མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་རྩོད་རྣོ་ངར་ལྡན་ཤོས་དེ་རིག་གནས་ཀྱི་འཐབ་རྩོད་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་སྤེལ་བཞིན་པའི་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་བྱ་འགུལ་དང་འབྲེལ་བའི་ཐོག་ནས། བྱ་འགུལ་གོ་སྒྲིག་པ་ཤིན་བཟའ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་ཡོད།

   དྲི་བ། ཐོག་མར་རིན་པོ་ཆེ་མཆོག་གིས་གོ་སྒྲིག་འོག་ཉེ་ཆར་མགོ་འཛུགས་གནང་ཟིན་པའི་སྙན་ངག་སྒྲོག་སྦྱོང་གི་འགྲན་བསྡུར་དེ་ད་ལྟ་རིམ་པ་ག་འདྲ་ཞིག་ལ་སླེབས་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། ད་ལྟ་སྙན་ངག་སྒྲོག་སྦྱོང་གི་སྔོན་འགྲོའི་རིམ་པ་དེ་སོང་ཚར་བ་རེད།  འགྲན་བསྡུར་ས་ཁུལ་ཁག་ ༨ ནས་ཁྱོན་བསྡོམས་འགྲན་ཞུགས་པ་མི་ ༢༡༣ བྱུང་བའི་ནང་དངོས་གཞིའི་འགྲན་ཞུགས་ཁྲོད་མི་ ༩༨ འདེམས་ཐོན་བྱུང་ཡོད། དངོས་གཞིའི་འགྲན་བསྡུར་རིམ་པ་དེ་ཕྱི་ཟླ་ ༩ པའི་ནང་ལྷོ་ཕྱོགས་ནས་མགོ་བཙུགས་ཏེ་འགྲན་བསྡུར་གནང་གཏན་ཁེལ་ཡོད།  ཚེས་ ༡༣ ཉིན་ལྷོ་ཕྱོགས་མོན་གྷོ་དང་སྤེལ་ཀོབ་གཉིས་ཀྱི་འགྲན་ཞུགས་པ་རྣམས་མཉམ་དུ་སྦེལ་ཀོབ་ས་གནས་སུ་འགྲན་བསྡུར་དང་། ཚེས་ ༡༨ ཉིན་མཱ་སུ་རི་བོད་ཁྱིམ་སློབ་གྲྭ་དང་བོད་གཞུང་གཏན་སློབ། ར་ཇི་པུར་སློབ་གྲྭ། ས་སྐྱ་མཐོ་སློབ་བཅས་ཀྱི་འགྲན་ཞུགས་པ་རྣམས་མ་སུ་རི་འཛོམས་ཏེ་འགྲན་བསྡུར་གནང་རྒྱུ་དང་། ཚེས་ ༢༡ ཉིན་ཝར་ཎ་མཐོ་སློབ་ཀྱི་འགྲན་ཞུགས་པ་རྣམས་སློབ་གྲྭ་རང་དུ་འགྲན་བསྡུར་གནང་རྒྱུ། ཚེས་ ༢༥ ཉིན་ངྷ་རམ་ས་ལའི་ཉེ་འཁོར་སློབ་གྲྭ་ཁག་དང་། ས་རཱ་མཐོ་སློབ། གྷོ་པ་པུར། སུ་ཇཱ་སློབ་གྲྭ་བཅས་ཀྱི་འགྲན་ཞུགས་པ་རྣམས་ངྷ་སར་བསྡུས་ཏེ་འགྲན་བསྡུར་གནང་གཏན་འཁེལ་ཡོད།

 

    དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་གཞི་རྒྱ་ཆེ་བའི་སྙན་ངག་སྒྲོག་སྦྱོང་འགྲན་བསྡུར་འདི་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།   

ལན། སྙན་ངག་གྱེར་འདོན་གྱི་བྱ་འགུལ་འདི་སྤེལ་དགོས་པར་རྒྱུ་མཚན་ཁ་ཤས་ཤིག་ཡོད། རྒྱུ་མཚན་གཙོ་བོ་དེ་ཕྱི་ལོ་ ༢༠༡༠ ལོར་བོད་ནང་སློབ་མས་ཡར་ལངས་བྱུང་པ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་ནང་དུའང་སོ་སོའི་སྐད་ཡིག་དང་རིག་གཞུང་དེ་གལ་ཆེན་ཡིན་པའི་ངོས་འཛིན་ཞིག་དང་། དེ་བཞིན་གཞུང་དང་མི་མང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མའི་ངོས་ནས་དོ་སྣང་ཞིག་བསླེབས་ཏེ་གཡོ་འགུལ་ཤུགས་ཆེན་པོ་ཞིག་སླེབས་མགོ་བརྩམས་ཡོད་པ་རེད།    རྒྱུ་མཚན་གཉིས་པ་དེ་ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་དང་། རྩིས་འཁོར་སོགས་ཀྱི་ནང་ལ་ཐད་ཀར་བོད་ཡིག་བཞག་ཡོད་པ་དེ་ཡིས་ཕན་ཚུན་ལ་འཕྲིན་ཐུང་གཏོང་བ་དང་། ལྷག་པར་དུ་ངོ་དེབ་དང་བོད་ཡིག་གི་དྲ་རྒྱ་མང་པོ་ཞིག་རིམ་པས་ཐོན་ཡོང་དུས། གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་ལ་དང་དོད་བྱ་རྒྱུའི་འདུན་པ་གསར་བ་ཞིག་སླེབ་བཞིན་འདུག  དེ་ལྟའི་དུས་སྐབས་འདིར་སོ་སོའི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ན།  སྤྱི་ཚོགས་ཀྱི་གནས་བབ་ཐད་ནས་ཀྱང་འཕྱི་མ་དྲག་པ་དང་སྔ་མེད་པའི་དུས་ཚོད་ཏག་ཏག་ཅིག་མཐོང་གི་འདུག  དེར་བརྟེན། སྡིངས་ཆ་རང་བཞིན་གྱི་སྙན་ངག་སྒྲོག་སྦྱོང་གི་ལས་འགུལ་འདི་སྤེལ་བ་ཡིན་ན། སོ་སོའི་འཇོན་ཚོད་ཀྱི་ངོས་ནས་ཀྱང་ཏག་ཏག་ཅིག་ཡོང་ཐུབ་ཀྱིན་འདུག་བསམ་སྟེ་ལས་འགུལ་འདི་སྤེལ་མགོ་བརྩམས་པ་ཡིན།

 

    དྲི་བ། སྙན་ངག་གྱེར་འདོན་མཚོན་པའི་སྒྱུ་རྩལ་རྩོམ་རིག་གི་བྱ་འགུལ་རིགས་ནི། སྐུ་ཉིད་ཀྱི་ངོས་ནས་མི་རིགས་ཀྱི་འཐབ་བརྩོད་ལས་དོན་ཁྲོད་གལ་འགངས་ཆེ་ཆུང་ག་ཚོད་ཅིག་གཟིགས་ཀྱི་ཡོད་དམ།

ལན།  ད་ལྟའི་ཆ་ལ་ང་ཚོའི་ངོས་ནས་སྙན་ངག་གྱེར་འདོན་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་རེད། མ་གཞི་སོ་སོའི་སྐད་ཡིག་སྲུང་སྐྱོབ་ཐད་ད་དུང་སྒྱུ་རྩལ་རང་བཞིན་གྱི་ལས་འགུལ་སྤེལ་རྒྱུ་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་། གོང་དུ་ཞུས་པ་བཞིན་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་ན་འགྲོ་སོང་དང་གང་ཅིའི་ཐད་ནས་ཡོང་ས་རེད་བསམ་སྟེ་ང་ཚོས་ངོས་ནས་སོ་སོའི་གང་འཇོན་པ་དེ་བདམས་པ་རེད། སྤྱིར་འཛམ་གླིང་སྤྱིའི་འགྲོ་སྟངས་ལ་བལྟས་པ་ཡིན་ནའང་། རྒྱལ་ཁབ་མང་པོ་ཞིག་གི་འཐབ་རྩོད་ལས་འགུལ་ཁྲོད་དུའང་སྙན་ངག་གྱེར་འདོན་གྱི་ལམ་ནས། རྩོམ་པ་པོའི་སེམས་ཁམས་དེ་མི་མང་གི་ཁྲོད་དུ་བརྒྱུད་སྒྲོག་བྱེད་པ་སོགས་མང་པོ་བྱུང་ཡོད་པ་རེད། ལས་འགུལ་འདི་རིགས་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག  ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་འདི་རྒྱལ་ཁབ་མེད་པ་དང་ལུང་པ་མེད་པ་ཞིག་ཆགས་བསྡད་ཡོད་དུས། སོ་སོའི་ལུང་པའི་འཐབ་རྩོད་དེ་གལ་ཆེ་ཤོས་ཆགས་བསྡད་ཡོད་པ་རེད། དེར་བརྟེན་རིག་གཞུང་སྲུང་སྐྱོབ་དང་མཉམ་དུ་སོ་སོའི་འཐབ་བརྩོད་ཀྱི་བརྒྱུད་རིམ་ལའང་ཕན་ཐོག་ལྡན་པའི་ཐབས་ཤེས་རིགས་འདེམས་དགོས་པ་རེད། དེ་ལྟར་བྱས་ན་ང་ཚོའི་སྤྱི་ཚོགས་ཀྱི་འཐབ་རྩོད་རང་བཞིན་ལའང་སྔར་ལས་ལྷག་པའི་ཕན་ནུས་ཤིག་ཏན་ཏན་ཡོང་གི་རེད་བསམ། ལྷག་པར་དུ་སོ་སོའི་སེམས་ཤུགས་འཕེལ་བ་དང་། མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཡོང་ཐབས་ཀྱི་རྩོམ་ཡིག་མང་པོ་ཞིག་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཐོག་མི་མང་ཁྲོད་བརྒྱུད་བསྒྲགས་བྱ་ཐུབ་པ་ཡིན་ན། ཚང་མ་མཉམ་རུབ་ཡོང་ཐབས་སོགས་ཕྱོགས་མང་པོ་ཞིག་ལ་ཕན་ཐོག་ཡོང་གི་རེད།  

 

    དྲི་བ། སྐུ་ཉིད་ཀྱི་གཟིགས་ཚུལ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྒྱུ་རྩལ་རྩོམ་རིག་གི་གནས་བབ་དེ་ད་ལྟའི་ཆར་གནས་སྟངས་ག་འདྲ་ཞིག་ལ་མཐོང་གི་ཡོད་དམ།   

ལན། ཚད་འདི་འདྲ་ཞིག་རེད་ཟེར་ནས་བཤད་ཡ་ཁག་པོ་རེད། ཡིན་ནའང་། ད་ལྟ་ང་ཚོས་སྤེལ་བཞིན་པའི་བྱ་འགུལ་འདི་བརྒྱུད་དེ་བལྟས་བ་ཡིན་ན། གཞོན་སྐྱེས་མང་པོ་ཞིག་གི་སེམས་ནང་དུ་རང་ཚོད་ཀྱི་ལས་དོན་ཞིག་སྒྲུབ་དགོས་ཀྱི་འདུག་བསམ་པའི་འདུན་པ་ཡོད་བསྡད་པ་དེ་ཐག་ཆོད་རེད། རང་གི་སྐད་ཡིག་དང་འབྲེལ་བའི་ལས་འགུལ་གང་འདྲ་ཞིག་གོ་སྒྲིག་བྱས་པ་ཡིན་ནའང་། ད་ལྟ་གཞོན་སྐྱེས་མང་པོ་འཛུལ་ཞུགས་ཡོང་མིན་ཐད་སེམས་ཁྲལ་ཆེན་པོ་མི་འདུག  སྔོན་མ་ཡིན་ན་སྡིངས་ཆ་ག་འདྲ་ཞིག་བསྐྲུན་པ་ཡིན་ནའང་མདུན་ལ་འཐོན་རྒྱུའི་བློ་ཁོག་ཡོད་པ་མ་རེད། ད་ལྟ་དུས་རབས་ཀྱི་འགྱུར་འགྲོས་དང་ཕྱོགས་མང་པོ་ཞིག་གི་དབང་གིས་མི་མང་བྱ་འགུལ་ཁྲོད་རང་མོས་འཛུལ་ཞུགས་གནང་གི་འདུག  ད་ལྟའི་ཆར་ང་ཚོས་སྒྲུབ་ཐུབ་པའི་སྒྱུ་རྩལ་རང་བཞིན་གྱི་ལས་འགུལ་རིགས་མང་པོ་ཡོད་པ་རེད།  བོད་རང་གི་སྐད་ཡིག་གི་ཐོག་ནས་སྙན་ངག་གྱེར་འདོན་དང་བཞད་གར། ཁ་ཤགས།  མཚར་གཏམ། དེ་བཞིན་གླུ་དང་གཞས་སོགས་འཁྲབ་སྟོན་གྱི་རིགས་མང་པོ་ཡོད་པ་རེད། འདི་དག་ཡོད་ཚད་ང་ཚོས་སྒྲུབ་ཐུབ་པ་ཡིན་ན། མི་མང་གི་ངོས་ནས་སྔར་ལས་ལྷག་པའི་དོ་སྣང་དང་མཉམ་ཞུགས་ཡོང་གི་རེད།

 

    དྲི་བ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་ཐད་མི་སྒེར་སོ་སོའི་ལས་འགུལ་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་ངོས་ནས་སྒྲུབ་དགོས་པའི་ལས་དོན་གང་དག་མཐོང་གི་ཡོད། 

ལན། ང་ཚོ་བཙན་བྱོལ་སློབ་གྲྭ་ཁག་ནང་སོ་སོའི་སྐད་ཡིག་གི་གནས་བབ་ཐད་ངེས་པར་བསྒྱུར་བཅོས་ཤིག་གཏོང་དགོས་ཀྱི་འདུག  འདིའི་ཐད་ཉམས་མྱོང་ཡོད་མཁན་གྱི་དགེ་རྒན་མང་པོར་གོ་བསྡུར་དང་། ལྷག་པར་དུ་བོད་ནང་གི་བསླབ་དེབ་མང་པོ་ཞིག་ལ་ཟུར་ལྟ་བྱས་ཏེ་སློབ་ཕྲུག་ཚོས་སོ་སོའི་སྐད་ཡིག་ལ་དོ་སྣང་ཡོང་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག ད་ལྟ་ང་ཚོས་སྐད་ཡིག་ཡར་རྒྱས་ཆེད་ཁོར་ཡུག་བསྐྲུན་ཡོད་ལབ་ཀྱི་ཡོད་པ་རེད།  ཡིན་ནའང་། ཁ་ནས་ཁོར་ཡུག་སྐྲུན་ཡོད་ལབ་པ་ཙམ་མ་ཡིན་པར་བྱིས་པ་ཚོས་སོ་སོའི་སྐད་ཡིག་སྒང་ལ་ཕྱོགས་གང་དག་ནས་དོ་སྣང་ཡོང་གི་ཡོད་མེད་ངེས་པར་དུ་ཚོར་དགོས་ཀྱི་འདུག  དཔེར་ན་རི་མོ་ཡོད་པའི་བྱིས་པའི་ཀློག་དེབ་མང་པོ་དང་། དེ་བཞིན་བསླབ་དེབ་ཀྱི་རིགས་ཡིན་ནའང་བྱིས་པ་ཚོས་གོ་བདེ་བ་དང་སེམས་ལ་འཇགས་ཐུབ་པ་ཞིག  དེ་བཞིན་སློབ་མ་རྣམས་ལ་ནང་ཆོས་ཀྱི་སྐད་ཆ་མཐོན་པོའི་རིགས་མ་ཡིན་པར་གོ་སླ་བའི་གནས་ལུགས་བཤད་དེ་བསླབ་བྱ་རྒྱག་དགོས་ཀྱི་འདུག  དེ་ལྟར་ཐབས་ཤེས་སྣ་མང་སྤྱད་དེ་བྱིས་པ་རྣམས་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ཡོད་པ་ཞིག་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད།  ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་འདིའི་ཐད་ནས་འཇོན་མེད་པ་དེ་གསལ་བོ་རེད། ད་ལྟའི་ཆར་ང་ཚོའི་སློབ་གྲྭ་ཁག་ནང་བོད་ནས་སླེབས་མཁན་རྣམས་མ་གཏོགས། བཙན་བྱོལ་རང་དུ་འཚར་ལོངས་བྱུང་མཁན་བྱིས་པ་ཚོའི་ཁྲོད་བོད་རང་གི་སྐད་ཡིག་ལ་དོ་སྣང་ཡོད་མཁན་ཧ་ལམ་དཀོན་པོ་རེད། གནས་སྟངས་འདིས་ང་ཚོས་བྱིས་པར་ཁོར་ཡུག་བསྐྲུན་ཕྱོགས་ཐད་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་གསལ་སྟོན་བྱས་ཡོད། གཞོན་སྐྱེས་ཚོར་སོ་སོའི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པའི་ཐོག་ནས། གཞན་པའི་སྐད་ཡིག་སྦྱང་པ་ཡིན་ན་རང་བཞིན་གྱིས་བསམ་བློའི་གོ་རྟོགས་དང་མི་རིགས་ཀྱི་བློ་སྟོབས་ཤིག་སླེབས་ཡོང་གི་རེད། བོད་ནང་གི་གཞོན་སྐྱེས་ཚོར་སྙིང་སྟོབས་དང་ལངས་ཕྱོགས་བརྟན་པོ་ཞིག་ཆགས་འདུག་པ་དེའང་སོ་སོའི་སྐད་ཡིག་གི་རྨང་གཞི་ཡོད་པས་རྐྱེན་གྱིས་རེད། ང་ཚོ་བཙན་བྱོལ་གཞོན་སྐྱེས་ཚོར་བོད་ཡིག་དང་དབྱིན་ཡིག་གཉིས་ཆར་ཏག་ཏག་ཅིག་ཡོང་ཐུབ་ཀྱི་མེད་པ་དེའང་། གཙོ་བོ་རང་གི་སྐད་ཡིག་ལ་རྨང་གཞི་བརྟན་པོ་མེད་པས་རེད།

 

    དྲི་བ། ཐེངས་འདིར་སྙན་ངག་སྒྲོག་སྦྱོང་གི་ལས་འགུལ་འདི་སྤེལ་བའི་བརྒྱུད་རིམ་ཁྲོད་བློ་ཕམ་དང་དཀའ་ངལ་རིགས་གང་དག་འཕྲད་སོང་ངམ།  

ལན། ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་དང་རིག་གཞུང་གང་གི་སྒང་ལ་ཡིན་ནའང་མཉམ་རུབ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། ལས་འགུལ་འདིའི་ཐད་ཤེས་རིག་དང་ཆོས་རིག་ལས་ཁུངས་གཉིས་ཀྱི་ངོས་ནས་རྒྱབ་གཉེར་མཐུན་འགྱུར་དང་།  དེ་བཞིན་མི་མང་གིས་ངོས་ནས་ཀྱང་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཆེན་པོ་གནང་སོང་། མ་འོངས་པར་ཡང་སྐད་ཡིག་གི་ལས་འགུལ་དང་གཞན་པའི་ལས་འགུལ་གང་ཡིན་ཡང་། མུ་མཐུད་མཉམ་རུབ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཐེངས་འདིའི་བརྒྱུད་རིམ་ཁྲོད་དཀའ་ངལ་གཙོ་བོ་དེ་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་འཛུལ་ཞུགས་བྱེད་མཁན་མང་པོ་མ་རག་པ་དང་། དེ་བཞིན་སློབ་གྲྭ་ཁག་ཁ་ཤས་ནང་འགན་འཛིན་དང་དགེ་རྒན་རྣམས་ལ་དེ་འདྲའི་དོ་སྣང་ཆེན་པོ་མེད་པའི་ཚོར་སྣང་བྱུང་། འདིའི་ཐད་ང་རང་ལ་མཚོན་ན་བློ་ཕམ་བྱུང་། མ་གཞི་ང་ཚོ་བོད་པ་རང་གི་སྐད་ཡིག་གི་ཆེད་དུ་ལས་འགུལ་ག་རེ་སྤེལ་བཞིན་ཡོད་ན། དེར་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམས་མདུན་ལ་ཐོན་དེ་རྒྱབ་སྐྱོར་བྱ་དགོས་པ་ཞིག་ཆགས་ཡོད་པ་རེད་དྲན་གྱི་འདུག  སློབ་གྲྭ་ཁག་གི་འགན་འཛིན་དང་དགེ་རྒན་རྣམས་ལ་སོ་སོའི་སྐད་ཡིག་སྲུང་སྐྱོབ་ཐད་འགན་ཆེན་པོ་ཡོད་སྟབས། སོ་སོའི་ཕྲག་སྟེང་ལ་བབ་ཡོད་པའི་འགན་དེར་བདག་པོ་རྒྱག་རོགས་ཞེས་ཞུ་འདོད་བྱུང་སོང་།

 

   དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ངོ་བོ་གསལ་བའི་ལས་འགུལ་མ་གཏོགས། སྒྱུ་རྩལ་དང་འབྲེལ་བའི་ལས་འགུལ་གྱི་རིགས་ནི་བོད་མིའི་འཐབ་རྩོད་དང་འབྲེལ་བ་མེད་པ་ཞིག་ལ་ངོས་འཛིན་གནང་གི་མི་འདུག  དེའི་ཐད་རིན་པོ་ཆེར་དགོངས་ཚུལ་ཅི་ཞིག་ཡོད།

ལན། སྤྱིར་སོ་སོའི་སྐད་ཡིག་ཐད་ནས་འཐབ་རྩོད་གནང་ཡོང་དུས། རང་བཞིན་གྱིས་མི་རིགས་ཀྱི་འཐབ་རྩོད་ཆགས་ཡོང་གི་ཡོད་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་སྐད་འབོད་བྱེད་པ་དང་། ཟས་བཅད་ངོ་རྒོལ་བྱེད་པ་སོགས་ཆབ་སྲིད་ཀྱི་རྣམ་པ་ཁོ་ནའི་ཐོག་ལས་འགུལ་སྤེལ་བ་ཡིན་ན། དེ་ནི་མི་རིགས་ཀྱི་འཐབ་རྩོད་རང་བཞིན་གྱི་ལས་འགུལ་ཞིག་ལ་བརྩི་བཞིན་པ་ལས།  གཞན་པའི་སྒྱུ་རྩལ་དང་སྐད་ཡིག་གི་ལས་འགུལ་སྤེལ་བ་ཡིན་ན་དེ་ཕྱོགས་གཞན་ཞིག་འཇོག་པའི་གནས་སྟངས་ཤིག་མཐོང་གི་འདུག   དེ་ནི་སྐད་ཡིག་གི་གོ་རྟོག་མེད་པ་དང་སོ་སོར་ཤེས་ཡོན་གྱིས་མ་འདང་པའི་གནད་དོན་ཞིག་རེད་དྲན་གྱི་འདུག   འཐབ་རྩོད་ཀྱི་ནང་ནས་ཤུགས་ཆེ་ཤོས་དང་རྣོ་ངར་ལྡན་ཤོས་དེ་སྐད་ཡིག་དང་རིག་གནས་ཀྱི་འཐབ་རྩོད་ཆགས་ཀྱི་ཡོད་པ་རེད། མི་རིགས་རང་ཉིད་ལ་སོ་སོ་སྐད་ཡིག་གི་མ་རྩ་ཡོད་པའི་སྒང་ནས་ཤེས་ཡོན་གྱི་འཐབ་རྩོད་གནང་བ་ཡིན་ན། ང་ཚོའི་འཐབ་རྩོད་དེ་ཧ་ཅང་རྣོན་པོ་ཆགས་ཡོང་གི་རེད། ད་ལྟའི་ཆར་བོད་ནང་དུ་འཐབ་རྩོད་ག་རེ་གནང་བ་ཡིན་ནའང་ནུས་པ་ཐོན་པ་དང་། འཆར་གཞི་ལྡན་པ་ཞིག་གནང་ཐུབ་ཀྱིན་ཡོད་པ་དེའང་གཙོ་བོ་ཤེས་ཡོན་ལ་ཐུག་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་མི་མང་པོར་ཤེས་ཡོན་གྱི་ཐད་དོ་སྣང་ཆེན་པོ་མེད་སྟབས། དེ་དང་འབྲེལ་བའི་ལས་འགུལ་སྤེལ་སྐབས་འཛུལ་ཞུགས་བྱེད་མཁན་མེད་པར་ལས་འགུལ་ཏག་ཏག་ཅིག་འགྲོ་མ་ཐུབ་པ་དང་། དེ་བཞིན་ལས་འགུལ་གང་ཞིག་སྤེལ་བ་ཡིན་ན་དེ་སྤྱི་ཚོགས་ཐོག་ཁྱབ་མ་ཐུབ་པའི་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག  ང་ཚོས་འདི་ལྟར་སྐད་ཡིག་གི་ལས་འགུལ་སྤེལ་དགོས་པ་དེའང་གཙོ་བོ་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་དང་རིག་གཞུང་ཡག་པོ་ཞིག་ངོ་ཤེས་པའི་ཐོག་ནས།  མ་འོངས་པར་སོ་སོའི་མི་རིགས་ཀྱི་ལ་རྒྱ་མ་དོར་བ་ཞིག་ཡོང་ཐུབ་ཆེད་ཡིན།  

   

   དྲི་བ། ཐེངས་འདིའི་སྙན་ངག་སྒྲོག་སྦྱོང་འགྲན་བསྡུར་གྱི་སྔོན་འགྲོའི་བརྒྱུད་རིམ་ཁྲོད་ནས། སྐུ་ཉིད་ལ་དམིགས་བསལ་གྱི་སེམས་ཚོར་ག་རེ་བྱུང་སོང།

ལན། སྙན་ངག་སྒྲོག་སྦྱོང་འགྲན་བསྡུར་འདི་ཐོག་མར་མགོ་བརྩམས་སྐབས། ང་ཚོའི་འཆར་གཞིར་འགྲན་ཞུགས་པ་མི་ ༡༠༠ ཙམ་བྱུང་ན་ཧ་ཅང་ཡག་པོ་རེད་བསམ་ཡོད། ཡིན་ནའང་། དངོས་སུ་འགྲན་བསྡུར་གནང་ཡོང་དུས་ང་ཚོའི་འཆར་གཞི་ལས་བརྒལ་ནས་མི་ ༢༠༠ ལྷག་མཉམ་ཞུགས་གནང་བ་འདིས། བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་མང་པོ་ཞིག་གིས་སོ་སོའི་སྐད་ཡིག་ལ་དང་དོད་དང་སློབ་སྦྱོང་གི་འདུན་པ་ཡོད་པ་དེ་མཚོན་གྱི་འདུག  དེ་བཞིན་ལོ་ཚོད་ཀྱི་ཆ་ནས་ཀྱང་ཕལ་ཆེ་བ་གཞོན་སྐྱེས་དང་། ལྷག་པར་དུ་ལོ་ན་ཆུང་བའི་སློབ་ཕྲུག་དང་བྱིས་པ་མང་པོ་ཞིག་འཛུགས་ཞུགས་གནང་འདུག་པ་དེས་སོ་སོར་ཧ་ཅང་སེམས་འགུལ་ཐེབས་སོང་། གཞན་ཡང་། སྙན་ངག་གྱེར་གྱི་འདོན་སྐབས་སུ་འགྲན་ཞུགས་པ་ཁ་ཤས་ཀྱིས་སོ་སོའི་བྲིས་པའི་སྙན་ངག་གྱེར་འདོན་སྐབས་ཧ་ཅང་སྐྱོ་གདུང་གི་ཚོར་བ་རྣོན་པོ་ཐོན་པ་ལ་བརྟེན་ནས། བརྒྱ་ཆ་སྤྲོད་མཁན་དག་ཀྱང་མིག་ཆུ་ཐོན་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་འདི་འདྲའི་གོ་སྐབས་ཤིག་བསྐྲུན་པ་ཙམ་གྱིས་ཀྱང་། མང་ཚོགས་ཁྲོད་སྔར་ལས་ལྷག་པར་སོ་སོའི་སྐད་ཡིག་ལ་དོ་སྣང་དང་སེམས་ཁུར་ཡོང་གི་ཡོད་པའི་ཚོར་བ་ཤུགས་ཆེན་པོ་བསླེབས་སོང་།

   

    དྲི་བ། སྐུ་ཉིད་ཀྱིས་དྲ་རྒྱ་དོ་དམ་གྱི་ཕྱག་ལས་གནང་བཞིན་པའི་ཐད་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད། དྲ་རྒྱ་ཁག་ནང་བོད་ཡིག་ཐོག་རྩོམ་ཡིག་སྤེལ་མཁན་གྱི་རྩོམ་པ་པོ་དག་གི་སོ་སོའི་སྤྱི་ཚོགས་ལ་དོ་ཁུར་གནང་དགོས་པ་གང་དག་གཟིགས་སོང་། 

ལན། བཙན་བྱོལ་ནང་སྤྱིར་བཏང་དྲ་ཐོག་ཏུ་བོད་ཡིག་གི་སྒང་ནས་རྩོམ་ཡིག་སྤེལ་བཞིན་པ་དེ་ཧ་ཅང་ཡག་པོ་འདུག ང་རང་ཉིད་ཀྱང་དྲ་ཐོག་ཏུ་རྩོམ་ཡིག་འབྲི་མཁན་ཞིག་ཡིན་པའི་ཆ་ནས་རྗེས་སུ་ཡི་རངས་ཡོད། ཡིན་ནའང་། གཅིག་ནས་ད་ལྟའི་ང་ཚོའི་གནས་བབ་ཀྱི་ཐད་ནས་དྲ་རྒྱའི་ལེགས་ཆ་ལེན་དགོས་པ་རེད་མ་གཏོགས་མི་ལེགས་པའི་ཆ་དེ་ལེན་པའི་དུས་ཚོད་མ་རེད། ད་ལྟ་ང་ཚོར་སོ་སོའི་ལུང་པ་མེད་པར་གཞན་གྱི་ལུང་པར་སྐྱབས་བཅོལ་དུ་བསྡད་ཡོད་སྟབས། རྒྱལ་ཁབ་ཡོད་མཁན་ནང་བཞིན་གྱི་བསམ་བློ་ཁྱེར་ཏེ་རྩོམ་ཡིག་གང་བྱུང་བྲིས་ན་མི་འོས་པ་དེ་ཧ་གོ་དགོས་པ་རེད། གཉིས་ནས་མི་སྒེར་གྱི་འཁོན་སེམས་དང་ན་ཚའི་རིགས་ཀྱི་རྩོམ་ཡིག་མང་པོ་དྲ་རྒྱའི་སྟེང་སྤེལ་ཏེ། སྤྱི་ཚོགས་ལ་བརྡབ་གསིག་གཏོང་བཞིན་པའི་རིགས་དེ་ཡག་པོ་མི་འདུག  ད་ལྟའི་ཆར་སྤྱི་ཚོགས་ནང་ང་ཚོ་མཉམ་རུབ་དང་མཐུན་སྒྲིལ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། རྩོམ་ཡིག་སྤེལ་སྐབས་ཀྱང་སོ་སོའི་སྐད་ཡིག་དང་མི་རིགས་ཀྱི་ལ་རྒྱ་སོགས་ད་ལྟའི་གནས་བབ་དང་འཚམ་པའི་རྩོམ་ཡིག་མང་ཙམ་འབྲི་དགོས་ཀྱི་འདུག་བསམ་སོང་།  གསུམ་ནས་གཞུང་ལ་སྐྱོན་བརྗོད་བྱེད་པ་དང་།  དེ་བཞིན་ཕན་ཚུན་ལངས་ཕྱོགས་མ་མཐུན་པ་ཡིན་ན་རེད། གནས་ལུགས་རྒྱུ་མཚན་གསལ་བོ་ལབ་དགོས་ཀྱི་འདུག  གསལ་ལ་མི་གསལ་བ་ཞིག་བྲིས་པ་ཡིན་ན་ཆབ་སྲིད་པ་རེ་འགས་ལག་ཆར་སྤྱད་དེ་སྤྱི་ཚོགས་ལ་བརྡབ་གསིག་གཏོང་ཉེན་འདུག  སྤྱིར་ཆབ་སྲིད་ཀྱི་ཐོག་ནས་ལངས་ཕྱོགས་མ་མཐུན་པ་ཡོད་ནའང་སོ་སོའི་གཞུང་ལ་གུས་ཞབས་གནང་དགོས་པ་དེ་གལ་ཆེན་པོ་རེད། 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

སྐར་མ ༣༥ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese