མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་བདུན་རེའི་དུས་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་ལ། ཟླ་
སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཡུ་རོབ་འཇར་མན་རྦམ་ཤེ་རྡ་རྡར་གྲོང་རྡལ་ཞེས་པར་༼ བོད་ཀྱི་བདུན་རེའི་དུས་སྟོན་༽ཟེར་བའི་སྒྱུ་རྩལ་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་འདུག་ལ། དེར་བོད་ཀྱི་རིག་གནས་དང་དེང་རབས་བོད་ཀྱི་སྒྱུ་རྩལ་སྐོར་འགྲེམས་སྟོན་ཞིག་བྱས་ཡོད་འདུག མཛད་སྒོའི་སྐུ་མགྲོན་དུ་ཡུ་རོབ་ཤར་མ་དང་དབུས་མའི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་དང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་རོགས་སེ་ཝོ་བསྟན་འཛིན་མཆོག་གཉིས་མགྲོན་འབོད་གནང་ཡོད་འདུག

མཛད་སྒོའི་སྟེང་སེ་ཝོ་བསྟན་འཛིན་དམ་ཆོས་ལགས་ཀྱིས་ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་ཐོག་ཆེད་དུ་བསྩལ་བའི་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་བར། “ རི་མོའི་སྒྱུ་རྩལ་གྱི་སྨྱན་སྦྱོར་ལ་བརྟེན་ནས་བོད་ཀྱི་ཤེས་རིག་འགྲེམས་པ་དང་། སྟོན་པའི་ཐབས་ཤེས་དེ་ནི་ནུས་པ་དང་ལྡན་ལ་གསར་གཏོད་རང་བཞིན་གྱི་གོ་རྟོགས་སྤེལ་བའི་ལམ་ཞིག་ཡིན་ལ། དེ་ནི་སྐད་ཡིག་ལ་བརྟེན་མི་དགོས་པ་དང་། ཤེས་རིག་གི་ས་མཚམས་མི་དགོས་པར་གནད་དོན་ཞིག་གླེང་སློང་ཐུབ་པའི་ལམ་ཞིག་ཀྱང་རེད ”  ཅེས་འཁོད་འདུག



འགྲེམས་སྟོན་དེར་མཉམ་ཞུགས་གནང་མཁན་དག་ནི། སྒྱུ་རྩལ་པ་རྦོ་རོན་བསོད་ནམས་སྒྲོལ་མ་ལགས་དང་། བློ་བཟང་རྒྱ་མཚོ་ལགས། འདུས་བྱུང་ཕུན་ཚོགས་ཚེ་རིང་བཅས་ཡིན་འདུག་ལ། བྱེད་སྒོ་འདིའི་ཐོག་བསོད་ནམས་སྒྲོལ་མ་ལགས་ཀྱིས་༼ ངའི་ཕ་ཡུལ་གྱི་འདས་གྲོངས་ ༽ཞེས་པ་དང་། བློ་བཟང་རྒྱ་མཚོ་ལགས་ཀྱིས་༼ བོད་ནས་བྱུང་བའི་རྟགས་མཚན། ༽ ཞེས་པ། འདུས་བྱུང་འཕུན་ཚོགས་ཚེ་རིང་ལགས་ཀྱིས་༼ སྨོན་ལན་ཁང་ ༽བཅས་འགྲེམས་སྟོན་གནང་ཡོད་འདུག

སྒྱུ་རྩལ་བརྩམས་ཆོས་དེ་དག་ནི་བོད་དུ་འཁྲུངས་ཤིང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཤ་སྟག་ཡིན་ཞིང་། ཁོང་ཚོར་ཆུང་དུས་ནས་གཉའ་གནོན་ཕོག་པའི་ཉམས་མྱོང་དང་། བཅོམ་བརླག་བྱུང་བའི་སེམས་ཚོར། ལེགས་བྱང་ལ་དད་པའི་འདུ་ཤེས་ཟབ་མོ་ཡོད་སྟབས། ཁོང་ཚོས་བོད་ཀྱི་གནད་དོན་རྣམས་སྒྱུ་རྩལ་གྱི་ལམ་ནས་རྒྱལ་སྤྱའི་ཐོག་གླེང་སློང་བྱེད་ཀྱི་ཡོད་འདུག

བྱེད་སྒོ་འདི་གཉེར་མཁན་གཙོ་བོ་འཇར་མན་གྲོང་རྡལ་རྦམ་ཤེ་རྡ་རྡར་དང་གསུམ་པ་འགྲེམས་སྟོན་ཁང་། འཇར་མན་བོད་ཀྱི་ཁང་པ་བཅས་ཡིན་འདུག

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist