མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲིལ་བསྒྲཊ་ཀྱི་སྐད་ཆ་རྐྱང་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp


གཟའ་མིག་དམར་ཉིན་རྒྱ་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཏེ། མ་འོངས་པར་རྒྱ་ནག་ཞི་བདེ་ངང་འཕེལ་རྒྱས་ཀྱི་ལམ་
དུ་བསྐྱོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཁ་སང་རྒྱ་གཞུང་གསར་འགྱུར་གཞུང་ལས་ཁང་གི་༼ ཞི་བདེ་འཕེལ་རྒྱས ༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་པར་འགྲེམས་བྱས་ཏེ། རྒྱ་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ནི་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། སྤྱི་མཐུན་འཕེལ་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་རྒྱུ་ཡིན་སྐོར་དྲིལ་བསྒྲགས་བྱས་འདུག དེབ་དེ་ནི་རྒྱ་གཞུང་གིས་འཛམ་གླིང་ལ་རང་ཉིད་ཀྱི་མ་འོངས་པའི་སྲིད་ཇུས་ལམ་ཕྱོགས་གསལ་འདོན་གྱི་རྣམ་འགྱུར་བསྟན་པ་ཐེངས་གཉིས་པ་དེ་ཆགས་ཡོད། རྒྱབ་ཤ་དཀར་པོའི་དེབ་དེའི་ནང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། རྒྱལ་ཁོངས་ལེགས་འགྲུབ། རྒྱལ་ཁབ་གཅིག་གྱུར། རྒྱའི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གཏན་འཇགས། སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཞི་རྩའི་ཁས་ལེན་བཅས་ནི་རྒྱ་གཞུང་གི་གཙོ་སྙིང་ཁེ་ཕན་ ༦ ཡིན་སྐོར་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།  ཡིན་ནའང་། ཆབ་སྲིད་དབྱེ་ཞིབ་པ་དག་གིས་ཉེ་བའི་ལོ་འགའི་རིང་གི་རྒྱ་ནག་གི་བྱ་སྤྱོད་ཀྱི་རྐྱེན་པས།   ཡིག་ཆ་འདི་ཙམ་གྱིས་ཨེ་ཤ་ཡའི་མཐའ་འབྲེལ་རྒྱལ་ཁབ་ཁག་གིས་རྒྱ་ནག་ཞི་བདེ་འཕེལ་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་རྒྱུར་ཡིད་ཆེས་ཡོང་ཐབས་བྲལ་བ་བརྗོད་འདུག

ཕྱི་ཚེས་ ༦ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཅང་ཡིས་ཀྱིས།  དེང་སྐབས་རྒྱ་ནག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པ་དང་བསྟུན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལམ་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་རྒྱུ་ཡིན་མིན་དང་། རྒྱ་ནག་གི་འཕེལ་རྒྱས་ཀྱིས་མ་འོངས་པར་འཛམ་གླིང་ལ་ཤུགས་རྐྱེན་ག་འདྲ་ཞིག་འབྱུང་མིན་ཐད་དོ་སྣང་བྱེད་བཞིན་ཡོད་པས། རྒྱ་གཞུང་གིས་ཞི་བདེ་འཕེལ་རྒྱས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་འགྲེམས་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་དང་དོགས་སློང་སྣ་ཚོགས་ལ་ལན་འདེབས་གསལ་བཤད་བྱས་ཡོད་སྐོར་དང་།  རྒྱབ་ཤ་དཀར་པོའི་དེབ་དེའི་ནང་རྒྱ་གཞུང་སྐྱོད་བཞིན་པའི་ལམ་བུ་དང་། འཚོལ་སྙེགས་ཀྱི་དམིགས་ཡུལ། ཕྱི་ནང་ཆབ་སྲིད་ཀྱི་ལམ་ལུགས། འཛམ་གླིང་གི་འབྲེལ་བ་ཐག་གཅོད་སྟངས་སོགས་བསྐྱར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་སྟོན་བྱས་ཡོད་ཚུལ་བརྗོད་འདུག 

འདས་པའི་ལོ་ ༡༠ ནང་རྒྱ་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་ཐད་༼ ཞི་བདེ་ངང་འཕེལ་རྒྱས ༽ཞེས་པའི་སྐད་ཆ་སྙན་མོ་བཤད་དེ། རྒྱ་ནག་ཞི་བདེ་ངང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་ཡིན་སྐོར་དྲིལ་བསྒྲགས་བྱས་ཡོད། ཡིན་ནའང་། ཉེ་བའི་ལོ་གཉིས་ཀྱི་ནང་རྒྱ་གཞུང་གི་རྣམ་འགྱུར་དང་བྱ་སྤྱོད་སྟོན་སྟངས་དེ་ཡིས། རྒྱ་ནག་གི་མ་འོངས་འཕེལ་རྒྱས་ཐད་མཐའ་འབྲེལ་རྒྱལ་ཁབ་ཁག་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོར་དོགས་གཞི་དང་ཐེ་ཚོམ་སྐྱེ་རུ་བཅུག་ཡོད། དཔེ་མཚོན་གསལ་ཤོས་ཤིག་ནི་རྒྱ་ནག་གི་ལྷོ་ཕྱོགས་མཐའ་འདབས་ཞི་བདེ་རྒྱ་མཚོའི་མངའ་ཁོངས་བདག་དབང་ཐད་རྒྱ་གཞུང་གི་བྱ་སྤྱོད་དང་རྣམ་འགྱུར་སྟོན་སྟངས་དེ་ཆགས་ཡོད། 

ཨ་རིའི་ཁེ་ལས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མཱ་ཛ་(Michael Mazza)ལགས་ཀྱིས་རྒྱ་གཞུང་གི་དེབ་དེའི་ནང་དོན་གྱི་ཕྱེད་ཀ་དྲིལ་བསྒྲགས་ཀྱི་སྐད་ཆ་རྐྱང་ཡིན་པ་ཙམ་ལས། རྒྱ་ནག་དཔོན་རིགས་ཚོའི་ཆབ་སྲིད་ལངས་ཕྱོགས་གསལ་མེད་པ་དང་། ལྷག་པར་དུ་བདེ་འཇགས་གླེང་གཞིའི་ཐད་ནས་བམ་བཤད་ཙམ་མ་གཏོགས་གནས་ཚུལ་གཞན་ཅི་ཡང་བཀོད་མེད་པས། འཛམ་གླིང་མི་མང་གིས་རྒྱ་ནག་གི་མ་འོངས་འཕེལ་རྒྱས་ཐད་ཡིད་ཆེས་རྙེད་དཀའ་བའི་སྐོར་བརྗོད་འདུག་ལ། ཁོང་གིས་“ རྒྱལ་སྤྱིའི་བདེ་འཇགས་དང་འབྲེལ་བའི་ཕྱོགས་ནས། རྒྱབ་ཤ་དཀར་པོའི་དེབ་ནང་བཀོད་པའི་བརྗོད་བྱ་དྲང་བདེན་མེད་པ། རྒྱ་ནག་གི་བྱ་སྤྱོད་ཐད་ནས་གསལ་འདོན་བྱས་པ་དོན་དངོས་དང་མཐུན་ཀྱི་མི་འདུག  སྤྱིར་རྒྱལ་སྤྱིའི་སྒང་གནས་ཚུལ་གླེང་སློང་བྱ་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་བྱ་བ་སྤྱོད་སྟངས་ནི་དེ་བས་ཀྱང་གལ་ཆེན་པོ་ཆགས་ཡོད། ཡིག་ཆ་དེའི་ནང་ནས་ངས་འཛམ་གླིང་མི་མང་ཡིད་ཆེས་འབྱུང་བྱེད་ཀྱི་གནས་ལུགས་གཅིག་ཀྱང་རྙེད་མ་སོང ” ཅེས་བརྗོད་འདུག 

ཕྱི་ལོ་ ༢༠༠༩ ལོར་ཨ་རྒྱ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་སྐབས། རྒྱ་གཞུང་གིས་གཙོ་སྙིང་ཁེ་ཕན་གསུམ་བཏོན་ཡོད་མོད་རྒྱབ་ཤ་དཀར་པོའི་དེབ་དང་གཙོ་སྙིང་ཁེ་ཕན་དྲུག་ཏུ་འཕར་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས། འགོ་བརྗོད་དེར། ༼དྲིལ་བསྒྲཊ་ཀྱི་སྐད་ཆ་རྐྱང་རེད། ༽ཅེས་པ་ལས་་་་དྲིལ་བསྒྲཌ་ཀྱི་སྐད་ཆ་རྐྱང་རྐྱང་རེད་་་་ཅེས་བཀོད་ན་བརྗོད་བདེ་པ་མི་འདུག་གམ།
    གཞན་ཡང་ཡིག་ནོར་མང་པོ་ཞིག་འདུག་པས་སྐུ་ཉིད་ཀྱིས་ཡང་བསྐྱར་ཞིབ་ལྟ་ཞིག་གནོངས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese