མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་མེག་སི་ཁོའི་སྲིད་འཛིན་མཇལ་འཕྲད་ལ་རྒྱ་ནག་གི་ཁ་རྡུང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་པ་སངས་ཉིན་༧གོང་ས་མཆོག་མེག་སི་ཁོའི་སྲིད་འཛིན་ཕེ་ལིབ་ཁལ་ཌེ་རོན་མཆོག་དང་མཇལ་འཕྲད་གནང་བ་དེར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པའི་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་འདུག

སི་ཁོའི་སྲིད་འཛིན་སྐུ་ཞབས་ཧྥེ་ལེབ་ཁིལ་ཌི་རོན་(Felip Calderon)མཆོག་གིས་རྒྱ་ནག་གཞུང་གི་སྐྱོན་བརྗོད་དང་གནོད་ཤུགས་ལ་མ་ལྟོས་པར། ཟླ་འདིའི་ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་སྲིད་འཛིན་ཕོ་བྲང་ལོ་སི་པི་ནོ་སི་རུ་ (Los Pinos)ཞེས་པར་གདན་འདྲེན་ཞུས་ཏེ། སྲིད་འཛིན་མཆོག་དང་ཁོང་གི་སྐུ་ཟླ་མཱར་གྷ་རི་ཊ་ཛ་ཝ་ལ་ཁིལ་ཌི་རོན་(Margarita Zavala Calderon)རྣམ་གཉིས་དང་མཇལ་འཕྲད་ཀྱིས་བཀའ་མོལ་གནང་ཡོད་པ་མ་ཟད། མཇལ་འཕྲད་གྲུབ་མ་ཐག་ཡུལ་དེའི་མཱར་ཀུ་སི་རི་ཕོར་མིར་ཞེས་པར། ས་གནས་ཁག་འདྲ་མིན་ནས་ཕེབས་པའི་གསར་འགོད་པ་ ༤༠༠ ཙམ་ལ་སྐར་མ་ ༤༥ རིང་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་ཡོད། དེའི་མཇུག་ཏུ་མེག་སི་ཁོའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝི་སེན་ཏེ་ཕོ་སི་ (Mr. Vicente Fox)མཆོག་དང་ཁོང་གི་ནང་མི་ཚོར་མཇལ་འཕྲད་གནང་སྟེ། སྲིད་མཆོག་ཟུར་པ་མཆོག་གིས་རེ་སྐུལ་ལྟར་ལོ་རྗེས་མ་བསྐྱར་དུ་མེག་སི་ཁོར་ཆིབས་བསྒྱུརབསྐྱང་རྒྱུར་ཞལ་བཞེས་ཀྱང་གནང་ཡོད་འདུག 

 

༧གོང་ས་མཆོག་ཐེངས་འདིར་མེག་སི་ཁོའི་སྲིོད་འཛིན་མཆོག་ལ་མཇལ་འཕྲད་གནང་བ་དེས། རྒྱ་གཞུང་གི་དཔོན་རིགས་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག་ལ། ཉིན་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཞུ་ཡིས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། “ སྤྱི་ཟླ་ ༩ པའི་ཚེས་ ༩ ཉིན་མོ་ཞི་ཁོའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་བ་ཐེངས་མང་བྱས་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་མ་བལྟོས་པར་ཁ་ཨེར་ཏེ་ལུང་ཙུང་ཐུང་གིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད་པས།བྱེད་ སྟངས་དེ་ནི་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པ་ཞིག་ཡིན་པ་ མ་ཟད། ཀྲུང་གོའི་མི་དམངས་ཀྱི་བརྩེ་དུང་ལ་རྨ་ཁ་བཟོ་རུ་བཅུག་པ་ཞིག་ཡིན་ལ། ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བར་གནོད་སྐྱོན་བཟོས་པ་ཞིག་ཀྱང་ཡིན་པས། ཀྲུང་གོའི་ཕྱོགས་ནས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་མོ་ཞི་ཁོར་བཅའ་སྡོད་བྱས་པའི་དོན་གཅོད་ཁང་གིས་པེ་ཅིང་དང་མོ་ཞི་ཁོ་གྲོང་ཁྱེར་སོ་སོ་ནས་མོ་ཞི་ཁོའི་ཕྱོགས་ལ་གནད་དོན་དེ་ཕྱོགས་གཉིས་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་བྱེད་རྒྱུའི་རེ་བ་ནན་པོ་ཡང་བཏོན་པ་ཡིན ” ཞེསབརྗོད་འདུག

 

མཱ་ཀྲའོ་ཞུ་ཡིས་མུ་མཐུད་དུ་བརྗོད་དོན།  “བོད་ ལྗོངས་ཀྱི་དོན་དག་ནི་ཀྲུང་གོའི་ནང་སྲིད་ཀྱི་དོན་དག་ཡིན་པ་དང་།བོད་དོན་གནད་ དོན་ནི་ཀྲུང་གོའི་རྩ་བའི་ཁེ་ཕན་དང་ཀྲུང་གོའི་མི་དམངས་ཀྱི་བརྩེ་དུང་དང་ འབྲེལ་བ་ཡོད་པ་ཞིག་རེད། ཏཱ་ལའི་བླ་མས་དུས་ཡུན་རིང་པོར་ཆོས་ལུགས་ཀྱི་དར་ཆ་སྒྲེང་ནས་ཀྲུང་གོར་ངོ་རྒོལ་དང་ཁ་བྲལ་བྱེད་པའི་བྱེད་སྒོ་སྤེལ་ཡོད་པས།ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་སུ་འདྲ་ཞིག་གི་དབུ་ཁྲིད་དང་སྲིད་གཞུང་དཔོན་རིགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། མོ་ཞི་ཁོའི་དབུ་ཁྲིད་ཀྱིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་པ་དེས། མོ་ཞི་ཁོའི་ཕྱོགས་ནས་རྟག་པར་་བཏོན་པའི་་དམ་ཚིག་ལས་རྒྱབ་འགལ་དུ་སོང་བ་ཞིག་ཀྱང་རེད།ང་ཚོའི་རེ་བར་མོ་ཞི་ཁོའི་ཕྱོགས་ནས་བྱ་ཐབས་སྤྱད་དེ་ཤུགས་རྐྱེན་ངན་པ་མེད་པར་བཟོས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་དང་མོ་ཞི་ཁོ་དབར་གྱི་འབྲེལ་བ་དེ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བ་བྱ་དགོས ”  ཞེས་སྡིགས་དམོལ་བྱས་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. འཇམ་བཟང་། says:
    ལོ་ 15 སྔོན།

    དངོས་གནས་དུས་ཚོད་སླེབས་འདུག། བོད་པ་ཚང་གི་རྒྱ་ནག་ག་ཚོད་ཡག་པོ་བྱས་ཀྱང་། རྒྱ་ནག་གི་སྡུག་པོ་བཏང་ཀྱང་རེད། ད་ང་ཚོ་རྒྱ་ནག་ལ་མགོ་བསྒུར་ན་མ་ཏོག། དེ་ལས་གཞན་བྱེད་རྒྱུ་མེད་པའི་ཚོད་ལ་སླེབས་སོང་། དེ་ཡིན་ན་ང་ཚོ་རྐྱང་། མངར་ལ་བབ་པའི ཆང་ཞིག་རྒྱབ་རྒྱུ་རེད། དེ་འདྲ་ཡིན་ཙང་། ད་ང་ཚོ་ལ་བྱེད་རྒྱུ་ཅིག་ཡོད་པ་དེ་དྲག་སྤྱོད་བྱེད་རྒྱུ་དེ་རེད། གལ་སྲིད་སུ་ཞིག་གི་དྲག་སྤྱོད་མགོ་ཁྲིད་ཚེ། ང་ཡང་འོང་ངེས་ཡིན།
    ད་དུང་དམིགས་བསལ་ཞུ་རྒྱུ་ཞིག་ལ། དུས་བབ་རྩོོམ་སྒྲིག་ཁང་གི་དག་ཡིག་སུམ་རྟགས་ལ་དག་སྣང་མང་ཙམ་གནང་རོགས་ཞུ་རྒྱུ་ཡིན། ཡིག་ནོར་དང་དག་ཆ་ནོར་བ་མང་པོ་སླེབས་ཀྱི་འདུག།
    ཐུགས་རྗེ་ཆེ།

    Reply
  2. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    གཞོན་ནུ་དང་དགུ་བཅུ་གསུམ་ཚོགས་པའི་མགོ་ཁྲིད་རྣམས་ནས་ཁ་ནས་བཤད་པ་བཞིན་
    རང་བཙན་སྒྲུབ་བྱེད་ཀྱི་ཐབས་ལམ་གསར་པ་འཚོལ་དགོས་པའི་དུས་སླེབས་ཡོད་པ་འདྲ།
    ཁ་ནས་གང་བདེ་དང་སེམསལ་གང་དྲན་གཤད་པ་ལས་དོན་ལ་ནུས་པ་འདོན་ཐུབ་པའི་ལས་འགུལ་སྤེལ་བའི་འཆར་གཞི་དང་གྲ་སྒྲིག་འདྲ་མེད་པ་ཨེ་ཡིན།གཞོན་ནུས་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པ་ནས་བཙན་བྱོལ་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་ལ་ཁ་གཏོང་རྒྱུ་དང་ཆབ་
    སྲིད་ཀྱི་ཕྱག་ལས་གནང་མཁན་གྱི་དགེ་འདུན་པ་རྣམས་ལ་ཁ་གཏོང་རྒྱུ་ཙམ་ལས། ལས་འགན་གཞན་མེད་པ་ཨེ་ཡིན།

    Reply
  3. མང་ཐོས། says:
    ལོ་ 15 སྔོན།

    ད་ལྟའི་རྒྱ་གཞུང་གིས་བྱེད་ཚུལ་འདི་ལྟར་འཇུག་སྐྱོང་རྒྱུ་ཡིན་ན། ང་ཚོས་ཀྱང་ཅི་ནུས་ཀྱིས་ཕྱོགས་འདྲ་མིན་ནས་དྲག་རྒོལ་གྱི་འགོ་རྩོམ་རན་འདུག་པ་འདྲ།

    Reply
  4. ཉི་མ་བཀྲ་ཤིས། says:
    ལོ་ 15 སྔོན།

    མེག་སི་ཀོའི་སྲིད་འཛིན་ལ་ཐུགས་རྗེ་ཆེ་ཞུ།
    རྒྱ་ནག་གཞུང་སྙིང་རྗེ།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    ད་ལྟ་བོད་མི་ཚང་མས་ཤེས་དགོས་པ་གཅིག་ནི་རྒྱ་གུང་བྲན་གྱི་གུ་ཡངས་ཡོང་ཆེད་བོད་གཞུང་སྒོ་བརྒྱབ་པའི་མ་ཚད། གུང་བྲན་ནི་ཨ་ཕ་ཡིན་ཞེས་བོས་ནའང་ཕན་པ་ལས་གནོད་འཚབ་ཆེ་བ་དོན་དངོས་ཆགས་ཡོད་པ་བདེན་དཔང་བྱེད་ཀྱིན་པ་དེ་རེད། བྱས་ཙང་བོད་ཀྱི་འཐབ་རྩོད་ཁ་ཕྱོགས་ལ་ཞིབ་འཇུག་གིས་འགྱུར་བ་གཏོང་རྒྱུ་ལས་ལྷག་མེད།

    Reply
  6. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ངུ་སྐད་རྒྱོབ། སྡུག་སྐད་རྒྱོབ། ཁྱིར་རྒན་ཁྱོད་ཚོ། མེག་སི་ཀོའི་སྲིད་འཛིན་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese