མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌར་བོད་པ་སྦྱིན་བདག་བྱེད་མཁན་གཅིག་ཀྱང་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp


ཁེ་ཎ་ཌའི་གཞུང་གིས་ཨ་རུ་ཎ་ཅལ་གྱི་ཁྱིམ་མི་ཚུད་པའི་བོད་མི་ ༡༠༠༠ ཙམ་ཁེ་ཎ་ཌའི་གྲོང་ཁྱེར་ཆེ་ཁག་ལྔའི་ནང་ཆ་བགོས་བྱ་རྒྱུར་ཐག་གཅོད་བྱུང་ཡོད་པ་མ་ཟད། ལས་གཞི་དེ་འཆར་ལོའི་ལོ་མགོ་ནས་མགོ་འཛུགས་གནང་འཆར་ཡོད་ཀྱང་། ད་ཆར་ཁེ་ཎ་ཌར་གནས་སྡོད་བོད་རིགས་ནང་སྦྱིན་བདག་བྱེད་མཁན་གཅིག་ཀྱང་བྱུང་མི་འདུག

    ཁེ་ཎ་ཌའི་གཞུང་གིས་བོད་མི་ཆིག་སྟོང་ཡུལ་དེར་སྐྱབས་བཅོལ་དུ་ལེན་རྒྱུར་ཐག་གཅོད་བྱུང་ཡོད་པ་བཞིན། ལས་གཞི་དེ་ནི་ཁེ་ན་ཌའི་གཞུང་གི་ཡུལ་མི་གནས་སྤོ་ལས་ཁུངས་དང་། ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་མཉམ་སྒྲིལ་ཐོག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ལོ་རྗེས་མའི་ལོ་མགོ་ཙམ་ནས་བོད་མི་ཆིག་སྟོང་གནས་སྤོ་དངོས་སུ་དབུ་འཛུགས་གནང་འཆར་ཡོད་འདུག དེ་ནི་ཨ་རུ་ཎ་ཅལ་གཞིས་ཆགས་ཁག་གསུམ་གྱི་གཞིས་མི་ཚོ་ཁྱིམ་ཚང་ཧྲིལ་པོ་རེ་བྱས་ཏེ་ཁེ་ཎ་ཌའི་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་ས་གནས་ཁག་ ༥ ནང་གཏོང་འཆར་ཡོད་འདུག་ལ། ཁེ་ན་ཌའི་ས་གནས་དེ་དག་ནི། གྲོང་ཁྱེར་ཊོ་རོན་ཊོ་ (TORONTO) དང་། ཝན་ཁོ་ཝར་ (VANCAUVER )།   ཨོ་ཊ་ཝ་ (OTTAWA ) ། མོན་ཊི་རིལ་ (MONTREAL) །   ཁེལ་གྷ་རི་( CANGARY ) བཅས་ཡིན་འདུག

    ཐོག་མའི་ལས་འཆར་ལྟར་ན། གཞིས་སྤོར་མཁན་བོད་པ་རེ་ལ་སྦྱིན་བདག་ལྔ་རེ་འཚོལ་དགོས་པ་དང་། དེའི་ནང་ཉུང་མཐར་བོད་མི་གཅིག་རེ་ངེས་པར་དགོས་ཀྱི་ཡོད་ཀྱང་། ད་སྔ་ཁེ་ཎ་ཌའི་བོད་རིགས་ཁྲོད་དང་བླང་ཐོག་བོད་མི་གཞིས་སྤོར་མཁན་ཚོར་སྦྱིན་བདག་བྱེད་མཁན་གཅིག་ཀྱང་བྱུང་ཡོད་མི་འདུག 

 

    འདི་གའི་གསར་འགོད་པས་ཁེ་ཎ་ཌ་ཝན་ཁོ་ཝར་བོད་ཀྱི་རིག་གཞུང་ཚོགས་པའི་ཚོགས་མི་སྐུ་ཞབས་བཀྲ་ཤིས་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཝན་ཁོ་ཝར་གྲོང་ཁྱེར་དུ་ད་ཆར་བོད་མི་ ༢༠༠ ལྷག་ཡོད་པ་དང་། ཉེ་ཆར་ཁེ་ཎ་ཌ་གཞིས་མི་གནས་སྤོ་བློན་ཆེན་མཆོག་གྲོང་ཁྱེར་དེར་ཕེབས་ཏེ། ཁེ་ཎ་ཌའི་གཞུང་གིས་རྒྱ་གར་ཨ་རུ་ཎ་ཅལ་གྱི་བོད་མི་ཆིག་སྟོང་ཁེ་ཎ་ཌའི་གྲོང་ཁྱེར་ཆེ་ཁག་ཏུ་བགོ་འགྲེམས་བྱ་རྒྱུའི་ཁྲོད། བོད་མི་ ༢༠༠ ཙམ་ཝན་ཁོ་ཝར་ལ་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག སྤྱིར་ཐེངས་འདིར་བོད་མི་རེ་ལ་སྦྱིན་བདག་ ༥ རེ་འཚོལ་དགོས་པ་དང་། མི་ལྔའི་ནང་གི་གཅིག་ངེས་པར་དུ་བོད་པ་ཡིན་དགོས་པ་བཅས་ཡིན་འདུག་ལ། སྦྱིན་བདག་གི་ཆ་རྐྱེན་ཐད་ཁེ་ཎ་ཌའི་མི་སེར་ལག་འཁྱེར་རམ་གཏན་སྡོད་ཁ་བྱང་( Citizen ship or permanent resident )གང་རུང་མེད་ན། སྦྱིན་བདག་བྱ་རྒྱུའི་ཆོག་མཆན་འཐོབ་ཀྱི་མེད་པ་དང་། ཆ་རྐྱེན་ཚང་མཁན་དག་གིས་དུས་ཡུན་ལོ་གཅིག་གི་ཁག་ཐེག་གྲོན་དངུལ་དེ་སྔ་འདོན་གྱིས་འབྲེལ་ཡོད་ལས་ཁུངས་འབུལ་དགོས་ཀྱི་ཡོད་ཚུལ་སོགས་ངོ་སྤྲོད་གནང་བྱུང་།  

 

ཁོས་མུ་མཐུད་དུ་བརྗོད་པ་ལྟར་ན། བོད་མིའི་གཞིས་སྤོའི་ལས་གཞི་དེའི་འགན་གཙོ་བོ། ཁེ་ཎ་ཌའི་བོད་དོན་ལས་འཆར་ཚོགས་པས་(Tibet Project Society)འཁུར་གྱི་ཡོད་ཐོག ཁེ་ཎ་ཌའི་བོད་རིགས་སྤྱི་མཐུན་ཚོཊ་པ་དང་བོད་ཀྱི་རིག་གཞུང་ཚོཊ་པ་བཅས་ཀྱིས་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་འདུག ཉེ་སྔོན་བོད་རིགས་ཚོགས་པ་ཁག་གིས་ཁེ་ཎ་ཌར་གནས་སྡོད་བོད་པ་སྤྱི་ཡོངས་ལ། ཨ་རུ་ཎ་ཅལ་བོད་མི་ཚོར་སྦྱིན་བདག་གནང་རོགས་ཞེས་འབོད་སྐུལ་ཐེངས་མང་ཞུས་ཀྱང་། ད་བར་ཁེ་ན་ཌའི་བོད་མིའི་ཁྲོད་སྦྱིན་བདག་བྱ་རྒྱུ་ཡིན་ཟེར་ནས་ང་ཚོར་འབྲེལ་བ་བྱེད་མཁན་གཅིག་ཀྱང་བྱུང་ཡོད་མི་འདུག་ལ། ཁོ་རང་སྡོད་སའི་ཝན་ཁོ་ཝར་ས་གནས་སུ་ཡང་སྒེར་ངོས་ནས་སྦྱིན་བདག་བྱ་རྒྱུ་ཡིན་ཟེར་མཁན་གཅིག་ཀྱང་བྱུང་མེད་པར། ད་ལྟ་སྦྱིན་བདག་སྐོར་ཞིག་རག་ཡོད་པ་དག་ཀྱང་། ༧གོང་ས་མཆོག་ལ་དད་གུས་ཡོད་མཁན་དང་བོད་ཀྱི་རིག་གཞུང་དང་རྩ་དོན་ལ་དོ་སྣང་ཡོད་མཁན་གྱི་ཕྱི་མི་རྐྱང་ཆགས་ཡོད་འདུག  

    སྐུ་ཞབས་བཀྲ་ཤིས་ལགས་ཀྱིས་བརྗོད་དོན།  “ ཝན་ཁོ་ཝར་རིག་གཞུང་ཚོགས་པའི་ངོས་ནས་ཁུལ་དེར་གཞིས་སྤོ་བྱེད་མཁན་ཚོར་དམིགས་ཏེ་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ལ། མ་འོངས་པར་ཡང་གང་ཐུབ་ཀྱིས་རོགས་རམ་གནང་རྩིས་ཡོད། ཁེ་ཎ་ཌར་རྒྱལ་ཁབ་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི། ཕྱི་ལོགས་ཀྱི་སྨན་པ་དང་འཆར་འགོད་པ། ལག་ཤེས་པ་སོགས་ཀྱི་ཐོབ་ཐང་ལག་འཁྱེར་གང་ཡིན་རུང་ངོས་ལེན་གནང་གི་མེད་སྟབས། བོད་པ་ཚོ་ཡང་ཚུར་བསླེབས་རྗེས་གཞི་ནས་སློབ་སྦྱོང་མགོ་འཛུགས་དགོས་པ་རེད། དེ་ཡིན་དུས། ང་ཚོའི་ངོས་ནས་ད་ལྟ་ནས་བོད་མི་དེ་ཚོའི་འཕྲོད་བསྟེན་དང་སློབ་སྦྱོང་། ཤེས་ཡོན།  སྡོད་ཁང་སོགས་ཕྱོགས་མང་པོ་ཞིག་ལ་གྲ་སྒྲིག་རོགས་རམ་གནང་དགོས་པ་ཡོང་གི་རེད ” ཅེས་བརྗོད་བྱུང་།

 

    ཁེ་ཎ་ཌ་ཝན་ཁོ་ཝར་མཚན་སྒྲོག་དགོན་སྙིང་རྗེ་མཐུན་ཚོགས་ཀྱི་ཚོགས་གཙོ་མཚན་སྒྲོག་རིན་པོ་ཆེ་མཆོག་གིས་གསུངས་ན། ཨ་རུ་ཎ་ཅལ་གྱི་བོད་མི་དེ་ཚོ་འཆར་ལོའི་ལོ་མགོ་ནས་ཁེ་ཎ་ཌར་གཞིས་སྤོ་གནང་རྒྱུ་ཡིན་པ་དང་། བོད་མི་ ༡༠༠༠ དེ་ཁེ་ཎ་ཌའི་ནང་གི་བོད་པ་འཛོམས་སའི་གྲོང་ཁྱེར་ཆེ་ཁག་ལྔའི་ནང་བོད་མི་ ༢༠༠ ཡས་མས་རེ་བགོ་འགྲེམས་བྱ་རྒྱུ་རེད། ཝན་ཁོ་ཝར་ལྟ་བུར་ཆ་བཞག་ན། འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་ཝན་ཁོ་ཝར་དུ་རིག་གཞུང་འགྲེམས་སྟོན་ཐེངས་ ༢ པ་དེ་ཚོགས་ཏེ། ཁེ་ཎ་ཌའི་ཊོ་ལོར་སྟོང་ཕྲག་ ༡༤ ལྷག་འདུ་འགོད་བྱེད་ཐུབ་ཡོད་འདུག་ལ། སྒོར་མོ་དེ་དག་ཝན་ཁོ་ཝར་གཞིས་སྤོ་བྱེད་མཁན་ཨ་རུ་ཎ་ཅལ་གྱི་བོད་མི་ཚོར་ཆེད་གཏོང་གནང་རྒྱུ་ཡིན་འདུག

    མཚན་སྒྲོག་རིན་པོ་ཆེ་མཆོག་གིས་གསུངས་དོན།  “ ཝན་ཁོ་ཝར་བོད་རིགས་ཚོགས་པས། གང་ཐུབ་ཅི་ཐུབ་ཀྱིས་ཁུལ་དེར་གཞིས་སྤོ་བྱེད་མཁན་བོད་པ་ཚོར་རོགས་རམ་ཐད་གྲ་སྒྲིག་ཞུ་བཞིན་ཡོད། མངའ་སྡེ་གཞན་དང་ས་གནས་གཞན་དག་གི་བོད་པ་ཚོས་ལས་གཞི་འདིའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་ད་སྔ་གོ་མ་སོང་། སྤྱི་ཡོངས་ནས་བོད་མི་ཆིག་སྟོང་དེ་ལ་སྦྱིན་བདག་ག་ཚོད་རག་ཡོད་མེད་ཀྱང་གསལ་པོ་ཧ་གོ་མ་སོང་། གོ་ཐོས་ལྟར་ན། ཁེ་ཎ་ཌའི་ཡེ་ཤུའི་ཚོགས་པ་ཞིག་གིས་བོད་པ་ཚོར་སྦྱིན་བདག་འཚོལ་བཞིན་འདུག་ཟེར ” ཞེས་བརྗོད་བྱུང་།


     ཁེ་ཎ་ཌ་ཝན་ཁོ་ཝར་བོད་ཀྱི་རིག་གཞུང་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་ཀྱང་གོང་གསལ་ལྟར་བརྗོད་སོང་། ཨ་རུ་ཎ་ཅལ་གྱི་བོད་པ་རྣམས་ཁེ་ཎ་ཌའི་བོད་རིགས་འདུས་སྡོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་བགོ་འགྲེམས་གནང་དོན་ནི། བོད་པ་དེ་ཚོ་ས་ཆ་ཁུག་ཀྱོག་ཅིག་ནས་གློ་བུར་དུ་ཡུལ་ལུང་གཞན་ཞིག་ལ་གནས་སྤོར་བྱས་ཚེ་འཚོ་བའི་གོམས་གཤིས། སྐད་ཡིག་བཅས་ཀྱི་ཐོག་དཀའ་ངལ་འཕྲད་སྲིད་སྟབས་གྲོང་ཁྱེར་དེ་དག་བདམས་པ་ཞིག་ཡིན་འདུག ཕྱོགས་གཞན་ཞིག་ནས། བོད་པ་ཚོ་མཉམ་དུ་སྡོད་ཐུབ་པ་ཡིན་ན། བོད་ཀྱི་སྐད་དང་དང་རིག་གཞུང་སྲུང་སྐྱོབ་བཅས་ལ་དམིགས་པ་ཞིག་ཀྱང་ཡིན་འདུག

    ད་ལྟའི་ཆར་ཁེ་ཎ་ཌའི་ཡུལ་དུ་ཁྱོན་བོད་མི་ ༦༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག

 

གསར་འགོད་པ། དཔལ་ལྡན།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽ 

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 9

  1. བསོད་འོད says:
    ལོ་ 14 སྔོན།

    ཕྱི་ལོ་༢༠༠༧ལོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཁྲོ་རོན་ཀྲོ་ལ་ཕེབས་སོང་། སྐབས་དེ་བོད་མི་ཚོས་དགའ་འཚོ་ཆེན་པོས་ཕེབས་བསུ་དང་མི་མང་ཡོངས་ལ་བཀའ་སློབ་ཞིག་ཀྱང་གནང་སོང་། སྐབས་དེར་བཀའ་ཁྲི་རིན་པོ་ཆེ་མཆོག་གིས་གསུང་དོན། ཁྱེད་རང་ཚོ་འདིར་སླེབས་སྡོད་པ་ཕལ་ཆེ་བ་ཁྲིམས་འགལ་གྱི་ལམ་ནས་སླེབས་སྡོད་པ་ཤ་སྟག་རེད་བཅས་ཐུགས་ཐག་ཆད་པོས་གསུངས་སོང་། དྲ་གྲོགས་ཚོས་གཟིགས་དང་། ཁྲིམ་འགལ་ཉེས་ཅན་པའི་མིང་ཡོད་མཁན་ཞིག་གིས་ཁྲིམས་མཐུན་གྱི་ལས་འཆར་ལ་ལག་པ་འཆངས་རྒྱུ་དེ་ལས་སླ་བོ་ཞིག་མིན་པ་འདྲ། ཡིན་ན་ཡང་ཁྲོ་རོན་ཀྲོ་གནས་སྡོད་བོད་མི་ཚོས་སྔ་ལོ༢༠༡༠ ཕྱི་ཟླ་༣ པ་ནས་འདི་ལོ་ཕྱི་ཟླ་༥བའི་བར་འདས་པའི་ཟླ་ངོ་༡༤་རིང་ལ་རང་བཙན་ལག་དེབ་ཀྱི་དངུལ་འབབ་དེ་ཧིན་སྒོར་ས་ཡ་བདུན་༧༠༠༠༠༠༠ལྷག་ཕུལ་འདུག དངུལ་འབབ་དེ་དག་ཀྱང་ཁྲིམས་འགལ་ཉེས་ཅན་པའི་ལག་ནས་བླངས་པའི་དངུལ་འབབ་ཡིན་སྟབས་བོད་གཞུང་ནས་བཞེས་ཡོད་མེད་ནི་མ་ཤེས། ཚུར་སློགས་འདུག་ཟེར་བ་དེ་འདྲ་ནི་གོ་རྒྱུ་མི་འདུག གཅིག་བྱས་ན་དཔལ་འབྱོར་ལས་ཁང་ནས་ཁ་ཁར་ཉར་སྡོད་ཡོད་འགྲོ

    Reply
  2. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    འདི་ནི་བཀའ་ཁྲི་བློ་སེང་གིས་ནུབ་སྡོད་བོད་མི་ཚོར་རྒྱ་བལ་དུ་ཡོད་པའི་བོད་པའི་གཞིས་ཆགས་ཚོར་རོགས་རམ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་པའི་འཆར་གཞི་དེར་ལན་འདེབ་བྱས་པ་ཞིག་རེད་སྙམ།

    Reply
  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ད་ལན་མི་ཆིག་སྟོང་ཐམ་པ་དེ་ས་ཁུལ་གཅིག་ལ་འདུག་ཐུབ་ན་ངོ་མ་བཟང་གི། ཕྱོགས་ན་མང་པོ་ནས་ལྟ་ས་ཡོད་རྒྱུ་རེད་སྙམ། དེའི་ཐད་ལ་གཞུང་སྒེར་ཚང་མས་འབད་ན་ལེགས་སྙམ།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    རང་རེ་བོད་པ་ཚོ་སྦྱིན་བདག་བྱེད་པའི་སེམས་ཤུག་མེད་ཀྱང་། རང་ཉིད་དང་། ནང་མི་སྤུན་མཆེད་ཚོར་སྦྱིན་བདག་འཚོལ་རྒྱུར་སེམས་ཤུག་གཏན་གཏན་ཡོད། དེ་ནི་བོད་མི་རིགས་ལ་སྔར་ནས་ཡོད་པའི་རང་བཞིན་ལྷུན་གྲུབ་ཀྱི་གོམས་གཤིས་ཤིག་ཡིན།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཨ་རི་དང་ཁ་ན་དྲ་་ཡུང་རོལ་བཅས་སུ་ཡུན་རིང་བསྡད་མྱོང་བའི་བོད་མི་རྣམས་སྤྱིའི་ཆ་ནས་སྤྱིན་བདག་རེད། ཤ་ཁྲག་གཅིག་པའི་སྤུན་ཆེད་དང་ནང་མི་རྣམས་སུ་སྤྱིན་བདག་བྱས་མ་མྱངས་མཁན་ཞིག་ཡོད་མི་སྲིད་པ་འདྲ་རེད།

    བོད་པའི་ལས་དོན་གང་ཞིག་རྩོལ་ཀྱང་དང་ཞལ་འདེབས་སློང་གི་རེད། དཔེར་ན། བོད་ནང་དུ་ས་ཡོལ་གྱི་དཀའ་ངལ་བྱུང་སྐབས་སུ་ཞལ་འདེབས་སློང་བ་དང་། རྒད་གསོ་ཡིན་ཟེར་ནས་སློང་བ། སློབ་ཕྲུག་གི་སློབ་ཡོན་ཡིན་ཟེར་ནས་སློང་བ་སོགས་མང་པོ་ཡོད།

    མདོ་དོན་་ཞལ་འདེབས་སློང་མཁན་ཚོ་རྗེས་སུ་ཕྱུག་པོ་ཆགས་བསྡད་པ་མ་གཏོགས་སློང་སའི་ཡུལ་དངོས་གནས་པོར་འགྱུར་འདྲ་བ་འགྲོ་གི་མ་རེད། ཚེ་མཆོག་གླིང་གི་སྤྱིན་བདག་ཚོའི་སྒོར་མོ་དེ་གྲྭ་མང་ཉམ་ཐག་ཚོའི་ཆེད་དུ་རེད་འདུག་པས། དཔེར་དེ་བཞིན་མང་པོ་རེད།

    ཁ་ན་དྲའི་བོད་མི་རྣམས་ཀྱང་ཞལ་འདེབས་སློང་མཁན་མང་དྲགས་པ་དང་མགོ་སྐོར་བཏང་མང་དྲགས་པས་ཡིད་ཆེས་བརླགས་པ་ཡིན་གྱི་རེད། སྤྱིན་བདག་ངེས་པ་ཏུ་དགོས་པ་ཞིག་ཀྱང་ཡིན་གྱི་མ་རེད། སྐྱབས་བཅོལ་ལེན་གྱི་ཡོད་པ་ཡིན་ནའང་སྐྱབས་བཅོལ་བའི་སྒྲིག་འཛུགས་ཀྱི་ངོས་ནས་གནང་གི་རེད་འདོད།

    Reply
  6. མི་ཆུང་། says:
    ལོ་ 14 སྔོན།

    དེར་ངོས་ལེན་མེད། གཅིག་ནས་བོད་མི་ཆིག་སྟོང་ལ་ཐ་གཅིག་ཏུ་བོད་པ་ཕྱུག་པོ་ཆིག་སྟོང་དགོས་ཞེས་པ་མ་རེད། ད་བར་ཁ་ན་ཏར་གཞུང་ཡིན་ནའང་འདྲ། བོད་ཅེས་པ་ཡིན་ནའང་འདྲ། ཁ་ན་ཏར་གཞུང་གིས་ད་བར་ང་ཚོར་རོགས་རམ་གནང་སོང་། ད་ལྟ་ང་ཚོས་ཀྱང་ང་ཚོའི་མིར་རོགས་པ་བྱེད་ཐུབ་ཀྱི་ཡོད་ཅེས་པ་དང་། དེ་མིན་བོད་པ་ཞིག་གི་བཟང་སྤྱོད་དང་གཙོ་བོ་འགན་འཁྲི་ཡོད་པ་དེ་རེད།
    འོ་ན་ལྡོག་འདྲི་བྱས་ན། ད་བར་ཁེ་ན་ཏར་ནང་བོད་མི་ཚོར་སྦྱིན་བདག་བྱེད་ཐུབ་པའི་བོད་པ་གཅིག་ཀྱང་མེད་དམ། རྒྱུ་མཚན་ནི། སུ་ཞིག་གིས་ཀྱང་སྦྱིན་བདག་གི་ངོས་ལེན་བྱས་མེད་པས་ཡིན།
    དེ་མིན། སྐྱབས་བཅོལ་ལ་འགྲོ་མི་ཚོར་གནས་སྐབས་ཀྱི་སྦྱིན་བདག་ཙམ་ལས་མི་ཚེ་གཅིག་ལ་དགོས་ཞཻས་པ་མ་རེད། གནས་སྐབས་སྐད་ཀྱི་དཀའ་ངལ། དཔལ་འབྱོར་གྱི་དཀའ་ངལ། ཡུལ་གོམས་མ་ཤཻས་པའི་དཀའ་ངལ། མདོར་ན་དཀའ་ངལ་གྱི་རི་བོ་སྤུངས་ནས་ཡོད་པས་རེད། ད་ལྟ་ཐུགས་ལ་འཇགས་ཡོད་ཚོད་རེད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལུགས་སྲོལ་དེ་གསར་བ་ཞིག་རེད། གཞུང་གིས་སྐྱབས་བཅལ་ལ་བླངས་པ་ཡིན་ན་གཞུང་གིས་རོགས་རམ་གནང་ཐུབ་ནས་ལེན་གི་ལས་ཡོད།
    བོད་མི་ཆིག་སྟོང་ལ་སྦྱིན་བདག་ཀྱང་བོད་མི་ཆིག་སྟོང་དགོས་ན། བོད་མི་སྟོང་དྲུག་པོ་དེ་དག་གི་ནང་ན་ཕྱུག་པོ་ཆིག་སྟོང་ཡོད་དམ། བོད་མི་དྲུག་སྟོང་དེ་ཁྱིམ་ཚང་དྲུག་སྟོང་ཡིན་རྒྱུ་མ་རེད།
    དེ་ལས་བོད་མི་དྲུག་སྟོང་རེ་རེ་ནས་རང་རང་གི་བློས་ལྕོགས་ཚད་ཀྱི་ཞལ་འདེབས་རེ་བསྡུས་ན་ཚང་མས་ལོས་གནང།
    མ་གཞི་ནས་སྐྱབས་བཅལ་ལ་སོང་བའི་ཐོག་ལ་ད་དུང་སྦྱིན་བདག་དགོས་ཚུལ་འདི་ཡ་མཚར་འདྲ་བོ་ཞིག་མ་རེད་དམ།
    དེ་ལས་ཁོ་ཚོས་བོད་ནང་དང་རྒྱ་གར་གཞིས་ཆགས་ནང་ལ་རོགས་རམ་དགོས་ཚུལ་ཞུས་ན་བསམ་བློ་གཏོང་མཁན་མང་གི་རེད་འདོད།
    བསམ་ཚུལ་ཙམ་ལས་ཅི་ཡང་མིན།

    Reply
  8. མི་ཆུང་། says:
    ལོ་ 14 སྔོན།

    ཁ་ན་ཏར་གཏན་སྡོད་ཀྱི་གཞིས་མི་ཚོ། གོང་ས་མཆོག་དང་བོད་གཞུང་། བོད་མི་རིགས་ཞེས་པའི་མིང་བྱང་གི་བཀའ་དྲིན་འོག ད་ལྟ་ལོ་ངོ་ཧ་ཅང་མང་པོ་ཕྱིན་ཡོད། མ་ཟད་ཁོང་ཚོའི་མི་རབས་གཉིས་པ་དང་གསུམ་པ་ཚོ་སློབ་སྦྱོང་མཐུན་རྐྱེན་ཡག་པོ་རེག་པས། དེང་ཕྱི་མི་དང་དབྱེར་མེད་བཞིན། ལས་བཞུགས་གླ་ཆ་ཁང་པ་སོགས་གང་སྤྱིར་ཡག་པོ་ཡོད་པ་བཤད་མ་དགོས། འོན་ཀྱང་ད་དུང་བོད་མི་ཉམ་ཐག་ཚོར་རོགས་སྐྱོར་བྱེད་འདོད་ཀྱི་ཆོད་སེམས་ཡེ་ནས་མེད་པ་འདི།
    བོད་ཀྱི་ཁྱད་ཡོན་དུ་རློམ་པའི་བདག་པས་གཞན་གཅེས། བྱང་ཆུབ་ཀྱི་སེམས། ནང་པ། སྐྱིད་སྡུག་མཉམ་མྱོང་། ཞེས་པ་སོགས་གང་ན་ཡོད། ཁྱོད་ཚོས་བོད་ནང་གི་བོད་མི་ཚོ་སྐྱོབ་རྒྱུ་ཕར་ཞོག འདི་གར་མཉམ་གནས་ཀྱི་ཉམ་ཐག་ཚོ་ལ་ཡང་རོགས་པ་ཞིག་བྱེད་མ་ཐུབ་པ་འདི།
    གོང་ས་མཆོག་དང་བོད་གཞུང་། བོད་མི་རིགས་ཀྱི་བཀའ་དྲིན་ལ་རྡོག་རོལ་བཏང་བ་རེད། འདིས་ཁྱོད་ཚོའི་ངོ་གདོང་གསལ་ལེར་མཐོང་བ་རེད། འདོད་རྔམ་ཅན་ཚོ་གཅིག་བྱས་ན་ད་དུང་ཡང་རང་ཉིད་ལ་སྦྱིན་བདག་འཚོལ་གྱི་ཡོད་ཚོད་རེད།

    Reply
  9. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    བོད་པ་ཚོ་གཞན་རྟེན་དང་བྱིན་བདག་རོགས་པ་མ་གཏོགས་རང་ཉིད་ཀྱི་རྐང་པའི་ཐོག་རང་ཉིད་ལང་ཐབས་བྱ་རྒྱུ་བསམ་བློ་མེད་དུས་ཕུགས་རྒྱང་རིང་པོ་ཞིག་བོད་པ་ཚོ་ཁག་པོ་ཡིན་ད་ཧཧ་ཕྲལ་སེལ་དང་ཁེ་ཕན་ཆུང་ཆུང་མ་གཏོགས་མི་ཤེས་པའི་མི་རིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese