མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲུལ་ཞིག་རིན་པོ་ཆེ་སྐུ་གཤེཊ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

 ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་དགུང་ལོ་ ༨༨ ལ་སོན་པའི་སྔ་འགྱུར་རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཤེགས་ཡོད་འདུག རིན་པོ་ཆེ་མཆོག་སྐུ་གཤེགས་པའི་གནས་ཚུལ་དེ་ཐོས་མ་ཐག་དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་བྱེད་ཆེ་ཕྲ་ཡོངས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཛོམས་ཏེ་ཞིང་གཤེགས་དམ་པ་དེ་ཉིད་ལ་བསྔོ་སྨོན་ཞལ་འདོན་གསུངས་ཡོད་པར་མ་ཟད། སྐབས་དེར་བཀའ་སྤྱི་གཉིས་ཀྱིས་དམ་པ་དེར་མྱ་ངན་གུས་མདུད་ཀྱི་འཚམས་འཕྲིན་ཞིག་ཕུལ་ཏེ། ཉིན་རྒྱབ་དབུས་གཞུང་གི་ལས་ཁུངས་ཁག་གིས་ལས་མཚམས་བཞག་སྟེ་མྱ་ངན་གུས་འདུད་ཞུས་ཡོད།

སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༥༩ ལོར་བོིད་ས་ཤོར་སྐབས་བཙན་བྱོལ་དུ་ཕེབས་ཡོད་འདུག་ལ།  ཁོང་ཉིད་རྙིང་མའི་བླ་སྤྲུལ་ཡོངས་ཀྱི་ཐུན་མོང་ཐོག་བླ་མར་བཀུར་བཞིན་པར་མ་ཟད། ༧གོང་ས་མཆོག་གི་དགེ་རྒན་དུའང་བསྟེན་མྱོང་ཡོད་འདུག་ལ། ད་བར་ཁོང་གིས་བོད་ཀྱི་བསྟན་སྲིད་ཆེད་བྱས་རྗེས་བླ་མེད་བཞག་ཡོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 10

  1. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    ཡང་དར་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པར་སེམས་གཏིང་ནས་མྱ་ངན་གདུང་འབོད་ཞུའོ།།

    Reply
  2. གཡག says:
    ལོ་ 15 སྔོན།

    ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་སྙིང་ཐག་པ་ནས་མྱ་ངན་ཞུ་བཞིན་ཡོད།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྨད་བྱུང་མཛད་འཕྲིན་ཉི་ཟེར་རྒྱས་ཡང་།
    གསུང་དབྱངས་བདུད་རྩིའི་ཆུ་རྒྱུན་ལྷུང་ཡང་།
    དུས་སྙིགས་འགྲོ་བའི་བསོད་ནམས་དམན་ནས།
    བླ་མའི་སྐུ་ཚེ་ཞིང་དུ་ཕེབས་སོང་།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འཁྲུལ་ཞིག་བླ་མའི་ཞབས་ལ་གསོལ་བ་འདེབས། །
    ཐུགས་ཀྱི་བཞེད་དགོངས་ཐམས་ཅད་སྒྲུབ་པ་དང་། །
    གདུལ་བྱ་སྲིད་ཞིའི་མཐའ་ལས་སྒྲོལ་བའི་ཕྱིར། །
    ཡང་སྲིད་ཉི་གཞོན་མྱུར་དུ་བྱོན་འགྱུར་ཅིག །

    Reply
  5. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    སྐྱེས་ཆེན་ཁོང་ལྟ་བུ་ནི་དེང་དུས་གསེར་གྱི་བཞུ་མར་ཁྱེར་ཀྱང་མཇལ་དཀའ་བ་ཞིག་རེད། ལོ་གཅིག་གཉིས་ཙམ་གྱི་ནང་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱི་མ་དབང་བར་སྐྱེས་ཆེན་ཁོང་དང་དཔལ་ས་སྐྱའི་འཁྲི་འཛིན་སྒྲོལ་མ་ཕོ་བྲང་མཆོག་གི་ཡོང་འཛིན་ནམ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་དང་བལ་ཡུལ་དུ་ས་སྐྱ་རྒྱལ་ཡོངས་གསུང་རབས་སློབ་གཉེར་ཁང་ཕྱག་འདེབས་པ་པོ་མཁན་ཆེན་ཨ་པད་རིན་པོ་རྣམས་གཉིས་ཞི་བར་གཤེགས་པར་བློ་ཕམ་དང་བཅས་ཡང་སྲིད་རིན་པོ་ཆེ་མགྱོག་མྱུར་བྱོན་པའི་སྨོན་ལམ་འདེབས།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དམ་པ་ཁོང་ཞི་བར་གཤེགས་པའི་ཚུལ་བསྟན་འདུག་པས་ཡིད་ཕབ་བྱུང་་།

    Reply
  7. sangkye says:
    ལོ་ 15 སྔོན།

    སྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ་སྐུ་བདེ་བར་གཤེགས་པ་ཐོས་མ་ཐག་ང་ཚོ་གངས་ཕྲུག་ཚོགས་པའི་ལས་འཚམས་སུ་བཞག་ཏེ། མྱ་ངན་གུས་འདུད་ཞུ་བཞིན་ཡོད། འདི་ནས་ནུབ་གྱི་ཕྱི་རོལ་ན། འོག་མེད་པའི་ཞིང་མཁམས་ཡོད། སུ་ཞིག་དེ་ཡི་མཚན་འཛིན་པ། ཞིང་མཆོག་དེ་རུ་སྐྱེ་བར་ཤོག ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ་་ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོཾ་མཎྀ་པདྨེ་ཧཱུཾ་ཧྲིཿ

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    བསྟན་པའི་ཉི་མ་ཆེན་པོ་ཞིག་ནུབ་རིར་ཡོལ་བར་གདུང་ཤུགས་དྲག་པོས་མྱ་ངན་ཞུ།

    Reply
  9. མངའ་རིས་བུ། says:
    ལོ་ 15 སྔོན།

    ཀ་དག་རང་བྱུང་ནམ་མཁའི་དགོངས་པ་ལ།
    རྟོག་ཚོགས་སྤྲིན་གྱིས་མ་གོས་འཁྲུལ་པ་ཞིག
    ཡེ་གསལ་རང་རིག་འོད་སྟོང་རྟག་འབར་བས།
    རིས་སུ་མ་ཕྱེས་རྒྱལ་བསྟན་ཡོངས་སུ་བདལ།

    ཆེས་སྙིགས་ཕྱོགས་འཛིན་དུས་ཀྱི་ལྷོ་སྤྲིན་འཁྲུག་རུམ་ནས།
    ཆགས་སྡང་སྣ་ཚོགས་གྲུབ་མཐའི་གློག་དམར་འཁྱུག་ན་ཡང།
    བསྐལ་སྟོང་ཉིན་མོར་བྱེད་པ་དྲན་དབང་ཁྱོད་ཉིད་ཀྱི།
    ཐུགས་དགོངས་གསེར་གྱི་བྲག་ཆེན་གཏམས་བཞིན་གནས།

    Reply
  10. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    ངག་དབང་མཚོ་སྐྱེས་རྒྱལ་བའི་བསྟན་པ་ཆེ། །
    དུས་མཐར་སྤེལ་མཛད་ཆོས་ཀྱི་འཁོར་ལོས་བསྒྱུར། །
    བློ་གྲོས་ཤེས་བྱའི་མཁའ་དང་མཉམ་གྱུར་པའི། །
    རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །
    མདོ་རྒྱུད་མན་ངག་གངྒྰའི་རྒྱུན་བཟང་གིས། །
    བདག་བློའི་བུམ་བཟང་གཏམས་པའི་བཀའ་དྲིན་གྱི། །
    ཆ་ཤས་ཙམ་ཡང་གཞལ་ཐབས་ཡོད་མིན་པའི། །
    འཁྲུལ་ཞིག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །
    སྐྱེ་བ་འདི་འམ་སྐྱེ་བ་གཞན་དག་ཏུ། །
    བསགས་པའི་དགེ་རྩས་རྗེ་བཙུན་བླ་མ་ཡི། །
    ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། །
    བདག་ཀྱང་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །
    ཅེས་པ་འདི་ནི་དུས་ཀྱི་མཐའ་འདིར་མཚོ་སྐྱེས་རྒྱལ་བའི་གདུང་འཚོབ་གཅིག་པུར་བཞེངས་པ། སྐྱབས་རྗེ་འཁོར་ལོའི་མགོན་པོ་གང་ཉིད་ཟགས་མེད་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པའི་གནས་ཚུལ་གོ་རྗེས་རྗེ་དེ་ཉིད་ཀྱི་སློབ་བུའི་གྲལ་མཐར་ལུས་ཤིང་རྗེ་དེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུངབའི་ས་མཐའི་ལྡོམ་པོ་ཀླུ་སྨྱོན་ནས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese