མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཙེ་ཏུང་གིས་བོད་ཀྱི་རྒྱལ་དར་བཀག་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མེག་སི་ཁོའི་མི་མང་སུམ་ཁྲི་ ༣༠༠༠༠ ལྷག་ལ་བཀའ་སློབ་དང་། ༼ རྗེས་དྲན་དང་བཟོད་སྲན་གྱི་འགྲེམས་སྟོན་༽ཞེས་པ་དབུ་འབྱེད་སོགས་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་༧གོང་ས་མཆོག་གིས་མེག་སི་ཁོའི་ཡུལ་དུ་མཛད་འཕྲིན་སྐྱོང་གི་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་མེག་སི་ཁོ་སཱི་ཊིའི (Mexico City) ཀ་ར་ཛི་ཨ་ཛུལ་ཞེས་པའི་ (Cruz Azul) རྩེད་ཐང་ཆེན་མོར། ས་གནས་ཁག་འདྲ་མིན་ནས་ཕེབས་པའི་མི་མང་སུམ་ཁྲི་བརྒལ་བར་ ༣༠༠༠༠ རྙོག་འཛིང་ཆེ་བའི་སྐབས་སུ་༼བདེ་སྐྱིད་འཚོལ་ཐབས༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྟེ། འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་སྟབས། ཚང་མར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་སྐོར་གསུངས་འདུག་ལ། སྐབས་དེར་མང་ཚོགས་ཁྲོད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་བཞིན་པར་གཟིགས་ཏེ།  “ ངོས་རང་ ༡༩༥༤ ལོར་རྒྱ་ནག་ཏུ་བསྐྱོད་སྐབས། མའོ་ཙེ་ཏུང་གིས་བོད་མི་ཚོས་རང་ལ་རྒྱལ་དར་ཞིག་ཡོད་པ་དེ་བེད་སྤྱོད་གཏོང་དགོས་པ་རེད་ལབ་སོང་། དེར་བརྟེན་ཁྱེད་ཚོས་བོད་ཀྱི་རྒྱལ་དར་འཕྱར་སྐབས་གཞན་གྱིས་དགག་པ་བརྒྱབ་ན། མའོ་ཙེ་ཏུང་གིས་བོད་ཀྱི་རྒྱལ་དར་ལ་དགག་པ་བརྒྱབ་ཡོད་པ་མ་རེད་ཅེས་ལེན་འདེབས་དགོས ” ཞེས་གསུངས་འདུག  

ཉིན་རྒྱབ་༧གོང་ས་མཆོག་གིས་ཁུལ་དེའིོ་ལི་ཡན་ཌོ་ཝ་ལེ་རིག་གཞུང་བསྟི་གནས་ཁང་ཞེས་པར། མེག་སི་ཁོའི་ཤེས་ཡོན་ལམ་སྟོན་པ་ ༡༠༠༠ ཙམ་ལ་༼ སེམས་བཟང་པོ་དང་ཤེས་རབ་གོང་འཕེལ་གཏོང་ཐབས་ ༽སྐོར་གྱི་བཀའ་སློབ་གནང་ཡོད་པ་མ་ཟད། ཁོང་གི་བཀའ་སློབ་དེ་མེག་སི་ཁོ་རྒྱལ་ཡོངས་གྲགས་ཅན་བརྙན་འཕྲིན་ཨ་ཛི་ཊེཀ་ (Azteca TV) ནང་ཐད་གཏོང་བྱས་འདུག ཉིན་དེར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆཱ་ཊི་གྷར་ལགས་ཀྱིས་གཙོ་འགན་འཁུར་བའི་༼རྗེས་དྲན་དང་བཟོད་སྲན་གྱི་འགྲེམས་སྟོན་༽དབུ་འབྱེད་མཛད་སྒོར་ཕེབས་ཏེ། གསར་འགོད་པ་ ༢༠༠ ལྷག་ལ་ཐེངས་འདིའི་པར་རིས་འགྲེམས་སྟོན་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་ཤིང་། འགྲེམས་སྟོན་དེར་ཆིབས་སྒྱུར་མ་གནང་གོང་མེག་སི་ཁོའི་ནང་སྲིད་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་སན་ཊི་ཡ་གོ་ཁི་རིལ་མི་རན་ཌ་ (Senator Santiago Creel Miranda) མཆོག་དང་མཇལ་འཕྲད་གནང་འདུག དེའི་རྗེས་ཁུལ་དེའི་མེ་ཊོ་པོ་ལི་ཊན་ཚོགས་ཁང་ཆེན་མོའི་ནང་ས་གནས་མང་ཚོགས་ ༣༥༠༠ ཙམ་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་༼བློ་སྦྱོང་ཚིག་བརྒྱད་མའི་༽ཆོས་འབྲེལ་བཅས་གནང་ཡོད།   

༧གོང་ས་མཆོག་གིས་མེག་སི་ཁོའི་དུས་ཡུན་ཉིན་གསུམ་རིང་གི་མཛད་འཕྲིན་ཁག་ལེགས་པར་བསྐྱངས་རྗེས། ཕྱི་ཚེས་ ༡༣ ཉིན་ཨར་ཅིན་ཊི་ཎའི་ཕྱི་འབྲེལ་ཚན་པ་དང་ཡུལ་དེའི་བཀའ་བརྒྱུད་ཚོས་ཚོགས་གཉིས་ཀྱི་ཕེབས་བསུའི་ཁྲོད། རྒྱལ་ས་རྒྱལ་ས་བྷོ་ནོ་སི་ཨ་རི་སི་རུ་ (Buenos Aires) ཆིབས་བསྒྱུར་བསྐྱངས་ཏེ། ཨར་ཅིན་ཊི་ཎའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རི་ཡ་ལུར་ (Dr./Ms. Maria Laura Leguizamon) མཆོག་དང་མཇལ་འཕྲད་གནང་ཡོད་འདུག་ལ། མཇལ་འཕྲད་གྲུབ་རྗེས་ཡུལ་དེའི་ཁོ་སི་ལོའི་ཚོགས་ཁང་ཆེན་མོ་རུ་ས་གནས་མི་མང་ ༢༠༠༠ བརྒལ་བར། ༼གཞོན་སྐྱེས་ཚོར་སློབ་གསོ་སྤྲད་དེ་འཛམ་གླིང་བཟང་དུ་གཏོང་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྟེ།  “ དུས་རབས་ཉེར་གཅིག་པ་དེ་གཞོན་སྐྱེས་ཚོར་དབང་ཡོད་སྟབས། དུས་རབས་འདིར་ཞི་བདེ་དང་ཡར་རྒྱས། འཆམ་མཐུན། བརྟན་ལྷིང་ཡོང་མིན་གཞོན་སྐྱེས་ཚོར་རག་ལས་ཡོད་ལ། ཤེས་ཡོན་རྐྱང་པས་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་པར། ཞི་བདེ་དང་བདེ་སྐྱིད་ངོ་མ་ནི་བྱམས་དང་སྙིང་རྗེ་ལས་ཡོང་དགོས་པ་རེད ” ཞེས་གསུངས་ཡོད།

ཕྱི་ཚེས་ ༡༦ ཉིན་ནས་༧གོང་ས་མཆོག་གིས་མུ་མཐུད་དུ་བྷར་ཟིལ་ཡུལ་དུ་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 1

  1. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    སྐྱབས་སུ་མཆི། ངོ་མ་བོད་པ་ཚང་ལ་འདི་འདྲ་བའི་སྐྱེ་བུ་འགའ་ཤས་ཤིག་ཡོད་ན་འཛམ་གླིང་སུམ་གཉིས་ཀྱི་བདག་པོ་འགྱུར་བ་ལ་ངལ་དུབ་ཅི་ཞིག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese