མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་ཟུར་འཇུ་ཆེན་མཆོག་སྐུ་གཤེཊ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་མདང་ནུབ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྐུ་གཤེགས་ཡོད་འདུག

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ལ་སྔོན་མ་ནས་ཁྲག་ཤེད་ཀྱི་སྙུང་གཞི་ཞིག་ཡོད་པ་དང་། ཉེ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཛ་དྲག་གི་ཐོག་ལྡི་ལིར་སྨན་བཅོས་བྱེད་དུ་ཕེབས་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་མདང་ནུབ་ཆུ་ཚོད་བརྒྱད་པ་ཙམ་ལ་ལྡི་ལིའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་ཡོད་འདུག དམ་པ་ཁོང་ལ་གུས་འདུད་མཚོན་ཕྱིར་དེ་རིང་ཉིན་རྒྱབ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་ཡོངས་ཀྱིས་ཆུ་ཚོད་གཅིག་རིང་བསྔོ་སྨོན་ཞལ་འདོན་སྐྱོར་རྗེས་ལས་ཁུངས་ཡོངས་ལས་མཚམས་བཞག་སྟེ་མྱ་ངན་ཞུ་རྒྱུ་ཡིན་འདུག 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ ༡༩༢༩ ལོར་ཁམས་སྡེ་དགེ་རྨེ་ཤོད་འཇུ་ཆེན་ཚང་དུ་སྐུ་འཁྲུངས་ཤིང་། ད་ལོ་དགུང་གྲངས་ ༨༢ ཡིན་འདུག་ལ། ང་དགུ་ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་མདོ་སྟོད་སྤྱི་འཐུས་ནས་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ནས་བཀའ་བློན་ཁྲི་པ་བཅས་ཀྱི་ཐུགས་འགན་བཞེས་ཏེ་བཀའ་བློན་གྱི་ཕྱག་ལས་རྒྱུན་རིང་ཤོས་གནང་མཁན་དེ་ཆགས་ཡོད་ལ། ཕྱི་ལོ་ ༡༩༧༩ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་པ་ཐེངས་དང་པོ་རྒྱ་ནག་པེ་ཅིན་དང་བོད་ནང་སྐོར་སྐྱོད་དུ་ཕེབས་སྐབས། ཁོང་གིས་ཚོགས་གཙོའི་འགན་བཞེས་ཡོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 61

  1. ཁ་བའི་རྡུལ་བརྩེགས། says:
    ལོ་ 14 སྔོན།

    མྱ་ངན་ཞུ་བའི་དང་འབྲེལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  2. མེ་རི says:
    ལོ་ 14 སྔོན།

    སྐུ་ཉིད་ཀྱི་ཕེབས་བཞུད་ལ་མྱ་ངན་ཞུ།

    Reply
  3. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    སྐུ་ངོ་མཆོག་དགོངས་པ་གཤེགས་པར་མྱ་ངན་ཞུ་རྒྱུ་དང་སྦྲགས་ཁོང་གིས་ད་དབར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་རླབས་ཆེན་བསྐྱོན་གནང་བར་བཀའ་དྲིན་རྗེས་དྲན་ཞུ།

    Reply
  4. བྱམས་རྒྱལ། says:
    ལོ་ 14 སྔོན།

    ཉེ་ཆར་དམ་པ་ཁོང་གི་མཛད་རྗེས་སོགས་རླུང་འཕྲིན་གང་སར་གཏོང་གནང་གི་འདུག་པས་ཉོན་བཞིན་བོད་ཀྱི་ལས་དབང་ལ་ཕྱིར་འདང་མང་པོ་ཞིག་རྒྱག་ཏུ་བཅུག་སོང་། སེམས་སྐྱོ་ལྷང་ངེར་འདྲ་ཞིག་བྱུང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  5. གངས་སྐྱེས། says:
    ལོ་ 14 སྔོན།

    སྤྱིར་སྔ་རབས་པའི་མི་དག་ང་ཚོ་ལ་བཀའ་དྲིན་ཆེ་བ་བདེན་ཡང་སྐུ་ངོ་འཇུ་ཆེན་གྱི་བཀའ་དྲིན་ངས་ཇི་ལྟར་བཙལ་ཡང་རྙེད་བྱུང་། ད་དུང་དེ་ལས་ལྡོག་སྟེ་ཁོང་གི་ལས་དོན་ཕྱིན་གྱི་ལོག་གི་མང་པོ་ཞིག་ངའི་རྣ་ལམ་ཐོས་པས་གཞུང་གི་ངོས་ལ་ལྟོས་ནས་བསམ་ན་ང་ཁོ་ལ་སྡང་སེམས་ཡོད། འོན་ཀྱང་ཁོང་སྒར་ངོས་ནས་བསམ་ན་མི་འདོད་པའི་འཆི་བ་མགོ་ཐོག་ཏུ་བབས་པའི་ཁོང་ལ་མྱ་ངན་ཞུས་ན་ཡང་མི་འོས་པ་མེད།

    Reply
  6. vajra says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་ཚེ་རྫོགས་པར་མྱ་ངན་ཞུ།
    མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣེ་དྲོངས་། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨ་ཕོ་ཡོད་དུས་ཨ་ཕོས་མི་འགྲིག་མང། །
    ཨ་ཕོ་ཕྱིན་རྗེས་ཨ་ཕོར་བྱས་རྗེས་མང། །
    ཨ་ཕོའི་བཟང་ངན་སྲང་གིས་ཚད་ཞལ་ཚེ། །
    བཟང་ལ་རྒྱ་གང་ངན་ལ་སྲང་གང་ཡིན། །

    Reply
  7. vajra says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་ཚེ་རྫོགས་པར་རྗེས་དྲན་དང་མྱ་ངན་ཞུ།
    ད་ལྟ་ཁམས་གསུམ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་ལ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་ཐོབ་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  8. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    གངས་ཆེན་པོ་དང་མཚོ་ཆེན་མོ་ལྟ་བུའི་བོད་ཡུལ་གྱི་ཉམས་འགྱུར་ཡོངས་སུ་རྫོགས་འདྲའི་སྐྱེས་བུ་དམ་པ་འདི་འདྲ་བ་གློ་བུར་གློ་བུར་གཤེགས་སོང་དུས། ངའི་ཡིད་སེམས་བློ་བོར་བོར་གྱུར་ཞིང་།མགྲིན་པ་ཡིད་ནས་བརྣངས། མིག་ཆུ་ཤམ་ཤམ་བཞུར། དོ་ནུབ་འདིར་ང་ལ་ལྷག་ཡོད་པའི་སེམས་གཅིག་པོ་འདིས་དམ་པ་གང་མྱ་ངན་ཞུ་ཞུ།

    Reply
  9. ལྷ་མོ་སྐྱིད། says:
    ལོ་ 14 སྔོན།

    སྐྱེས་ཆེན་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དགོངས་པ་གཞན་དུ་གཤེགས་ཏེ། བོད་མི་རིགས་དང་ཁ་གྱེས་པ་འདི་ཅི་འདྲིའི་ཡ་ང་ཞིང་ཡིད་སྐྱོ་བ། ཞེ་མུག་པ་ཞིག་རེད་ཨང་། ཁོང་སྐུ་ཚེ་འཚོ་བཞུགས་རིང་བཟང་ཕྱོགས་ངན་ཕྱོགས་གཉིས་ཐད་ནས་གནས་ཚུལ་མང་པོ་ཞིག་གླེང་རྒྱུ་ཡོད་ཀྱང་། ཕྱོགས་སུ་མ་ལྷུང་བར་བཤད་ན་དེ་དག་ཡོངས་རྫོགས་བོད་སྤྱི་དོན་ལ་ཕྱག་ལས་གནང་བའི་གོ་རིམ་ཁྲོད་རེ་བ་ཅི་བཞིན་འགྲུབ་དང་མ་འགྲུབ་དང་། སྐབས་དང་དུས་སོ་སོར་སྤྱི་ཚོགས་ནང་གི་ལྟ་ཚུལ་མཐོང་ཚུལ་ཙམ་ལས། ཕྱག་ལས་གནང་བ་ཡོངས་རྫོགས་བོད་བསྟན་སྲིད་སྤྱི་བའི་ལས་དོན་ཁོ་ན་ལས་སྒེར་དོན་སྣ་གཅིག་ཀྱང་གླེང་རྒྱུ་མེད། བོད་ཀྱི་དཔེ་མཛོད་ཁང་གིས་བཏོན་པའི་ངག་རྒྱུན་ལོ་རྒྱུས་ལྟར་ན། སྤྱི་ལོ་ ༡༩༥༥ ལོ་ཡས་མས་ནས་རྒྱ་གཞུང་གིས་ཁམས་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་བྱེད་སྐབས། དམ་པ་འཇུ་ཆེན་མཆོག་ལོ་ན་ཆུང་ཡང་མི་མང་གི་སྣེ་འཁྲིད་དེ་རྒྱ་ནག་ལ་ངོ་རྒོལ་དྲག་འཛིང་ཡང་ཡང་བྱས་མྱོང་བ་མ་ཟད། སྐབས་དེར་ལྷ་སར་ཐེངས་མང་ཕེབས་ཏེ་ཁམས་ཕྱོགས་ཀྱི་གནས་སྟངས་སྐོར་བོད་སྡེ་བ་གཞུང་ལ་སྙན་གསེང་ཞུས་ཡོད། སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་ས་སྟེང་ལ་གྲགས་པའི་བོད་པའི་སྒེར་ལངས་ཆེན་མོ་དེའི་ཉིན་ཁོང་གིས་ནོར་བུ་གླིང་ཁ་ནས་སྡེ་དགེ་ཕྱོགས་ཀྱི་དམངས་དམག་གི་སྣེ་འཁྲིད་དེ་རྒྱ་དམར་ལ་དྲག་འཛིང་བྱས་སྐབས་ཁོང་མི་གཅིག་གིས་རྒྱ་དམག་བདུན་ཅུ་ལྷག་ངོ་ལྡོག་པའི་ལོ་རྒྱུས་ཡོད།

    Reply
  10. བསོད་ནམས། says:
    ལོ་ 14 སྔོན།

    གང་ལྟར་སྐུ་ངོ་ཁོང་གིས། ཡག་པོ་འདུག ཡག་པོ་མི་འདུག་ཟེར་ཞོར་མི་ཚེ་ཧྲིལ་པོ་བོད་པའི་ཆེད་དུ་བཏང་ཡོད། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  11. བྱིལ་ཕོ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་ཚེ་རྫོགས་པར་རྗེས་དྲན་དང་མྱ་ངན་ཞུ། དམ་པ་ཁོང་དང་རྒྱལ་གཅེས་ཚེ་དབང་ནོར་བུ་དཔའ་བོ་དཔའ་མོ་སྐུ་གཤེགས་པ་རྣམས་མགོན་པོ་སྤྱན་རས་གཟིགས་ཀྱི་ལམ་སྣ་དྲངས་དུ་གསོལ།

    Reply
  12. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ཆ་མ་འཚལ་བའི་ལས་དོན་རིགས།
    ཁ་སང་སྐུ་ངོ་འཇུ་ཆེན་སྐུ་མྱ་ངན་ལས་འདས་ནས་བོད་ཕྱི་ནང་གི་སྐྱེ་འགྲོ་བསམ་གཞིག་ཡོད་མཁན་ཚང་མས་མྱ་ངན་དང་རྗེས་དྲན། གུས་འདུད་བྱེད་དང་བྱེད་བཞིན་སྐབས་འདིར་དེ་རིང་མང་གཙོ་དུས་དྲན་བྱེད་པའི་ཉིན་མོ། ཀོ་ལེ་གྷལ་དོན་གླིང་ནས་འཁྲབ་གཞས་གླུ་གར་ལ་རོལ་སོང་། དེ་ནི་ས་གནས་སྐུ་ངོས་གཙོས་ལས་བྱེད་རྣམས་ཀྱིས། བོད་གཞུང་གི་ལོ་རྒྱུས་ལ་བདག་པོ་མ་བརྒྱབ་པ་དང་། བསམ་གཞིག་མ་བྱས་པ་ལས་ཤེས་བཞིན་བྱེད་པ་ཡིན་མི་སྲིད། ས་གནས་སྐུ་ངོ་ཀརྨ་སེང་གེ་ནི་ས་གནས་གཞན་ནས་སླེབས་ནས་ལོ་གཉིས་ཙམ་རེད། འདི་རིགས་ཀྱིས་གང་བྱས་དང་གང་བྱེད་ངོ་མ་ཤེས་དཀའ་བ་ཞིག་རེད། སྐུ་ངོ་འཇུ་ཆེན་གྱིས་སྐུ་ཚེ་གང་བོར་བོད་བསྟན་པ་ཆབས་སྲིད་ཀྱིས་ཚེད་དུ་མི་ཚེ་རྫོགས་པ་རེད་ལ། བོད་མི་རིགས་ཀྱི་ལོ་རྒྱུས་ནང་གི་བྱས་རྗེས་ཆེ་ཤོས་ཞིག་ཀྱང་རེད་། གཟི་བརྗིད་ལྡན་པའི་དཔའ་རྒོད་ཞིག་ཀྱང་དེ་བས་རེད།

    Reply
  13. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    རླབས་ཆེན་གྱི་སྐྱེས་བུ། བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ཚེ་ཧྲིལ་བོ་བསྐྱལ་ཞིང་། ལྷག་པར་དུ་ཛ་དྲག་གཉན་འཕྲང་གི་སྐབས་སུ་བཙན་བྱོལ་བོད་མི་ཁྲི་ཕྲག་མང་པོ་དང་ལྷན་དུ་སྡུག་གི་ཁུར་བོ་མཉམ་འཁུར་གནང་མཁན་གྱི་དམ་པ། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་སྙིང་ཁུངས་རུས་པའི་གཏིང་ནས་མྱ་ངན་གུས་འདུད་ཞུ།

    Reply
  14. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    དོན་ངོ་མ་འདི་ལྟར་དཔའ་བོ་ཞིག་ལམ་དུ་ཆས་སོང་ངམ། དོན་མ་འདི་ལྟར་གྱོང་ཁ་ཞིག་རག་སོང་ངམ། དོན་ངོ་མ་གང་ཞིག་རེད། འདི་རྨི་ལམ་རེད་དམ་་་དངོས་གནས་རེད་་་་ཁ་བའི་བུ་ཕྲུག་ཚོ། ངས་གང་བཤད། ངོ་མ་ཡིན་འདི་ལས་ཐབས་གཞན་གང་།

    ་ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  15. sangkye says:
    ལོ་ 14 སྔོན།

    དཀའ་ཟུར་ཁྲི་བ་ཐུབ་བསྟན་རྣམ་རྒྱལ་ལགས་སྐུ་ཚེ་རྫོགས་པའི་མྱ་ངན་གུས་འདུད་དང་ཆབས་གཅིག་ཏུ་ལས་ངན་སྡུག་སྒྲུབས་དག་ཕྱིར་ཚང་མའི་མཎི་འུར་འདོན་བྱེད་་་ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  16. tashi.dorjeee says:
    ལོ་ 14 སྔོན།

    མྱ་ངན་ལེ་ཞུ

    Reply
  17. tashi.dorjeee says:
    ལོ་ 14 སྔོན།

    མི་ལོ་ན་སུ་ཡིན་ན་ཡང་འགྲོ་དགོས་པ་རེད། མྱ་ངན་ལེ་ཞུ

    Reply
  18. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་མཆོག་ནི་བོད་མིའི་སྤྱི་ཚོགས་ནང་དུ་ཕྱག་ལས་ཡུན་རིང་གནང་མྱོང་མཁན་ཞིག་རེད་ལ་གྲུབ་འབྲས་ཡང་འགའ་ཤས་ཐོན་ཡོད། སྤྱིར་ཁོང་ལྟ་བུ་ནི་ང་ཚོའི་སྤྱི་ཚོགས་ནང་དུ་བཟང་ངན་གཉིས་ཀ་བཤད་ན་འཐུས་པའི་མི་སྣ་ཞིག་ཡིན་པ་ལས་བཟང་པོ་དང་བསྟོད་པ་རྐྱང་པ་བྱ་ཡུལ་ཞིག་མིན་པ་ནི་ཚང་མས་ཤེས་བཞིན་ཡོད། དེར་བརྟེན་ཁོང་ལྟ་བུ་ཞིག་སྐུ་ཚེ་འཕེན་པ་རྫོགས་པ་ལ་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། སླར་ཡང་སྤྱར་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེ་བའི་སྨོན་འདུན་གྲངས་མེད་ཡོད།

    Reply
  19. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    སྐུ་དངོས་ཞི་གཤེགས་དམ་པ་ཁོང་ལ་དེང་རབས་དང་སྲོལ་རྒྱུན་གཉིས་ཀའི་
    སློབ་སྦྱོང་མེད་པ་དངོན་བདེན་རེད་འདུག་
    ཁོང་གི་ལོ་རྒྱུས་ལ་གཟིགས་དང་ཁོང་གི་སློབ་སྦྱོང་གནང་མྱོང་མི་འདུག
    འོན་ཀྱང་ཁོང་གིས་ཕྱག་ལས་མང་པོ་གནང་འདུག་པ་ནི་བྱས་རྗེས་རེད།
    དེང་དུས་ཀྱི་ཤེས་ཡོན་ཆ་ནས་སྟོང་པ་རང་རེད་། རེད་མོད་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་སོགས་གནང་ཐུབ་པ་ནི་ཡ་མཚན་རེད།མི་རབས་རྒན་པ་རྣམས་མང་ཆེ་བ་ཤེས་ཡོན་ཆ་ནས་གཅིག་
    མཚུངས་ཡིན་པ་འདྲ།
    དེང་རབས་ཅན་རྣམས་ལ་སེམས་ཤུགས་རེ་ཡོད་ན་ལས་ཀའི་ཐོག་མི་རབས་གོང་མ་ཚོས་གནང་མ་ཐུབ་པ་གང་མང་ཞིག་གནང་ཐུབ་པའི་ཡིད་ཆེས་དང་
    སྤོབས་པ་ཡོད་ཆོག་ངེས་རེད་འདུག་
    ཁོང་ལྟ་བུའི་མི་རབས་རྒན་པ་ཚོས་ཤེས་ཡོན་མེད་པས་ལས་ཀ་མ་འགྲུབ་པ་ག་ཚོད་། ལོས་ཡོད།

    Reply
  20. གཡག says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་ཚེ་རྫོགས་པར་རྗེས་དྲན་དང་མྱ་ངན་ཞུ། ཁོང་གི་མཛད་རྗེས་དང་གྲགས་སྙན་ལ་ཡི་རངས་ཡོད།

    Reply
  21. འབྲི་གུང་སྒྲོན་མེ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ཞིང་ཕེབས་པ་བསྔོ་སྨོན་ཞུ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    འདི་དང་དུས་གསུམ་བསགས་པ་ཡི།
    དགེ་རྩ་ཇི་སྙེད་མཆིས་པ་ཀུན།
    འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག
    སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ།

    Reply
  22. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བོད་མི་རིགས་གཉེན་འཕྲང་ཅན་གྱི་དུས་འདིར་རང་ནུས་གང་ཡོད་ཀྱིས་འབད་པ་གནང་བ་ཀུན་ལ་སྙིང་ནས་རྗེས་སུ་ཡི་རང་ཡོད། སྐྱོན་ཀུན་ཟད་པ་སངས་རྒྱས་ཀྱིས་སེམས་ཅན་ཡོད་དགུ་མགུ་བར་མ་ཐོན་ན་སྐུ་གཞེགས་པ་གང་ཉིད་ཀྱི་

    Reply
  23. གནས་ཚང་། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ཞིང་དུ་གཤེགས་པར་མྱ་ངན་ཞུ་བ་དང་ཆབས་ཅིག ནང་མི་ཡོངས་ལ་སེམས་གསོ་ཡོད། དམ་པ་ཁོང་གི་ལེགས་རྗེས་དང་མཛད་འཕྲིན་མཇུག་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཡང་ཡོད།

    Reply
  24. ཚ་ཕྲུག་རྒྱལ། says:
    ལོ་ 14 སྔོན།

    སྐུ་གཤེགས་བཀའ་ཁྲི་ཟུར་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་མཛོད་རྗེས་སུ་ཡིད་རང་དང་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་གནས་ཚུལ་བཅས་ལ་མྱ་ངན་གུས་འདུད་དང་རྗེས་ལུས་ནང་མི་རྣམས་ལ་ཐུགས་གསོའི་མཚམས་འདྲི་ཡང་ཞུ།

    Reply
  25. རྟ་བོར་བ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་ཚེ་རྫོགས་པར་རྗེས་དྲན་དང་མྱ་ངན་ཞུ།
    ད་ལྟ་ཁམས་གསུམ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་ལ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་ཐོབ་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  26. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    དམ་པ་ཁོང་ལ་མྱ་ངན་གུས་འདུ་གྲངས་མེད་ཞུ་བཞིན་ཡོད།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  27. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    འཇུ་ཆེན་ཁོང་སྐུ་ཞིང་ལ་གཤེགས་པར་དགེ་སྨོན་གྲངས་མེད་འདེབས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  28. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་མདང་ནུབ་སྐུ་ཚེ་རྫོགས་པར་མྱ་ངན་ཞུ། ཁྱེད་ནི་ང་ཚོང་བོད་མི་རིགས་ཀྱི་ལམ་ཁྲིདཡིན། ཁྱེད་ནི་ང་ཚོང་བོད་མི་རིགས་ཀྱི་དཔལ་རྒོད་ཡིན། ཁྱེད་ནི་ང་ཚོང་བོད་མི་རིགས་ཀྱི་སྲོག་རྩ་ཡིན་། ཁྱེད་ནི་ང་ཚོང་བོད་མི་རིགས་ནོར་བུ་ཡིན། མི་ཚེ་དེ་རང་མི་རིགས་ཀྱི་བདེ་སྡུག་ཆེད་དུ་རྫོགས་པའི་མི་རྗེ་ཁོང་ལྟ་བུ་གཤེགས་པ་ནི་ཡིད་ཕངས་པ་ཞིག་རེད། ངོ་མ་ཕངས་སེམས་ཆེ་བ་ལ་ཨང་།
    ཁོང་གི་ནང་མི་ལ་ཡང་སེམས་གསོའི་མཚམས་འདྲི་ཞུ།།

    Reply
  29. རྒྱལ་ཁམས་པ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཁོང་གིས་བཞག་པའི་མཛད་རྗེས་རྣམས་ཕྱོགས་གཅིག་ཏུ་སྡོམ་ནས་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུ་ལ་འགྱུར་བའི་སྨོན་འདུན་ཞུ།

    Reply
  30. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གང་ལྟར་ཡང་ཁོང་གི་མི་ཚེ་འདི་བོད་མི་རིགས་ཀྱི་ཆེད་བཏང་བ་རེད་་་་ལས་ཀའི་ཕྱོགས་ནས་འགྲིག་མ་འགྲིག་སུ་ཡིན་ནའང་ཡོད་པ་རེད་་་་་མི་ཚང་མའི་སྣང་བར་འགྲོ་རྒྱུ་སུ་ཡིན་ནའང་ཡོང་གི་མ་རེད། ཁོང་འདི་ལྟར་བཞུད་པ་ཡིད་ཕམ་དགོས་པ་ཞིག་རེད།
    དར་རྟེན་ཡག་པོ་ཞིག་ཐོབ་པར་བསྔོ་སྨོན་རེ་བྱེད་ལས་ཐབས་མི་འདུག་ཡ

    Reply
  31. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ཡིད་སྐྱོའི་གནས་ཚུལ་དེ་གོ་མ་ཐག་སེམས་སྐྱོ་སྣང་དང་ཡ་མཚན་སྣང་གི་ངང་ནས་སྤུན་ཉེ་ཁག་ཅིག་ལ་ཁ་པར་གཏང་བ་ཡིན་པས། ཚང་མས་ཨ་ཁཱ་ཞེས་ཡིད་སྐྱོ་སྣང་ཕང་སྣང་གི་ངང་ནས་མ་ཎི་འདོན་བཞིན་འདུག དེའི་ཐད་ནས་ངའི་སྤུན་མཆེད་གི་ནང་ནས་ཁོང་ལ་གདེང་འཇོག་ཧ་ཅང་ཆེན་པོ་ཡོད་པ་ང་དང་གཅིག་མཚུངས་རེད་འདུག དེ་མིན་སྤྱི་ཚོགས་སྟེང་ལ་དེ་སྔོན་ངན་ཕྱོགས་ཀྱི་ལབ་གླེང་མང་པོ་ཞིག་ཡོད་ད་ཆ་བཟང་ཕྱོགས་ཀྱི་བྱས་རྗེས་མང་དག་ཞིག་གླེང་ངེས་ཡིན། དེ་ནི་བོད་མིའི་ཁྱད་ཆོས་བཅོས་མ་མ་ཡིན་པ་ཞིག་རེད།

    ཨ་ཕོ་ཡོད་དུས་ཨ་ཕོས་མི་འགྲིག་མང། །
    ཨ་ཕོ་ཕྱིན་རྗེས་ཨ་ཕོར་བྱས་རྗེས་མང། །
    ཨ་ཕོའི་བཟང་ངན་སྲང་གིས་ཚད་ཞལ་ཚེ། །
    བཟང་ལ་རྒྱ་གང་ངན་ལ་སྲང་གང་ཡིན། །

    དེ་ནི་བཟང་ངན་འཇལ་བར་མ་བརྩོན་པར་འདས་པོའི་ཆེད་ལ་མ་ཎི་འཕྲེང་སྐོར་ཞིག་འབྲང་ན་དོན་གོ་ཆེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  32. vajra says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་ཚེ་རྫོགས་པར་མྱ་ངན་ཞུ།
    མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣེ་དྲོངས་། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  33. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    དམ་པ་ཁོང་ང་ཚོ་དང་ཞལ་བྲལ་བ་ཚད་མེད་མེད་པའི་བློ་ཕམ་བྱུང་།

    Reply
  34. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    འདིར་ཁོང་གི་ལོ་རྒྱུས་མདོར་བསྡུས་ཆ་ཚང་བ་ཞིག་སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱི་ཟིན་བྲིས་ལས་ཕབ་བཤུས་ཀྱིས་བཀོད་པ་ཡིན། དུས་བབ་གསར་ཤོག་འདོན་ཐེངས་གང་རུང་གི་མི་སྣ་ངོ་སྤྲོད་ནང་ཁོང་གི་ལོ་རྒྱུས་འདི་འདྲ་བ་ཞིག་ཡོད་ནའང་ད་ལྟ་འདོན་ཐེངས་གང་ཡིན་གསལ་བོ་དྲན་གི་མི་འདུག

    འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་ཁམས་སྡེ་དགེའི་ཁོངས་རྨེ་ཤོད་འཇུ་ཆེན་ཚང་དུ་འཁྲུངས། ཆུང་དུས་ནས་དགེ་བའི་བཤེས་གཉེན་བསྟེན་ཏེ་བོད་ཀྱི་བརྡ་དག་རིག་གནས་དང་ཆོས་ ཕྱོགས་ཀྱི་སློབ་གཉེར་གནང༌། དགུང་ལོ་ ༡༧ ཐོག་ལྷ་ས་དང་ས་སྐྱ་སོགས་ལ་གནས་གཟིགས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སྟེ་དགུང་ལོ་ ༡༩ ཐོག་རང་ཡུལ་དུ་ཕེབས།
    རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས་མཐུན་ཟབ་ཀྱི་ལས་འགན་གནང་བ་ལྟར་རྒྱ་ནག་བརྒྱུད་ཀོ་རི་ཡ་དང་དྲིན་ཐུར་ཐེངས་གཅིག་ཕེབས། ༡༩༥༥ ལོར་ཁམས་ཁུལ་དམངས་གཙོའི་བཅོས་བསྒྱུར་ཞེས་པ་ལག་བསྟར་བྱེད་སྐབས་ལས་འགུལ་དེར་ངོ་རྒོལ་འཐབ་འཛིང་བྱས་པ་དང་སྡེ་དགེ་ཚང་གི་གནས་སྟངས་གཞུང་སར་སྙན་གསན་དང༌། སྡེ་དགེ་ཁུལ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུར་བོད་གཞུང་གིས་མཚོན་ཆའི་མཐུན་འགྱུར་ཡོང་བ། དེ་བཞིན་གཞུང་གི་མཛད་བྱུས་དང་འབྲེལ་བའི་ལམ་སྟོན་ཇི་ཡོད་དང་ཆུ་སྒང་གི་སྒེར་ལངས་སྐོར་བཅས་ཤེས་རྟོགས་སླད་ལྷ་སར་ཐེངས་ལྔ་ཙམ་མངགས་པ་ལྟར་ཕེབས།
    ༡༩༥༩ ལོའི་ལོ་སྟོད་དུ་ལྷ་ས་ནས་ཕ་ཡུལ་དུ་ཐེངས་རྗེས་མ་ཕེབས་ལམ་ཆབ་མདོར་འབྱོར་སྐབས་ཁམས་ཤར་ནུབ་སྟོད་སྨད་གང་ས་ནས་རྒྱ་དམར་ལ་རྒོལ་འཛིང་བྱས་ཟིན་སྟབས་ཆབ་མདོ་ནས་ཕར་ཕེབས་མ་ཐུབ་པར་ལྷ་སར་ཕེབས། ཉིན་ཉི་ཤུ་ཙམ་གྱི་རྗེས་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྒེར་ལངས་ཆེན་མོ་བྱུང་བར་བརྟེན་ནོར་གླིང་དུ་དང་བླང་མི་དམངས་ཀྱི་ཁོངས་ཕེབས་ནས་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་གྱི་འགོ་འཁྲིད་གནང༌།
    ྋགོང་ས་མཆོག་ནོར་གླིང་ནས་ཆིབས་ཐོན་གནང་བའི་ཕྱི་ཉིན་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་ར་མ་སྒང་གྲུ་ཁར་རྒྱ་དམག་རྗེས་དེད་དུ་འགྲོ་མཁན་བཀག་འགོག་ཆེད་འགྲོ་སྐབས་རྒྱ་དམག་སྔོན་འབྱོར་ཟིན་པར་འཁྲུག་འཛིངས་དང༌། དེ་ནས་ཆུ་ཤུལ་དང་ཡར་འབྲོག་མཚོ་ཁ། གཉན་སྦྱོར་ར། ཁ་བཏགས་དགོན་སོགས་སུ་རྒྱ་དང་འཁྲུག་འཛིངས་ལན་མང་གནང་མཐར་རྨ་སྒོ་ལ་བརྒྱུད་རྒྱ་གར་ལ་ཕེབས་ནས་མི་ས་མ་རི་དང་ཀ་སྦུག་ལ་བཞུགས། ཕྱི་ལོ་ ༡༩༦༠ ལོར་མའི་སོར་གཞིས་ཆགས་སུ་ཕེབས་ཏེ་བཅུ་དཔོན་དང་མི་མང་གི་འཐུས་མི་གནང༌། ཕྱི་ལོ་ ༡༩༦༣ ནས་ ༡༩༦༥ བར་རྡོར་གླིང་ཁུལ་དུ་བཞུགས། ཕྱི་ལོ་ ༡༩༦༥ ལོར་མའི་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང༌། མཉམ་སྦྲེལ་ཚོགས་མི་ལོ་དགུ་གནང༌། ཕྱི་ལོ་༡༩༧༢ ལོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གནང༌།
    ཕྱི་ལོ་ ༡༩༧༢ ཟླ་ ༡༢ ཚེས་ ༢༥ ནས་ ༡༩༧༦ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་གནང་སྐབས་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས། ༡༩༧༦ ཟླ་ ༥ ཚེས་ ༡༡ ཉིན་དྲིལ་བསྒྲགས་བཀའ་བློན་དུ་བསྐོས། དེ་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་ཁུར་བཞེས། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་ལྟ་བསྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། དེ་རྗེས་ལོ་དེ་གའི་ནང་རྒྱུན་བཞུགས་བཀའ་བློན་ཡིན་མུས་ཁར་ཤེས་རིག་བཀའ་བློན་དུ་བསྐོ་སྩལ་ལྟར་ཕྱི་ལོ་ ༡༩༨༠ ཟླ་ ༨ ཚེས་ ༢༤ ནས་ ༡༩༨༥ ཟླ་ ༡ བར་དང༌། དེ་རྗེས་བཀའ་བློན་ཁྲི་པ་ཡིན་མུས་ཁར་ཕྱི་ལོ་ ༡༩༨༧ ཟླ་ ༩ ནས་ ༡༩༨༨ ཟླ་ ༡༡ བར་བཅས་ཤེས་རིག་བཀའ་བློན་གྱི་མཛད་ཁུར་ཐེངས་གཉིས་བཞེས། ༡༩༨༢ ལོར་ཡང་བསྐྱར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ཕྱི་ལོ་༡༩༨༣ ཟླ་ ༣ ཚེས་ ༡༡ ཉིན་ནས་ཆོས་དོན་དང་ནང་སྲིད་བཀའ་བློན་བཅས་འཕར་སྣོན་དུ་བསྐོ་སྩལ་ལྟར་ཕྱག་ལས་ གནང༌། དེ་རྗེས་ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་ནག་ཏུ་འབྲེལ་མཐུན་ཉམས་ཞིབ་ལས་དོན་མཇུག་སྐྱོང་ཆེད་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ཕྱི་ལོ་ ༡༩༨༣ ནས་བཟུང་བཀའ་བློན་ཁྲི་པའི་འགན་ཁུར་ལོ་བརྒྱད་དང༌། ཁྱོན་བསྡོམས་བཀའ་བློན་གྱི་མཛད་ཁུར་ལོ་ངོ་ ༡༥ གནང༌།
    ལས་ཡུན་དེའི་རིང་ཤེས་རིག་ལས་དོན་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི་ དང༌། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཕྱི་ལོ་ ༡༩༩༢ བར་གནང༌། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་ཕྱི་ལོ་ ༡༩༩༥ ལོ་བར་དང༌། མ་སུ་རི་བོད་ཁྱིམ་དང་དྷ་ས་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ད་ལྟའང་(ཕྱི་ལོ་ ༢༠༡༠ ལོར་གོ་དགོས་)གནང་མུས།
    ཕྱི་ལོ་ ༡༩༩༡ ཟླ་ ༦ པ་ནས་ ༡༩༩༥ བར་བོད་ཀྱི་རྩ་ཁྲིམས་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་གི་འགན་འཛིན་དང༌། ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་ལོ་གཉིས་དང་ཟླ་བ་དྲུག་རིང་ཞིབ་འཇུག་ཚོགས་ཆུང་གི་འགན་འཛིན་བཅས་ཀྱི་ལས་དོན་གནང་ཡོད།
    ཕྱི་ལོ་༢༠༠༢ ལོ་དང་ ༢༠༠༧ ལོ་སོ་སོར་བཀའ་བློན་ཁྲི་པའི་འོས་འདྲར་ཕེབས་ཤིང༌། དེ་ཡང་བཀའ་བློན་ཁྲི་པ་གནང་རྒྱུའི་ཆེད་དུ་མ་ཡིན་པར། བཅའ་ཁྲིམས་དགོངས་དོན་འོས་མི་ཉུང་མཐར་གཉིས་དགོས་པ་ལྟར་ཁྲིམས་ལུགས་གཞི་བཟུང་བཀའ་ཁྲི་འོས་འདེམས་ཀྱི་ལས་དོན་ལག་བསྟར་དང་གཞུང་གི་ཕྱག་གྲོན་ཆུད་ཟོས་སུ་མ་འགྲོ་བའི་ཆེད་དུ་ཡིན་ཞེས་གསུངས་འདུག

    Reply
  35. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མ་གཤེགས་རྙོག་གྲ་རྐྱང་རྐྱང་རེད།
    གཤེགས་ན་བྱས་རྗེས་རྐྱང་རྐྱང་རེད།
    བོད་པའི་བཤད་སྲོལ་དང་གཤིས་ཀ
    འདི་ངས་དངོས་ནས་མི་ཤེས་སྙམ།
    བཀའ་ཟུར་ཁོང་གི་བྱས་རྗེས་དང་།
    ཁོང་གིས་འཕོངས་པ་རྣམས།
    སྡོམ་རྩིས་ཤིག་རྒྱབ་ན་གང་འདྲ་སྙམ།
    འོན་ཀྱང་དྲང་པོ་བཤད་མཁན་ནི་ཧ་ཅང་དཀོན།

    Reply
  36. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    དངོས་ནས་སུན་སོང་། བསམ་ཚུལ་ཞིག་གཏོང་བ་ཡིན་མོད་མཐོང་རྒྱུ་མི་འདུག

    Reply
  37. ནགས་མཚོ says:
    ལོ་ 14 སྔོན།

    བོད་མིའི་དཔའ་རྒོད་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་གཤེགས་པ་ལ་སྐྱོ་བའི་མྱ་ངན་ཞུ་བ་དང་ཁོང་གི་ནང་མི་ལ་ཡང་སེམས་གསོའི་མཚམས་འདྲི་ཞུ།

    Reply
  38. ཏྰ་ན་བློ་བཟང་། says:
    ལོ་ 14 སྔོན།

    འཇུ་ཆེན་མཆོག་བཞུད་སོང་བར་མྱ་ངན་དང་གུས་འདུན་ཞུ།

    Reply
  39. ལུང་རྟོགས། says:
    ལོ་ 14 སྔོན།

    སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས་། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  40. བཀྲ་ཤིས། says:
    ལོ་ 14 སྔོན།

    ས་སྤྱོད་སྡེ་དགེ་རྒྱལ་པོའི་མདུན་ན་འདོན༎
    ལྷ་རིགས་གནམ་གྱི་འཇུ་ཐག་མ་ཆད་པ༎
    ལུགས་ཟུང་འདུན་མ་ལེགས་པའི་མི་ཚེ་དེ༎
    ཁམས་པའི་ཕོ་རྒོད་ཅིག་གི་མིག་དཔེ་ཡིན༎

    Reply
  41. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    གནས་ཚུལ་འདི་མཐོང་བ་དང་མཉམ་དུ་ཤིན་ཏུ་བློ་ཕམ་སོང་། མི་ཚེ་དེ་རང་མི་རིགས་ཀྱི་བདེ་སྡུག་ཆེད་དུ་རྫོགས་པའི་མི་རྗེ་ཁོང་ལྟ་བུ་གཤེགས་པ་ནི་ཡིད་ཕངས་པ་ཞིག་རེད། འོན་ཀྱང་འདི་ལྟར་ཡོང་དགོས་པ་ནི་ཆོས་ཉིད་ཅིག་རེད། མྱ་ངན་གུས་འདུས་ཞུ་བཞིན་ཡོད།

    Reply
  42. དབུ་མ་པ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་མདང་ནུབ་སྐུ་ཚེ་རྫོགས་པར་མྱ་ངན་ཞུ་

    Reply
  43. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    མི་རིགས་ཞིག་གི་སྲོག་རྩ་ཆད་སོང་། མི་རིགས་ཞིག་གི་སྣེ་ཁྲིད་རྫོགས་སོང་། མི་རིགས་ཞིག་གི་དཔའ་རྒོད་བུད་སོང་། མི་རིགས་ཞིག་གི་ལམ་ཁྲིད་ཕེབས་སོང་། འདི་ལྟར་མི་རབས་སྔོན་མ་བྱས་རྗེས་ཅན་དག་ནི་གཅིག་རྗེས་གཉིས་མཐུད་ཀྱིས་ལ་ལ་ནི་ངལ་གསོ་སར་ཕེབས་འགྲོ། ལ་ལ་ནི་འདི་ལྟར་སྡོད་མི་ཚུགས་པར་གཤིན་ཡུལ་ལ་བུད་འགྲོ། འདི་ལྟར་སེམས་སྟོབས་དང་ཤེས་འཇོན་ལྡན་པའི་སྤུན་ཟླ་ཚོ་ནི་ཁྱུ་དང་ཁྱུ་བྱས་ནས་རང་ཡུལ་ལ་ལོགས་སོང་། ད་ནི་འདི་ལྟར་བཙན་བྱོལ་ན་ཁེར་རྐྱང་དུ་ལུས་པའི་ང་ཚོ་ཇི་ལྟར་འཚོ་ཐུབ། ཡར་ཁྱིམ་ལ་འཛུལ་སའི་གཞུང་མེད། མར་སྒོ་ན་འགྲོགས་སའི་གྲོགས་མེད། འདི་ལྟར་ཉམས་ཐག་པ་ཞིག ཀྱེ་མ་སྔོན་ལས་བཙན་པོ་འདི་སུ་ཞིག་གིས་བསྐོས་སོང་། གནམ་རྒན་མ། མགོན་སྐྱབས་ཞིག་མེད་ནོ། ཐུགས་རྗེ་ཞིག་མེད་ནོ། གངས་ཅན་པ་ཚོ།

    Reply
  44. སྤོམ་སྒང་གི་་ཕུན་བཀྲིས། says:
    ལོ་ 14 སྔོན།

    ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་བཀའ་ཟུར་འཇུ་ཆེན་གཟི་བརྗིད་ངང་།
    སྐུ་གཤེགས་པར་མྱ་ངན་དང་། གུས་བཏུད། ཡི་རང་ཞུའོ།།

    Reply
  45. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    དགུང་གྲངས་ལྟར་ན་ཡིད་སྐྱོ་དགོས་པའི་ཚད་ན་མེད་མོད། མི་རིགས་འདིའི་ད་ལྟའི་གནས་བབ་སྡུག་པོ་འདི་འདྲ་ཞིག་གི་ངོས་ནས་བསམ་ན་ཅིང་སེམས་ཁ་མི་བདེ་བ་ཞིག་རེད། གང་ལྟར་ཀྱང་མི་འདི་ཚོའི་གྲས་ཏེ་ང་ཚོ་དྲིན་ཆེན་ཡིན་པས་སེམས་གཏིང་ནས་མྱ་ངན་ཞུ།

    Reply
  46. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 14 སྔོན།

    ངས་ནམ་རྒྱུན་སྐོུ་ཁོང་ལ་འཆི་མེད་ཚེ་རིང་ཐོབ་འདུག་བསམ་གྱི་ཡོད། ཨ་ཁ་ཁ་་་་་་་་

    Reply
  47. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དཔའ་འགྱུར་མེད་སྡེ་དགེའི་འཇུ་ཆེན་རེད།
    བློ་འགྱུར་མེད་སེམས་དཀར་བོད་ལ་རེད།
    ལྟ་འགྱུར་མེད་རང་བཙན་གཙང་མ་རེད།
    དཔོན་ཁྱེད་ཀྱི་ཆེད་དུ་མྱ་ངན་ཞུ།

    Reply
  48. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་གཤེགས་པ་ལ་སྐྱོ་བའི་མྱ་ངན་ཞུ།

    Reply
  49. ནགས་མེ། says:
    ལོ་ 14 སྔོན།

    འདི་ལྟར། རི་བོ་ལྟར་ལྕི་བའི་སྔ་མི་ཚོ་རེ་རེ་བཞིན་བཞུད་ནས། བྱ་སྤུ་ལས་ཡང་བའི་ང་ཚོ་རྐྱང་རྐྱང་ལྷག་སྡོད་མདོག་ཁ་པོ་རེད།

    Reply
  50. རོ་ལངས། says:
    ལོ་ 14 སྔོན།

    མི་ཚེ་བོད་དོན་གྱི་ཐོགས་ཏུ་བཏང་མཁན་གྱི་རླབས་ཆེན་གྱི་མི་རབས་གོང་མ་དག་འདི་ལྟར་བཞུད་འགྲོ་བ་ཆོས་ཉིད་ཡིན་མོད། ངོ་མ་ཕངས་སེམས་ཆེ་བ་ལ་ཨང་།
    སྙིང་གི་གཏིང་ནས་མྱ་ངན་དང་སྨོན་ལམ་ཡོད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese