མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ཀྱི་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་དུ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། རྒྱ་གར་གྱི་མངའ་སྡེ་དྲུག་གི་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་སྟེ་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་དང་བསྟུན་ཏེ། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་དང་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་མིག་དམར་བཅས་མི་ ༡༠ ཡིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེའི་ ༦ ཙམ་གྱི་ནང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགྲོ་བཞིན་ཡོད་ཅིང༌། ཉིན་རེར་གྲོང་ཁྱེར་རེའི་ནང་བོད་དབྱིན་ཧིན་གསུམ་གྱི་ལམ་ནས་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཡིག་ཆ་ ༦༠༠༠ ལྷག་འགྲེམ་སྤེལ་བྱ་འཆར་ཡོད་འདུག 

གོམ་བགྲོད་ལས་འགུལ་དེ་ནི་ཉེ་ཆར་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་རང་ལུས་མེར་བསྲེག་བཏང་རྗེས་རྟའུ་དགོན་གྲོང་གཉིས་ལ་རྒྱ་གཞུང་གིས་དམ་དྲག་བྱས་པ་དང༌། རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་སྐབས་སྨན་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་འཛུགས་འོག་དགེ་འདུན་པ་འགར་ཁྲིམས་ཐག་བཅད་པ། གཞན། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བཅས་ཡིན་འདུག

ལས་འགུལ་མགོ་འཛུགས་སྐབས་གྲྭ་བློ་བཟང་བྱམས་པ་ལགས་ཀྱིས་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་གནང་དོན། “ བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་མེ་མདའི་འོག་རང་སྲོག་ཤོར་གྱི་ཡོད་པ་ཤེས་བཞིན་དུ་བློས་གཏོང་བྱེད་བཞིན་པ་དེ། ཕྱི་སྡོད་བོད་མི་ཚོས་འཛམ་གླིང་མི་མང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་བསྒྲགས་བྱ་རྒྱུའི་རེ་བ་དང་ཡིད་ཆེས་བཅོལ་ཏེ་ལས་འགུལ་སྤེལ་གྱི་ཡོད། ང་ཚོ་ཕྱི་སྡོད་བོད་མི་ཚོས་གང་ཐུབ་ཀྱིས་བོད་ནང་གི་བོད་མིའི་རེ་འདོད་བསྒྲུབ་མ་ཐུབ་པ་ཡིན་ན། ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཁས་ལེན་མཁན་ཞིག་དང་ཤ་ཁྲག་གཅིག་པ་ཡིན་པའི་ཆ་ནས་ངོ་ཚ་དགོས་པ་ཞིག་ཡིན་སྟབས། ང་ཚོའི་ངོས་ནས་དང་བླངས་ཐོག་ལས་འགུལ་སྤེལ་གྱིན་ཡོད ” ཅེས་བརྗོད་འདུག

ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེའི་རྒྱ་གཞུང་ལ་དགོས་དོན་དོན་ཚན་གསུམ་བཏོན་ཡོད་པ་ནི། དང་པོ། ཁམས་རྟའུ་ཉ་མཚོ་དགོན་པ་གཙོས་བོད་ནང་མི་སྤྱོད་ལས་འདས་པའི་གཉའ་གནོན་དང་མནར་གཅོད་མྱུར་དུ་མཛམས་འཇོག་དང༌། གཉིས་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་གཏོང་རྒྱུ། གསུམ་པ། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་མངགས་གཏོང་བྱ་རྒྱུ་བཅས་ཀྱི་དགོས་འདུན་བཏོན་ཡོད་འདུག

གསར་འགོད་པ། དོན་གོ

 

 

 

 

མཆན། 1

  1. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 11 སྔོན།

    ངོ་མ་དོན་ལ་སེམས་ཤུགས་ཆེ་བ་མ་ཟད་འགྱོད་པ་མེད་མཁན་ཚོ་ནི་གྲྭ་བ་ལས་གཞན་མེད། འདི་ལྟར་བྱས་ན་གྲྭ་བ་ལ་ཆེ་མཐོང་ཡོང་ཐུབ་པའི་སྔ་ལྟས་ཤར་འདུག
    རྗེས་སུ་ཡི་རངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist