མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇུ་ཆེན་མཆོག་གི་སྐུ་ཕུང་ཞུཊ་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། རྒྱ་གར་ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་སྦིར་ཅོན་ཏ་རཱ་ཁམས་ནང་ཆེན་གཞིས་ཆགས་སུ། འདས་པོ་དམ་པ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་འདུག དམ་པ་དེའི་སྐུ་ཕུང་ཞུགས་འབུལ་སྐབས་མེ་ཐབ་ཀྱི་ཕྱོགས་བཞི་རུ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་མཆོག་དང་འབོ་གངས་དཀར་སྤྲུལ་སྐུ་རིན་པོ་ཆེ། ཁང་གསར་ཞབས་དྲུང་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་དགེ་འདུན་པ་ ༥༠ རེ་ནས་མཐའ་བསྐོར་ཏེ་བསྔོ་སྨོན་གསུངས་ཡོད་ཅིང་། སྐུ་ཕུང་གི་མཐའ་རུ་དཔལ་ས་སྐྱ་གོང་མ་ཕུན་ཚོགས་ཕོ་བྲང་རིན་པོ་ཆེའི་བདག་མོ་མཆོག་དང་། དཔལ་རྒྱལ་བ་ཀརྨ་རིན་པོ་ཆེའི་ལྕམ་སྲིང་མཆོག སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཙོས་པའི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་དང་ཕྱག་མཛོད་རྣམས་ཀྱིས་ཐོས་གྲོལ་ཆེན་མོ་དང་བར་དོའི་སྨོན་ལམ་སོགས་གསུངས་ཡོད་འདུག

 

དེ་བཞིན། ཉིན་དེའི་འདས་མཆོད་ཉིན་མོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྤྱི་འཐུས་རྒྱུན་ལས་དང་། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དམ་པ་དེ་ཉིད་ནི། བོད་གཞུང་གི་སྲི་ཞུ་བ་རྙིང་གྲས་དང་བཀའ་བློན་གྱི་ལས་ཡུན་རིང་ཤོས་དེ་ཆགས་ཅིང་དགུང་ལོ་ ༨༢ སྟེང་དགོངས་པ་རྫོགས་ཡོད།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཕུང་ཞུཌ་འབུལ་ཞུས།

 

གནས་ཚུལ་དང་པར་མཁོ་གཏོང་བ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན།

 

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༨ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 16

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། སྣང་རྒྱལ་ཤེར་དགེས་གསུངས་པ་བཞིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ཕེབས་གནང་ཡོད་མ་རེད། ངས་བཏང་བའི་གནས་ཚུལ་ངོ་མ་གཤམ་གསལ་ལྟར་རེད།
    ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་སྦིར་ཅོན་ཏ་ར་འཇུ་ཆེན་ཚང་གི་གཟིམ་ཤག་ཉེ་འགྲམ་དུ་དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་(༡༩༢༩-༢༠༡༡)མཆོག་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་རེད། སྐུ་ཕུང་ཞུགས་འབུལ་སྐབས་མེ་ཐབ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ་དང། ལྷོ་ཕྱོགས་སུ་འབོ་གངས་དཀར་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ། ནུབ་ཕྱོགས་སུ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ། བྱང་ཕྱོགས་སུ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་དགེ་འདུན་ ༥༠ ཙམ་བཅས་ནས་རང་རང་སོ་སོའི་ལུགས་སྲོལ་བཞིན་སྦྱིན་སྲེག་གི་ཆོ་གའི་གཞུང་བསྲང་ནས་མཆོད་འབུལ་གནང་བ་དང། རྫོང་སར་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྫོང་སར་བཤད་གྲྭའི་དགེ་འདུན་བརྒྱ་ཕྲག་གཉིས་ལྷག་ནས་སྨོན་ལམ་གསུང་འདོན་གནང། ༸དཔལ་ས་སྐྱ་གོང་མ་སྒྲོལ་མ་ཕོ་བྲང་རིན་པོ་ཆེའི་བདག་མོ་མཆོག་དང། ༸དཔལ་རྒྱལ་དབང་ཀརྨ་རིན་པོ་ཆེའི་ལྕམ་སྲིང་མཆོག ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་རྣམ་གཉིས་ཀྱི་སྐུ་ཚབ། གཞན་ཡང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དུ་མའི་མཁན་པོ་དང་བླ་སྤྲུལ། ཕྱག་མཛོད་དང་སྐུ་ཚབ་བཅས་ཆེད་ཕེབས་ཀྱིས་ཐོས་གྲོས་དང། བར་དོའི་སྨོན་ལམ། གསོལ་འདེབས་བཅས་གསུངས་གནང་མཛད་པར་བསྙེན་བཀུར་རྒྱས་འབུལ་ཞུས།

    སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་དང། མདོ་སྟོད་སྨད་ཀྱི་སྤྱི་འཐུས་ཁག་ཅིག སྐུ་ཡི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཕུན་ཚོགས་ར་ཡེ་ལགས། སྦིར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན་དང་ལས་བྱེད། གཞིས་ཁག་དེ་དག་གི་ས་འཐུས་དང་རང་ཚོགས་འཐུས་མི། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་མཆོག་དང། རྡ་ས་སྟེང་ཤོད་གཉིས། སུ་ཇ། ཅོན་ཏ་ར་བཅས་ཀྱི་བོད་ཁྱིམ་དབུ་འཛིན་རྣམ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཁག་ཅིག ས་གནས་ཁག་དུ་མའི་ཆུ་སྒང་ས་རྒྱུན་དང་མདོ་ཁམས་གྱི་ལུང་ཚན་མང་པོའི་འཐུས་ཚབ། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། སྡེ་ཁག་སོ་སོའི་སྐུ་ཚབ།

    དམ་པ་དེའི་སྲས་མོ་ལྔ་པོས་གཙོས་སྐུ་མཆེད་མིང་སྲིང་དང། ནང་མི་བུ་ཕྲུག ཚ་རྒྱུད་གཉེན་ཚན་བཅས་རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་ཁག་མང་པོ་ནས་ཆེད་ཕེབས་གནང་བ་སོགས་མི་སྣ་བརྒྱ་ཕྲག་དུ་མ་མཉམ་འཛོམས་ཀྱིས་སྐུ་གཤེགས་དམ་པ་དེས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་བསྐྱོན་གནང་བའི་བཀའ་དྲིན་མ་ལུས་རྗེས་སུ་དྲན་པའི་སྒོ་ནས་གདུང་སེམས་མཉམ་བསྐྱེད་དང། གསོལ་འདེབས་སྨོན་ལམ་གྱིས་སྐུ་ཕུང་ཞུགས་འབུལ་གྱི་ལས་རིམ་གྲ་འགྲིག་ལ་འཐུས་སྒོ་ཚང་བ། དད་ལྡན་དྭངས་བ་འདྲེན་ཞིང་བཀའ་དྲིན་ཆེད་དུ་གསབ་པའི་བསོད་ནམས་ཀྱི་ཕུང་པོ་ཞིག་ཏུ་གྱུར་སོང་བ་བཅས་ཀྱི་གནས་བསྡུས་སུ།
    སྐབས་དེར་དངོས་བཅར་བ་སྨོན་ལམ་མཐར་ཕྱིན་པས་མཁོ་སྤྲོད་ཞུས

    Reply
  2. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    མིང་དོན་མཚུངས་པའི་བོད་མི་གཅིག་འདས་སོང་བས་བློ་ཕམ་ཧ་ཅང་ཡོད་་་་་་་་་སླར་ཡང་མི་ལུང་བཟང་པོ་ཐོབ་ནས་བོད་མི་ཞིག་སྐྱེས་བ་ཤོག་་་་་་་་་་་་་་་་་་་་་་

    Reply
  3. གངས་རའི་སེམས says:
    ལོ་ 15 སྔོན།

    ཁམས་རྒན་ཨ་ཕ།
    གལ་ཏེ།གལ་ཏེ་ཚེ་ཕྱི་མ་ཡོད་ན།ཡང་བསྐྱོར་ཁམས་ཚང་ནང་ཕེབས་ཐུབ་པའི་རེ་བ་སྨོན་ལམ་ཡོད།
    ཁམས་ཕྲུག་ཚོས་སྒུགས་བཞིན་ཡོད།ཨ་ཕ་ཁྱེད་ནི་ཁམས་ཕྲུག་ཚོ་མ་ཚད་བོད་ཁ་བ་ཅན་
    ལ་དགོས།༧མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་གྱི་རློབས་ནས་བོད་ཁ་ཅན་ལ་ཡང་བསྐྱར་ཕེབས་ཐུབ་པའི་སྨོན་ལམ་འདེབས།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བྱས་རྗེས་ཅན་ཁོང་འུ་ཅག་དང་བྲལ་བར་སེམས་གཏིང་ནས་མྱ་ངན་ཞུ། ཟུར་དུ་ཞུ་རྒྱུར། ཁོང་གི་སྐུ་ཕུང་ཞུགས་འབུལ་བྱེད་སྐབས་དེའི་མཐའ་འཁོར་དུ་སྨན་རིའི་ཁྲི་འཛིན་ཕེབས་པ་དེ་བདེན་པ་མ་རེད། ཁོང་གི་སྐུ་ཚབ་ཕེབས་པ་རེད།

    Reply
  5. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    དམ་པ་གང་ཞིག་ཞི་བའི་དབྱིངས་སུ་ཟིམ།།
    བྱས་རྗེས་མི་ནུབ་གངས་ཅན་ཡུལ་དུ་ལུས།།
    རིས་མེད་སྐྱེས་ཆེན་དམ་པའི་བྱིན་རླབས་འོག།
    བདེ་ལྡན་ཞིང་དུ་བགྲོད་ལ་ཐག་མི་རིང་།།

    སྐྱེས་དང་སྐྱེ་རབས་ནོར་བུའི་འཕྲེང་བ་རུ།།
    ཁ་བའི་དེད་དཔོན་ཉིད་དུ་བརྩེ་བཟུང་ནས།།
    ཡབ་དང་མེས་པོའི་སྲོལ་བཟང་ཡར་ལ་བསྟོད།།
    ཆོས་སྲིད་དར་སྤེལ་འཕྲིན་ལས་རབ་རྒྱས་ཤོག།

    Reply
  6. ནགས་མེ། says:
    ལོ་ 15 སྔོན།

    མི་ཕོ་འདི་སླར་ཡང་བོད་དུ་སྐྱེ་བའི་སྨོན་ལམ་ཡོད།

    Reply
  7. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    སྐུ་ཟུར་འཇུ་ཆེན་གཤེགས་པར་མྱ་ངན་ཡོད། །སྐྱེས་སྟོབས་རིག་པ་བསམ་ཚེ་ཡིད་རབ་ཕངས། །ལྷག་ཏུ་དྲན་ཤེས་བསམ་ཚེ་དེ་བས་ཕངས། །ཕངས་ཀྱང་བྱ་ཐབས་ཅི་ཡོད་རང་ངོས་ནས། །སླར་ཡང་མི་ལུས་གསར་པ་ཐོབ་གྱུར་ནས། །༸གོང་ས་མཆོག་གི་བློན་པོ་ཡོང་བར་ཤོག །

    Reply
  8. གནས་ཚང་། says:
    ལོ་ 15 སྔོན།

    མི་སྣ་རླབས་ཆེན་ཞེས་པ་ནི་འདི་འདྲ་ཞིག་རེད། འཚོ་བཞུགས་སྐབས་སྤྱི་དོན་ཁུར་ལེན་གནང་བ་དང་། གཤེགས་དུས་ཀྱང་གྲུབ་མཐའ་རིས་མེད། ཆོས་ལུགས་རིས་མེད་ཀྱི་མིག་དཔེ་བཟང་པོ་ཞིག་བོད་པ་ཚོར་གནང་སོང་བ་འདི་རེད། མི་དང་མི་མ་འདྲ་བའི་དབྱེ་བ་འདི་ནས་འབྱེད་དགོས་པ་ལས་གཞན་ན་འཚོལ་དུ་མེད།

    Reply
  9. མིའུ་ཕྲུག says:
    ལོ་ 15 སྔོན།

    ཐོས་བསམ་ཀྱི་སྐད་ཆ་འདི་གོ་རྒྱུ་ཟབ་མོ་ཞིག་འདུག ཕྱོགས་གཅིག་ནས་མར་མ་དྲུད་ན་ཡར་མི་འཕེན་པ་ངེས་ཅན་རེད།

    Reply
  10. བཙན་པོའི་བུ། says:
    ལོ་ 15 སྔོན།

    དམ་པ་གང་ཉིད་འཇིག་རྟེན་དུ་འཚོ་བཞུགས་གནང་བའི་སྐབས་སུ། ཁོང་ལ་སྐྱོན་བརྗོད་དང་རྒྱབ་བཤད། ཕྲག་དོག ཟུར་ཟ། དམའ་འབེབས། ལྷག་པར་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་གྱི་དཀྲིག་ཤིང་། དེ་བས་ཀྱང་ཤེས་ཡོན་མེད་པར་དཔལ་འབྱོར་ཁོ་ནས་རྐུབ་ཅོག་ཉོ་ཚོང་པ་ཞིག་ཡིན་རབས་མང་པོ་ཞིག་བཤད་རྒྱུ་གླེང་རྒྱུ་འདུག་ཀྱང་། ཁོང་ཚེ་ལས་འདས་ཙ་ན། ཁོང་ནི་བླ་ཆེན་ཞིག་དང་འདྲ་བར་སྐུ་ཕུང་སྦྱིན་བསྲེགས་བཏང་སོང་ལ། མཁས་དབང་ཞིག་དང་མཚུངས་པར་བསྟོད་པ་བླ་མེད་བྱས་སོང་། གང་ལྟར་འདི་ནི་བོད་པ་ཚང་གི་ཁྱད་ཆོས་ཞིག་རེད།
    སྤྱིར་ཡོན་ཏན་ཡོད་ན། མ་ཤི་སྔོན་ནས་བརྗོད་ཀྱང་ཆོག་ལ། དེ་བཞིན་སྐྱོན་ཡོད་ན་ཤི་སོང་ཡང་བཤད་ཆོག འོན་ཀྱང་། རང་སྟེང་ནས་བཤད་ན། འཇུ་ཆེན་ཟེར་བ་དེ་གོ་མྱོང་ཙམ་ལས་མཐོང་མ་མྱོང་ཡང་། ཤི་ཚར་རྗེས་སྙིང་མ་རྗེ་ཟེར་རྒྱུ་ལས། གཞན་དམིགས་བསལ་གང་ཡང་བཤད་རྒྱུ་མེད།

    Reply
  11. བསྟན་པ། says:
    ལོ་ 15 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  12. དམག་ལོག་ says:
    ལོ་ 15 སྔོན།

    ཨོ་མཎི་པཌྨེགཧྰུུ། མཐོ་རིས་ནས་ཐར་ལམ་ཐོབ་པར་ཤོག

    Reply
  13. དམ་སྲི་འབྱུང་པོ། says:
    ལོ་ 15 སྔོན།

    སྐུ་མགྲོན་ཕེབས་མཁན་རྣམས་དང་རྣམ་པ་འདྲ་ཞིག་བསྟན་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  14. ཐོས་བསམ་ says:
    ལོ་ 15 སྔོན།

    འདས་པོ་གང་དེ་རྣམ་མཁྱེན་རྒྱལ་བའི་གོ་འཕངས་ཐོབ་པར་ཤོག། སྐུ་ཕུང་ཞུ་འབུལ་སྐབས་ཕྱོགས་བཞི་ནས་རྣམ་མཁྱེན་རྒྱལ་བའི་ཞིང་དུ་འདྲེན་བཞིན་འདུག་ཀྱང་ཕྱོགས་ཅིག་ནས་མ་ཐེག་པར་མར་ཤོར་ཉེན་འདུག་འོན་ཀྱང་མཐའ་སྐོར་དགེ་འདུན་རྣམ་པའི་སྦྱིན་མཐུས་ཨོ་ཙམ་མི་ཡོང་ངམ་བསམ།

    Reply
  15. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    དམ་པ་གང་གིས་ཚེ་རབས་ནས་བྱས་བསགས་སྡིག་ལྟུང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་མཆོག་ལ་འགོད་ཐུབ་པའི་སྨོན་འདུན་ཞུ། གཞན་ཡང་ཕྱོགས་མཐའ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་ཚང་མ་ལ་སྙིང་ནས་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། ཁྱེད་ཅག་གིས་རྗེས་ཤུལ་ནང་མི་ཡོངས་ལ་ཐུགས་གསོལ་འཚམས་འདྲི་གནང་བར་དགའ་ཚོར་ཤིན་ཏུ་ཆེ་བྱུང་།

    Reply
  16. རྐང་གསུམ། says:
    ལོ་ 15 སྔོན།

    འགྲོ་བའི་མགོ་པོ་ཞིག་ཕེབས་པའི་ངང་ཚུལ་བསྟན་པ་ནི་དེ་འདྲ་ཞིག་རེད། མགོ་རུ་གཙུག་ཏོར་དང་གདུགས་ཧ་ཧ་ཧ་ངོ་མ་ལས་རོགས་ཚོས་གུས་ཞབས་བྱེད་སྟངས་མ་ཤེས་པ་རེད། སྤྱིར་ན་ཁོང་གིས་ལེགས་ཉེས་ཅི་ཞིག་བྱས་ཡོད་རུང་ཁོང་ལ་གུས་ཞབས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese