མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇང་དགུན་ཆོས་ཆེན་མོ་གསར་འཛུཊ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་གསར་དུ་མགོ་འཛུགས་གནང་བའི་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོའི་སྟེང་། བོད་ཀྱི་ས་གནས་འདྲ་མིན་ནས་དགེ་ལུགས་དགོན་པ་དང་ ༣༥ དང་། རྙིང་མའི་དགོན་པ་ ༡། བོན་པའི་དགོན་པ་ ༡ བཅས་ཀྱི་དགེ་འདུན་པ་ ༡༦༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

 

གནས་ཚུལ་བཏང་འབྱོར་ལ། འདི་ལོའི་བོད་ཟླ་ ༧ པའི་ཚེས་ ༥ ཉིན་ནས་ཚེས་ ༡༤ ཉིན་བར་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་འཇང་དགུན་ཆོས་ཆེན་མོ་དེ། མཚོ་སྔོན་རྨ་ལྷོ་རེབ་གོང་ཁུལ་དུ་གསར་དུ་མགོ་འཛུགས་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་སྟེང་རེབ་གོང་སྐྱབས་མགོན་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་ཚོར་འཇང་དགུན་ཆོས་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་ཡོད་འདུག་ལ། མཛད་སྒོ་མ་འཚོགས་གོང་དགེ་འདུན་འདུས་མང་གིས་གནས་མཆོག་དང་གོང་ས་མཆོག་གི་ཞབས་བརྟན། རེབ་གོང་སྐྱབས་མགོན་གྱི་གསོལ་འདེབས་སྨོན་ལམ་བཅས་གསུངས་ཡོད་པ་མ་ཟད། ཐོག་མའི་དམ་བཅའི་ཉིན་མོར་དགེ་འདུན་པའི་དབུས་པའི་བོད་ཀྱི་སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ་དང་ས་གནས་མང་ཚོགས་བཅས་ཁྱོན་མི་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་འདུག

 

ད་ལོའི་འཇང་དགུན་ཆོས་ཆེན་མོར་དགོན་པ་འདྲ་མིན་ནས་ཕེབས་པའི་བོད་ཀྱི་དགེ་འདུན་པ་ཚོས། རྒྱ་གར་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་༼ཚད་མ་རྣམ་འགྲེལ་༽ལྟེ་བར་བཟུང་སྟེ་ཕན་ཚུན་རྩོད་སྒྲུབ་གནང་ཡོད་པ་དང་། འཇང་དགུན་ཆོས་ཆེན་མོ་དེ་ནི་གཙོ་བོ། བོད་ཀྱི་རིག་གནས་དར་སྤེལ་དང་ཉམས་གསོ། གྲུབ་མཐའི་མཐུན་ལམ། བོད་མིའི་བཟང་པོའི་གོམས་གཤིས་རྒྱུན་འཛིན་ཡོང་རྒྱུར་དམིགས་པ་ཞིག་ཡིན་ལ། ལས་གཞི་དེར་ཁྲི་ཟུར་ཨ་ལགས་ཁཱ་སོ་རིན་པོ་ཆེ་མཆོག་གིས་སྔ་ཕྱིར་རྒྱ་སྒོར་ཁྲི་༧༠ ལྷག་ཞལ་འདེབས་གནང་ཡོད་པ་དང་། ཆོས་ཚོགས་དེར་བོད་ཀྱི་དགེ་ལུགས་དགོན་པ་ ༣༣ ཙམ་དང་། རྙིང་དགོན་ ༡།  བོན་དགོན་ ༡ བཅས་ཀྱི་དགེ་འདུན་པ་ ༥༠༠ ལྷག་དང་། དེའི་ཐོག་རོང་བོ་གདན་ས་གསུམ་གྱི་དགེ་འདུན་པ་ ༡༠༠༠ བཅས་ཁྱོན་དགེ་འདུན་པ་ ༡༦༠༠ ལྷག་འཛོམས་ཡོད། དེ་དག་ཁྲོད་རྒྱ་གར་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་ ༨ དང་། དེ་མིན། ཚོགས་རམས་པ་དང་གླིང་བསྲེས་དགེ་བཤེས། རབ་འབྱམས་དགེ་བཤེས་དང་། གཞན། ལྷ་ས་སེ་ར་དང་འབྲས་སྤུངས་དགེ་བཤེས་སོགས་ཁྱོན་དགེ་བཤེས་བཅུ་ཕྲག་འགའ་ཕེབས་ཡོད། ཕྱོགས་ཡོང་དགེ་འདུན་པ་ཚོར་གྲྭ་ཆས་དང་ཞྭ་བདག མལ་ཆས་ཙམ་ལས་འགྲོ་གྲོན་གཞན་ཡོངས་རྫོགས་རོང་བོ་དགོན་ཆེན་རང་ནས་འགན་ལེན་གནང་ཡོད་པ་རེད།   

 

ཉིན་མཐའ་མའི་དམ་བཅའ་སྟེང་། ཁྲི་ཟུར་ཁཱ་སོ་རིན་པོ་ཆེ་མཆོག་གིས་ད་ལོའི་འཇང་དགུན་ཆོས་སྐོར་ངོ་སྤྲོད་གནང་སྟེ། མ་འོངས་པར་ཡང་ལས་གཞི་འདི་མུ་མཐུད་མཇུག་སྐྱོང་དགོས་པའི་འབོད་སྐུལ་ཞུས་སྟེ། འདི་ལོའི་འཇང་དགུན་ཆོས་ཀྱི་དགེ་བའི་རྩ་བར། སངས་རྒྱས་བསྟན་པ་དར་ཞིང་སེམས་ཅན་བདེ་ཞིང་སྐྱིད་པ། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཞིང་འཛམ་གླིང་ཞི་བདེ་ཡོང་བ། བོད་གཞིས་བྱེས་གཉིས་གང་མགྱོགས་ལྷན་འཛོམས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་སོགས་ཞུས་ཡོད། སྐབས་དེར། རེབ་གོང་སྐྱབས་མགོན་མཆོག་དང་ཁྲི་ཟུར་རོང་བོ་ཚང་། ཁྲི་ཟུར་ཁཱ་སོ་རྣམས་གཙོས་པའི་རེབ་གོང་དད་ལྡན་རོང་འབྲོག་མང་ཚོགས་ཀྱིས། འཇང་དགུན་ཆོས་ལ་ཕེབས་པའི་དགེ་འདུན་པ་ཚོར་རྒྱ་སྒོར་ ༣༡༠༠ རེ་དང་། མར་དང་གོ་རེ། རྩམ་པ་སོགས་ཀྱི་འབུལ་བ་གང་ལེགས་ཕུལ་ཡོད། དེ་ལྟ་ནའང་། འདི་ལོའི་རེབ་གོང་འཇང་དགུན་ཆོས་ཆེན་མོིའི་སྟེང་མདོ་སྨད་དགེ་ལུགས་དགོན་ཆེན་བྱ་ཁྱུང་དགོན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ། སྐུ་འབུམ་དགོན་པ། རྔ་པ་ཀིརྟི་དགོན་པ་བཅས་སུ་རེ་སྐུལ་ཞུས་ཀྱང་གཞན་དབང་གིས་དུས་ཐོག་ཏུ་བཅར་ཐུབ་མེད་པ་རེད།

 

ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་ནི་ཕྱི་ལོ་ ༡༣༤༢ ལོར་ཆོས་རྗེ་དམ་པ་དོན་གྲུབ་རིན་ཆེན་མཆོག་གི་དངོས་སློབ་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཕྱག་བཏབས་གནང་བ་ཞིག་ཡིན་ཞིང་། ད་ལྟ་དགོན་པ་འདིར་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་བཅས་ཁྱོན་གྲྭ་ཚང་གསུམ་དང་། རེབ་གོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པ་མཆོག་དབུ་བཞུགས་ཀྱིས་དགེ་འདུན་པ་ ༦༠༠ ལྷག་བཞུགས་ཡོད་འདུག

 

གསར་འགོད་པ། དཔལ་ལྡན།  

 

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༣ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༤ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 11

  1. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ངོ་མ་གསར་འགྱུར་ཞིག་ཕུལ་ན་ཡང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ངང་ཕུལ་རྒྱུ་འདི་བཙན་བྱོལ་སྤྱི་ཚོགས་ནང་གི་ཞན་ཆ་ཆེ་ཤོས་ཤིག་ཡིན་པས་རིག་པ་སྨྲ་མཁན་ཚང་མའི་ཕྱོགས་ཡོང་ནས་གཟབ་གཟབ་བྱོས་ན་ལེགས་པར་མཐོང་། འོག་ནས་ཨ་རིག་དགེ་མཐོང་གི་འགྲེལ་བཤད་རྒྱས་བ་ཞིག་རྒྱབ་འདུག་པས་དགའ་བསུ་ལས་འོས་མེད།

    Reply
  2. དམ་སྲི་འབྱུང་པོ། says:
    ལོ་ 15 སྔོན།

    ཨ་དགེ་ལགས་མདོ་སྨད་ལ་ནང་ཆོས་རིག་པ་མཁས་པ་ཆེན་པོ་དེ་ཙམ་བྱུང་མི་འདུག་གང་ཡིན་ནམ།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་དུང་གསར་འགོད་པའི་ཐུགས་ཉམས་དགོས་པ་ཞིག་ལ། འཇང་དགུན་ཆོས་འདི་ཚོགས་ཐེངས་བཅུ་དྲུག་པ་རེད། འདིའི་འཇང་དགུན་ཆོས་ལ་ཁོ་བོ་ཉམས་ཞུགས་བྱེད་མྱོང་བ་མ་ཟད། འདིའི་སྐབས་སུ་གཙོ་བོ་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་རྩ་བ་དང་། མ་ཟད་དམ་བཅའ་སྐབས་སུ་གཙོ་བོ་རྗེ་ཡབ་སྲས་གསུམ་གྱི་གསུང་ལས་རྒྱལ་ཚབ་ཀྱི་རྣམ་འགྲེལ་ཐར་ལམ་གསལ་བྱེད་གཞིར་བཟུང་སྟེ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་འགྲེལ་དགོངས་པ་རབ་གསལ་བཅས་ལ་བགྲོ་གླེང་བྱེད་ཀྱིན་ཡོད། འོན་ཀྱང་། གསར་འགོད་པའི་གོང་དུ་(རྒྱ་གར་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་༼ཚད་མ་རྣམ་འགྲེལ་༽ལྟེ་བར་བཟུང་སྟེ་ཕན་ཚུན་རྩོད་སྒྲུབ་གནང་ཡོད་པ་དང་།ཞེས་པ་ནོར་བཅོས་དགོས་པ་རེད། ཕྱོགས་གླང་གིས་མཛད་པའི་ཚད་མ་རྣམ་འགྲེལ་ཞེས་པའི་ཐ་སྙད་འཕགས་བོད་གང་དུ་བྱུང་མྱོང་མེད།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    འདི་ལོར་གསར་འཛུགས་་་ཞེས་པ་རང་མིང་ཆེད་དུ་? རོང་བོ་དགོན་ཆེན་དུ་ཚོག་པ་ཐོག་མ་རེད་་་་་རོང་དགོན་རང་ལ་ཡིན་ན་མ་གཏོགས་ གསར་འགོད་པས་ཐོག་མ་དང་གསར་འཛུགས་བསྲེས་འདུག. གཙང་ར་རྒྱ་གཉིས་སུ་སྔོན་ཆད་འཚོགས་པ་བདེ་པ་རེད. ངོ་ནས་བྱས་ན་མདོ་སྨད་བྱང་རྒྱུད་ཀྱི་འཇང་དགུན་ཐེངས་་༢་པ་ ་་་༣་པ་༤ བ ཞེས་འབོད་དགོས་ཚོད་རེད་སྙམས་སོོ

    Reply
  5. སྨྱུག་མདའ། says:
    ལོ་ 15 སྔོན།

    ལོ་རྗེས་མ་ནས་གཞུང་པོ་ཏི་ལྔ་ཡིས་འཇང་དགུན་ཆོས་ཤིག་དུ་བསྒྱུར་ཐུབ་ན་དོན་དང་ལྡན་པ་རེད།སྤྱི་བཏང་འཇང་དགུན་ཆོས་འདི་ད་ལོ་གསར་དུ་ཚོགས་པ་ཞིག་ཡིན་རབས་མེད།གང་ལྟར་རང་ཕྱོགས་དང་མི་གྲགས་ཀི་ཆེད་དུ་མི་འགྲོ་རྒྱུ་རེ་བ་ཡིན།དགེ་རྩ་ཞིག་ཡོད་ན་༧རྒྱལ་བའི་ཐུགས་དགོང་དང་མཐུན་པར་སྨོན་ཟེར་བ་དེ་ཡིན།

    Reply
  6. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    གོང་གསལ་གྱི་གནས་ཚུལ་དེ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། འོན་ཀྱང་བོད་ནང་གི་སྤུན་ཟླ་ཚོའི་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་གང་བྱུང་མང་དུ་ཡིན་མིན་སྒྲོ་བཏགས་མང་པོ་བཤད་མི་རུང་། གནས་ཚུལ་ཆ་ཚང་རྒྱུས་ཡོད།

    Reply
  7. རྒྱ་རགས། says:
    ལོ་ 15 སྔོན།

    དགོན་ཆེན་དག་གིས་དགོན་ཆུང་དག་མིག་ནང་དུ་མི་འཇོག་པའི་གོམས་སྲོལ་ངན་པ་རིང་དུ་དོར་ཏེ་མཉམ་ཞུགས་གནང་རྒྱུ་དང་། སྔར་ཡོད་འཇང་དགུན་ཆོས་དང་ཟླ་སྒྲིལ་བྱས་ནས་རྒྱ་ཇེ་ཆེར་གཏོང་རྒྱུ། རྣམ་འགྲེལ་གཅིག་པོ་མིན་པར་ནང་རིག་སྤྱི་དང་ལྷག་པར་ཆོས་ཚན་གཉིས་༧གོང་ས་མཆོག་གི་ལམ་སྟོན་བཞིན་ཟུང་དུ་ཇི་ལྟར་སྦྲེལ་རྒྱུའི་ཐད་ལའང་བགྲོ་གླེང་སོགས་བྱེད་ཐུབ་ན་ངེས་པ་དོན་གྱིས་ཕན་པ་ཡོད་པར་སྙམ། དེ་མིན་ཡིག་ཆའི་འཐེན་འཁྱེར་དང་། དགོན་ཁག་གི་ཕྱོགས་ལྷུང་། སྐྱ་སེར་གྱི་འགལ་ཟླ་སློང་བྱེད་ཅིག་ཏུ་གཏན་ནས་འགྲོ་མི་རུང་ལ། ཆབ་སྲིད་ཀྱི་ངན་ཁག་དཀྲི་ས་ཞིག་ཏུའང་ནམ་ཡང་འགྱུར་མི་རུང་།

    Reply
  8. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    བཟང་གི་ཡིན་ནའང་བོད་སྔ་མ་ཕྱཱ་བའི་ལུགས་ཀྱིས་རྣམ་འགྲེལ་གྱི་བཤད་པ་ཡོངས་སུ་བསླད་པ་དེ་བསྐྱར་ཟློས་ཡང་ཟློས་བྱས་ཏེ་རྩོད་པ་ཡིན་ན་ནི། ཕྱོགས་ཆོས་ཟུང་གི་དགོངས་པར་མ་སོང་བས་དགེ་མཚན་དེ་ཙམ་མེད་ནའང་། ཕན་ཚུན་བགྲོ་གླེང་གི་གོ་སྐབས་ཤིག་ཆོས་ལུགས་དང་དགོན་པ་རིས་མེད་ལ་ཐོབ་པ་འདི་ཡང་དགའ་དགོས་པའི་དོན་བཟང་ཞིག་ལོས་ཡིན།

    Reply
  9. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    (རྒྱ་གར་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་༼ཚད་མ་རྣམ་འགྲེལ་༽ལྟེ་བར་བཟུང་སྟེ་ཕན་ཚུན་རྩོད་སྒྲུབ་གནང་ཡོད་པ་དང་། )

    བསྟན་པ་འཛིན་སྐྱོང་སྤེལ་གསུམ། ཆོས་ལུགས་རིས་མེད་མཐུན་ལམ་གང་ཅིའི་ཐད་ཡར་རྒྱས་ཀྱི་རྣམ་པ་རེད། རྗེས་སུ་ཡི་རང་དང་སྨོན་ལམ་འདེབས།

    ཡིན་ནའང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གཙོ་བོར་མི་འཛིན་པར་རྒྱ་གར་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་རྣམ་འགྲེལ་ལྟེ་བར་བཟུང་སྟེ་ཕན་ཚུན་རྩོད་སྒྲུབ་གནང་ཡོད་པ་རེད་ཟེར་ན། སྐད་ཆ་དེ་ནོར་བ་མིན་འགྲོ། ནོར་ཡོད་ན་བཟོ་བཅོས་བྱས་ན་འགྲིག་གི་རེད་བསམ།

    Reply
  10. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    རྙིང་མའི་དགོན་པ་སུ་རེད་་་་བོན་དགོན་གང་རེད་་་་

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མདོ་སྨད་ནས་འཚོགས་པའི་འཇང་དགུན་ཆོས་ཀྱི་ཐོག་མའི་ལོ་རྒྱུས་མདོར་བསྡུས་ཁོང་དག་ཅིག་དྲ་ཚོགས་ཚོ་ལ་ངོ་སྤྲོད་ཀྱི་ཚུལ་དུ། སྔོན་མ་འཇང་དགུན་ཆོས་འདི་བཙུགས་པའི་ཐོག་མར་རྭ་རྒྱ་དགོན་པ་དང་ལོ་གཉིས་པ་མདོ་སྨད་གཙང་དགོན་པ་ནས་འཚོགས་ལ། སྐབས་དེ་དུས་ཁོ་བོ་ཡང་ཉམས་ཞུགས་བྱས་ཡོད། ད་དུང་།དེ་དུས་རོང་བོ་དགོན་ཆེན་གྱི་ད་ལྟའི་དགེ་ལུགས་སྤྱི་འཐུས་བློ་བཟང་སྙན་གྲགས། ཟླ་བ། བསྟན་པ་ཆོས་འཕེལ། དཔྱི་ས་ཡོན་ཏན། གྲོངས་ཟིན་པའི་སྙན་ངག་པ་དང་དཔེ་ཆ་བ་དཔྱི་ས་དར་རྒྱས། འཇམ་དབྱངས་དཀར་པོ་འབོད་པའི་དགེ་བཤེས་ཤིག་བཅས་དགེ་འདུན་པ་ཁག་་ཅིག་ཕེབས་པ་རེད། ད་ལོ་མདོ་སྨད་རེབ་གོང་དུ་འཚོགས་པ་དང་། ན་ནིང་མདོ་སྨད་གཙང་དགོན་པ་ནས་འཚོགས་པ་རེད།
    ཉིས་སྟོང་བཅུ་ལོའི་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ནི། བོད་ཟླ་བརྒྱད་པའི་ཚེས་མགོར་མདོ་སྨད་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དུ་འཚོགས་འདུག་ལ། ཐེངས་འདིར་ཕྱོགས་མཐའ་མང་བོ་ནས་དགེ་འདུན་པ་ཞལ་གྲངས་ལྔ་བརྒྱ་མ་ཟིན་ཙམ་ཞིག་ཕེབས་ཡོད་པ་རེད། དགེ་འདུན་ པ་དེ་ཚོ་ཡང་རང་དགོན་སོ་སོའི་ནང་གི་དཔེ་ཆ་ཡག་ཤོས་དག་བདམས་ཏེ་ཡོང་བ་ལས་རང་སྣང་གང་དྲན་གྱིས་ཡོང་ཆོག་ཆོག་ཅིག་མིན་པར་གསུངས་བྱུང་། མདོ་སྨད་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ནས་དགེ་འདུན་པ་༧༠ ་དང་། མདོ་སྨད་རེ་གོང་ངམ་རོང་བོ་དགོན་ཆེན་ནས་དགེ་འདུན་པ་༨༠་། མདོ་སྨད་གཙང་དགོན་པ་ནས་དགེ་འདུན་པ ་༡༠༠། གསེར་ལག་དགོན་ནས་༢༠། ཐར་ཤུལ་དགོན་ནས་དགེ་འདུན་པ་ ༢༠། དེ་བཞིན་མདོ་སྟོད་ཀྱི་དགོན་སྡེ་ཁག་ནས་དགེ་འདུན་པ་འགའ་རེ་ཕེབས་འདུག གཞན་དགོན་སྡེ་ཁག་ཅིག་གི་དགེ་འདུན་པའི་ཞལ་གྲངས་གསལ་ཁ་མ་མཆིས་པས་འདིར་བཀོད་ཐབས་བྲལ། ཐེངས་འདིར་བཀྲ་ཤིས་བདེ་ལེགས་ངང་གྲོལ་འདུག

    བློ་ལྡན་དོན་གཉེར་ཅན་དག་ལ་འཇང་དགུན་ཆོས་འདིའི་བྱུང་རབས་ཅུང་ཙམ་བརྗོད་ན་ཕན་པར་སྙམ་ནས་གཤམ་གྱི་ངོ་སྤྲོད་མདོར་བསྡུས་འདི་བཀོད་པ་ཡིན། དེ་ཡང་དུས་རབས་ཉི་ཤུ་བའི་ནང་དུ་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་ངག་དབང་ཟླ་གྲགས་རིན་པོ་ཆེ་མཆོག་མདོ་སྨད་གཙང་དགོན་པ་དང་རྭ་རྒྱ་དགོན་པ་གཉིས་སུ་ཕེབས་ཏེ་འཇང་དགུན་ཆོས་འཛུགས་དགོས་ཚུལ་ཞིག་རྭ་རྒྱའི་སྨན་ཤུལ་ནང་ཆེན་དུ་གསུངས། ཕྱི་ལོ་༡༩༩༤་ལོའི་བོད་བདུན་པར་ཁོང་མདོ་སྨད་དུ་ཕེབས་ཏེ་གཙང་རྭ་རྒྱ་དགོན་གོང་འོག་གཉིས་དངརོང་བོ་དགོན་ཆེན་གི་དགེ་འདུན་པ་རྣམས་ལ་རྣམ་འགྲེལ་ཐར་ལམ་གསལ་བཤད་གཙོས་གདམ་ངག་མང་བོ་བསྩལ་བ་དང་། གཙང་དགོན་པ་དང་རྭ་རྒྱ་དགོན་པའི་དགོན་བདག་རྣམ་གཉིས་དང་། རྭ་རྒྱ་དགོན་གྱི་མཁན་༧རྗེ་བཙུན་འོད་ཟེར་བཟང་བོ་དང་། ༧རྗེ་བཙུན་བཟོད་པ་རྒྱ་མཚོ། གཙང་དགོན་པའི་རྗེ་བཙུན་ཆོས་འཕེལ་རྒྱ་མཚོ་བཅས་ཀྱིས་ཐོག་མར་འགོ་འཛུགས་གནང་ཞིང་། རྭ་རྒྱ་དགོན་ནས་དགེ་འདུན་༣༠ ། གཙང་དགོན་པ་ནས་དགེ་འདུན་པ་༣༠། རོང་བོ་དགོན་ཆེན་ནས་བཞི་བཅས་ཆོས་གྲྭ་འཁོད་པ་དང་། དགེ་འདུན་པ་གཉིས་དམ་བཅའ་ལ་བཞུགས་པ་དང་༧རྗེ་ཤིང་བཟའ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ངྷི ་སྐད་བཏང་སྟེ། རྟོག་པའི་དྲྭ་བ་རྣམས་བསལ་ཅིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོ་འོད་ཟེར་དག ། ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་གསུང་འགྲེལ་གནང་སྟེ་དབུ་བརྙེས། འཇང་དགུན་ཆོས་འགྲོ་སྟངས་ཚང་མ་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་འཛུགས་དང་མཐུན་པར་བྱས་ཡོད་ལ། ཆོས་ཐོག་སྐབས་སུ་ཚད་ཆེན་དང་ཚད་ཆུང་ཞེས་དགོང་མོ་དམ་བཅའ་འཚོགས་སྟངས་ཡོད་པ་གཞིས་ཀྱི་སེ་ར་དང་མཐུན་ཡང་བྱེས་ཀྱི་གྲྭ་ཚང་ལ་ལུགས་སྲོལ་དེ་འདྲ་མི་འདུག སྤྱི་ལོ་ཉིས་སྟོང་བདུན་ལོར་སྔར་གྱི་དགོན་སྡེ་ཁག་གི་སྟེང་དུ་མཐོ་ལས་དགོན། སྡི་ཚ་དགོན། དགོན་པ་གསར་བ། ཁྲ་ཚོགས་དགོན། རོང་བོ་བུ་དགུ་དགོན་བཅས་བསྣན་ཏེ་རྣམ་འགྲེལ་ཆོས་ཐོག་ཇེ་རྒྱས་དང་སྤུས་ཇེ་དག་ཏུ་ཕྱིན་ཡོད། ད་ལོ་མདོ་སྨད་གཙང་དགོན་པ་ནས་འཚོགས་པ་དང་། དགེ་འདུན་པ་ལྔ་བརྒྱ་མ་ཟིན་ཙམ་དང་། དེ་ཡང་མདོ་སྟོད་སྨད་གཉིས་ནས་ཕེབས་ཡོད་པ་དང་། ལྷག་པར་བྱེས་ཀྱི་གདན་ས་ནས་སློབ་གཉེར་བ་དང་དགེ་བཤེས་དེ་འདྲ་སླེབས་འདུག་ཅེས་གོ་ཐོས་བྱུང་། གོང་གི་འདྲ་པར་དེ་དག་རག་རྗེས་ཕྲན་གྱིས་དོན་གཉེར་ཅན་དག་ལ་ངོ་སྤྲོད་ཀྱི་ཚུལ་དུ་མདོར་བསྡུས་སུ་མདོ་སྨད་གཙང་དགོན་པའི་གྲྭ་ཨ་རིག་དགེ་མཐོང་འབོད་པས་༢༠༡༠་ཟླ་༠༩་ཚེས་ ༢༨་ཉིན་འཕགས་ཡུལ་ལྷོ་ཕྱོགས་ལ་ཡཱ་ཡི་ཉེ་འདབ་ནས་བྲིས་པའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese