མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ནཱ་ཧ་ཛ་རེ་ཡི་མངོན་འདོད་གྲུབ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྲོས་ཚོགས་ནང་ཨ་ནཱ་ཧ་ཛ་རེའི་དགོས་འདུན་ལྟར་ཁྲིམས་གཞི་གཏན་འབེབ་བྱ་རྒྱུར་མང་མོས་བྱུང་སྟེ། ཚེས་ ༢༨ ཞོགས་པར་ཁོང་གིས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་མི་མང་འཐུས་མིའི་གྲོས་ཚོགས་(Lok Sabha)དང་གཞུང་འཛིན་མངའ་སྡེ་འཐུས་མིའི་གྲོས་ཚོགས་(Rajya Sabha)གཉིས་ཀྱིས་ཨ་ནཱ་ཧ་ཛ་རེའི་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞི་གསར་བཟོ་བྱ་རྒྱུར་མང་མོས་བྱུང་སྟབས། གཟའ་ཉི་མའི་ཞོགས་པ་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ ཐོག་རམ་ལེ་ལཱ་ཐང་ཆེན་(Ramlila ground)དུ་སྤེལ་བཞིན་པའི་ཉིན་བཅུ་གཉིས་རིང་གི་ཨ་ནཱ་ཧ་ཛ་རེའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱས་ཡོད། ལས་འགུལ་མཚམས་བཞག་འཕྲད་ཁོང་གིས་ “དགོས་འདུན་ལྟར་བཅོས་སྒྱུར་ཆ་ཚང་མངོན་འགྱུར་མ་བྱུང་པར་དུ་མཚམས་འཇོག་བྱ་རྒྱུ་མིན” ཞེས་རྒྱབ་སྐྱོར་མང་ཚོགས་ཚོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་ནཱ་ཧ་ཛ་རེ་ཡི་སྣེ་ཁྲིད་འོག་མི་མང་སྟོག་ཕྲག་མང་པོས་རྒྱ་གར་གཞུང་གི་དཔོན་རིགས་ཁྲོད་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་འབྱུང་བཞིན་པ་འགོག་ཆེད་ཁྲིམས་གཞི་གསར་པ་གཏན་འབེབ་བྱ་རྒྱུའི་དགོས་འདུན་འོག་ཟས་བཅད་ངོ་རྒོལ་བྱས་ཡོད་ཅིང་། མཐར་རྒྱ་གར་གཞུང་གིས་ཁོང་ཚོའི་དགོས་འདུན་གཞིར་བཞག་ཁྲིམས་གཞི་གསར་བཟོ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཉེ་ཆར་རྒྱ་གར་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་གྲོས་ཆོད་ཅིག་བྱུང་ཡོད་ཀྱང་། ཐག་གཅོད་དེར་ཨ་ནཱ་ཧ་ཛ་རེ་དང་ཆོས་དཔོན་རམ་ཌེ་ཝུ་( Ramdev) གཉིས་གཙོས་པའི་ལས་འགུལ་པ་ཚོའི་དགོས་འདུན་ཟིན་བྲིས་ལྟར་བྱུང་མེད་པ་དང་། ལྷག་པར་དུ་སྲིད་བློན་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་སོགས་གནད་ཡོད་དཔོན་རིགས་ཁག་ཅིག་ལ་དོགས་གཞི་བྱུང་ཚེ་ཁྲིམས་བཤེར་བྱ་ཆོག་པའི་རིགས་ཁ་གསལ་བཟོས་མེད་སྟབས། ཟླ་འདིའི་ཕྱི་ ༡༦ ཉིན་བསྐྱར་དུ་ཨ་ནཱ་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་པ་ཚོས་མུ་མཐུད་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད།

རིམ་གཞིན་ལས་འགུལ་འདིར་རྒྱབ་སྐྱོར་པ་ཤུགས་ཆེ་རུ་ཕྱིན་ཏེ། རྒྱ་གར་རྒྱལ་ཡོངས་ལ་ཁྱབ་ཡོད་པ་མ་ཟད་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་གར་བ་ཚོས་ཀྱང་ཨ་ནཱ་ཧ་ཛ་རེ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད་སྟབས། རྒྱ་གར་གཞུང་གིས་གྲོས་ཚོགས་ཀྱི་ཐག་གཅོད་དེར་བསྐྱར་དུ་བགྲོ་གླེང་བྱ་དགོས་བྱུང་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་མཆོག་གིས། དངོས་སུ་ཨ་ནཱ་ཧ་ཛ་རེ་ལགས་ལ་ཕྱག་ཡིག་ཅིག་ཕུལ་ཏེ།  ཁོང་གི་དགོས་འདུན་ཟིན་བྲིས་ལྟར་གཞུང་གིས་ཇན་ལཱོཀ་པལ་ཁྲིམས་གཞིར་(Lokpal Bill) བགྲོ་གླེང་བྱེད་མགོ་བརྩམས་ཡོད་ཀྱང་། ཁྲིམས་གཞི་འདི་ཚུད་པའི་བཅོས་སྒྱུར་བྱ་དགོས་པའི་གནད་དོན་ཁག་ལ་བསྐྱར་ཞིབ་བྱ་རྒྱུའི་ཁས་ལེན་དང་། ཁོང་གི་འཕྲོད་བསྟེན་ལ་དོ་ཁུར་བྱ་རྒྱུ་དང་ཟས་བཅད་ངོ་རྒོལ་མཚམས་འཇོགས་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

ཐེངས་འདིར་སྐབས་སྔོན་མའི་གྲོས་ཚོགས་ནང་ཁ་གསལ་ཐག་གཅོད་མ་བྱུང་པའི་ཇན་ལོཀ་པལ་ཁྲིམས་གཞིའི་དོན་ཚན་གལ་ཆེ་ཤོས་ཁག་ལ་མང་མོས་བྱུང་ཡོད་པ་ནི། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་སོ་སོར་མི་མང་གི་འཐུས་མི་ལས་གྲུབ་པའི་ལྐོག་ཟ་ཞིབ་བཤེར་ལས་ཁང་འཛུགས་རྒྱུ་དང་། དབུས་དང་མངའ་སྡེ་གཞུང་གི་ཞིབ་བཤེར་( Jan Lokpal and Lokayuktas) ཁྲིམས་ཡིག་གི་ཁྱབ་ཁོངས་འོག་དབུས་ས་གཉིས་ཀྱིོ་གཞུང་ཞབས་ལས་བྱེད་ཡོངས་རྫོགས་ཚུད་དགོས་པ། དེ་བཞིན་གཞུང་གི་ལྷན་ཁང་ཚང་མའི་ནང་མི་མང་བདེ་སྡུག་སྙན་ཞུ་འབྱོར་རིགས་དུས་ལྟར་ཐག་གཅོད་ཡོང་ཆེད་ཡུལ་མིའི་བཅའ་ཁྲིམས་ཚན་པ་ཞིག་དགོས་རྒྱུ་བཅས་ཡིན་འདུག

ཨ་ནཱ་ཧ་ཛ་རེ་ཡི་དགོས་འདིན་ལ་གྲོས་ཚོགས་ནས་མང་མོས་བྱུང་རྗེས། རང་ལོ་ ༧༤ སོན་པའི་མི་རྒན་ཁོང་གིས་ཐེངས་འདིའི་རྒྱལ་ཁ་ནི་རྒྱ་གར་མི་མང་གི་རྒྱལ་ཁ་དང་། འཚེ་མེད་ཞི་བའི་ལས་འགུལ་གྱི་རྒྱལ་ཁ། ཐེངས་འདིའི་ལས་འགུལ་ཁྲོད་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་ཚོའི་རྒྱལ་ཁ་ཞིག་ཡིན་ཚུལ་དང་། དེ་བཞིན་ཁོང་གིས་རྗེས་ཕྱོགས་རྒྱ་གར་གྱི་འོས་བསྡུའི་ལམ་ལུགས་དང་ཤེས་ཡོན་སྲིད་ཇུས་བཅོས་སྒྱུར། ཞིང་ལས་དང་ངལ་རྩོལ་མི་མང་གི་འཕེལ་རྒྱས་བཅས་ཀྱི་གནད་དོན་ཐད་མུ་མཐུད་ལས་འགུལ་སྤེལ་འཆར་ཡོད་པའི་ཁྱབ་བསྒྲགས་ཀྱང་བྱས་འདུག

ཕྱི་ཚེས་ ༡༦ ཉིན་ཟས་བཅད་ངོ་རྒོལ་མགོ་འཛུགས་སྐབས་གྲོང་ཁྱེར་ཉེན་རྟོག་པས་ཁོང་ཚོ་འཛིན་བཟུང་གིས་ཊེ་ཧར་བཙོན་ཁང་(Tihar Jail) དུ་བཀག་ཉར་བྱས་ཡོད་ཀྱང་། མི་མང་སྟོང་ཕྲག་མང་པོས་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེར་བྱུང་སྟབས། ཨ་ནཱ་ཧ་ཛ་རེ་ཀློད་གྲོལ་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། ཨ་ནཱ་ཧ་ཛ་རེ་ཡིས་ཁོང་ཚོར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཟས་བཅད་ངོ་རྒོལ་བྱེད་དུ་མ་བཅུག་ཚེ་བཙོན་ཁང་ནས་ཕྱིར་ཐོན་རྒྱུ་མིན་ཞེས་བཙོན་ཁང་ནས་ཕྱིར་མ་ཐོན་པར་མུ་མཐུད་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་བཙོན་ཁང་ནས་ཕྱིར་ཐོན་རྗེས་ལྡི་ལི་གསར་པའི་རམ་ལེ་ལཱ་ཐང་ཆེན་(Ramlila ground) དུ་བསྡད་དེ་དུས་ཚོད་ངེས་མེད་དུ་ཟས་བཅད་ངོ་རྒོལ་གྱིས་ཟླ་འདིའི་ཕྱི་ཚེས་ ༢༨ བར་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

༢༠༢༦/༠༥/༢༦

མཆན། 3

  1. ལྷག་དཀར་ལས་འགུལ། says:
    ལོ་ 15 སྔོན།

    གསལ་ལེ་རྒྱམ་ཟེར་བའི་མི་དེ། ངས་ཁྱོད་རྩོམ་པ་པོ་ཞིག་ཡིན་ཁུལ་བྱས་པ་དྲན་གྱི་འདུག
    འོན་ཀྱང་ཁྱེད་རང་གིས་བསམ་ཚུལ་བཏོན་པ་དེར་ལྟོས་དང་།
    དེང་གི་སྤྱི་ཚོགས་འདིར་བོད་ཡིག་སྦྱང་བར་དཀའ་ལས་འདུག བོད་ཡིག་སྦྱོོང་བར་དགོས་པ་མེད་ཟེར་མཁན་དེ་ཚོའི་སེམས་སུ་སྨྲ་ཐོག་ཁབ་ཀྱིས་བསྣུན་པ་ལྟར་རེད་མི་འདུག་གམ། སྤྱི་སྐད་དང་སྤྱི་འགྲོས་ལ་ཐུགས་བསམ་བཞེད་རོགས། སྤྱིར་བཏང་ཀུན་སྤྱོད་འདི་འཁྱེར་ཞིང་། བྱ་བཞག་འདི་སྒྲུབ་མཁན་ཁྱོད་ཉིད་གཅིག་པུ་ག་ལ་ཡིན།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་ནི་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་གལ་ཆེའི་གནས་ཚུལ་རྣམས་གླེང་སའི་སྟེགས་གལ་ཆེན་ཞིག་ཡིན་ཙང་།
    བོད་སྤྱི་པའི་སྐད་དུ་ཡུལ་ཆོལ་གྱི་སྐད་གདང་ཡ་མཚར་པོ་འདི་ཚོ་ཡི་གེའི་ལམ་དུ་འགོད་མི་གནང་བར། གང་ཐུབ་ཐུབ་ཀྱིས་སྤྱི་ཚོགས་འདི་ལ་ཕན་པའི་ཐུགས་བསམ་ཟབ་མོ་བཞེས་ནས་རིག་པ་འདོན་གནང་ན། རང་གཞན་ཀུན་ལ་ཕན་པ་དང་ཆོལ་གསུམ་གཅིག་ཏུ་ཡི་གེ་གཅིག་གི་ལམ་ནས་གོང་བུ་གཅིག་གྱུར་འདི་ལ་དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་ལྡན་ཡོད་ཀྱིས་ཕྱིས་སུ་འདི་རིགས་མ་འགོད་ན་དགེ་མཚན་ཆེ་བར་འདུག་པས་སྐུ་རྩེད་མི་གནང་བར་དོན་ལྡན་ཞིག་བགྲོ་གླེང་གནང་
    སྐྱོང་ཡོང་བའི་འབོད་བསྐུལ་ཡང་ཡང་ཞུ་གི་ཡོད།

    Reply
  3. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    དམངས་གཙོ་ཡིན་ན་འདི་ཅིག་སྐྱིད་ཀི་ར། ཞེ་བདེ་ཡིན་ན་འདི་ཅིག་བསོ་ཀི་ར། ཤི་རེ་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese