱས་མྱོང་མེད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༤ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 5

  1. ཇ་མ་ says:
    ལོ་ 15 སྔོན།

    བོད་ནང་ལ་ཡང་རྒྱ་རྒན་ཟ་འདྲེ་གཅིག་གི་མང་རུ་སོང་བ་རེད། བོད་དོན་ཆེད་ཟ་འདྲེ་དེར་རེ་བ་འཛིན་རྒྱུ་ཡོད་པ་མ་རེད། དེ་ལས་བོད་པ་ཚོའི་གོ་སྐབས་ལ་སྒུག་དགོས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཅི་བཤད་མི་གཙོ་ཅི་བྱེད་གཙོ།
    དམངས་གཙོའི་ཏང་ཡོན་ངོ་མ་རེ།
    ཡོད་ཀྱང་ཡོད་ལ་ཕན་ཡང་ཕན།
    གང་ལྟར་ཞི་བའི་འབྲེལ་མོལ་ལས།
    སྟོབས་གཞན་བདག་ལ་མེད་པས་སོ།

    Reply
  3. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    མཆན་བཏབ་རྗེས་ཡར་འཇུག་ཐང་མང་བྱེད་དགོས་ཀྱི་འདུག་འདི་དུས་བབ་ལས་ཁུང་གི་འཐུས་ཤོར་གྱི་རྣམ་པ་ཞིག་མངོན་གྱི་མེད་དམ་

    Reply
  4. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    ཁྲིན་ཆོན་ཀོ་ལ་རེ་བ་བྱེད་ས་མེད་པ་ཁོས་ལས་ཁུར་གཏམ་བཤད་སྐབས་སུ་ཁོ་རང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་དུ་བསྐོས་པ་དེ་ནི་རྒྱ་ནག་དབུས་གཞུང་གིས་རང་ཉིད་ལ་གོ་སྐབས་སྤྲད་པ་ཞིག་དང་། ཁོའི་ནུས་པར་ཚོད་བགམ་བྱས་པ་ཞིག་ཡིན་ཚུལ་དང་། ཁོས་མ་འོངས་པར་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་གང་ཅིའི་ཐད་ནས་ཧུའུ་ཅིན་ཐའོ་ཡིས་སྣེ་ཁྲིད་པའི་རྒྱ་ནག་དབུས་གཞུང་དང་གཅིག་མཐུན་གྱི་ལངས་ཕྱོགས་རྒྱུན་འཛིན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་པ་འདི་ལས་གསལ་རྟོགས་ཐུབ་པ་ཞིག་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཁྲིན་ཆོན་ཀོ་ལགས་ཀྱིས་བདེན་རྫུན་གོ་མི་ལྡོག་པར་བོད་དོན་ཐད་ལ་དངོས་ཐོག་བདེན་འཚོལ་རང་གནང་རྒྱུར་རེ་སྐུལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese