མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་རྒྱ་བོད་གསུམ་ཆོས་བརྒྱུད་རིག་གཞུང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་ལ། ཁ་སང་ཕྱི་ཚེས་ ༡༧ ཉིན། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་ཞུས་པའི་༼ ལྷོ་རྒྱ་བོད་གསུམ་ནང་བསྟན་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ ༽ དེ་རྒྱལ་ས་ཐའེ་པེ་ཡི་ཐའེ་ཝན་དགེ་འོས་སློབ་གྲྭ་ཆེན་མོའི་ཕྱོགས་བསྡུས་ཁང་ཆེན་གྱི་རྒྱལ་སྤྱིའི་ཚོགས་ཁང་དུ་འཚོགས་ཡོད་ཅིང་། དེ་ནི་ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་ལྷོ་བྱང་བརྒྱུད་པ་གསུམ་གྱི་ཆེད་མཁས་པ་དང་གནད་ཡོད་མི་སྣ་ཚང་འཛོམས་ཀྱིས་བོད་བརྒྱུད་གཙོ་བོར་བྱས་པའི་བརྒྱུད་པ་ཕན་ཚུན་བར་གྱི་གནས་བབ་སྤྱི་དང་བྱེ་བྲག་ལ་བགྲོ་གླེང་ཞིབ་ཕྲ་གནང་ཆེད་བསྡུ་སྐོང་གནང་བའི་ཚོགས་འདུ་ཐོག་མ་དེ་ཆགས་ཡོད།

ཚོགས་འདུའི་དུས་ཡུན་ཧྲིལ་པོར། ནང་བསྟན་མཐུན་སྒྲིལ་དང་ཉམས་མྱོང་བརྗེ་རེས་ཞེས་པའི་རྩ་བའི་བརྗོད་གཞི་གཉིས་ལ་ནང་གསེས་ ༦ ཡོད་པ་དག་ནི། དང་པོ། ལྷོ་རྒྱ་བོད་གསུམ་ནང་བསྟན་ཐུན་མོང་གི་ནང་པའི་ངོས་འཛིན། གཉིས་པ། ལྷོ་རྒྱ་བོད་གསུམ་ནང་བསྟན་ཐུན་མོང་གི་ནང་པའི་གཞུང་ལུགས། གསུམ་པ། ལྷོ་རྒྱ་བོད་གསུམ་ནང་བསྟན་ཐུན་མོང་གི་ནང་པའི་ཉམས་ལེན། བཞི་བ། ལྷོ་རྒྱ་བོད་གསུམ་ནང་བསྟན་འཛིན་སྐྱོང་ཉམས་མྱོང་བརྗེ་རེས། ལྔ་པ། ལྷོ་རྒྱ་བོད་གསུམ་ནང་བསྟན་དར་སྤེལ་ཉམས་མྱོང་བརྗེ་རེས། དྲུག་པ། ལྷོ་རྒྱ་བོད་གསུམ་ནང་བསྟན་ཕན་ཚུན་གྱི་ལེགས་ཆ་བསྡུ་ལེན་བཅས་ཡིན་འདུག

བྱེ་བྲག་གི་ཆ་ནས་བོད་ཀྱི་ནང་ཆོས་ཀྱི་དོན་དངོས་ཀྱི་རང་བཞིན། བོད་ཀྱི་ནང་ཆོས་ལ་གོ་ནོར་དང་ཆེད་དུ་དགག་པ་བྱེད་པའི་ཚོགས་སྡེ་ཁག་ལ་འོས་ཤིང་འཚམས་པའི་གདོང་ལེན་བྱེད་ཕྱོགས། རྒྱ་བརྒྱུད་ནང་ཆོས་དང་བོད་བརྒྱུད། ལྷོ་བརྒྱུད་བཅས་ཀྱི་རྩ་བའི་མཐུན་ཆ་དང་། ཐུན་མོང་གི་འབད་བརྩོན་བྱེད་ཕྱོགས། ནང་ཆོས་དང་སྤྱི་ཚོགས་ཀྱི་བར་ཐག་ཉེ་རུ་གཏོང་ཐབས། རྒྱལ་སྤྱིའི་ཐོག་གི་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་པའི་ནང་བསྟན་གྱི་གནས་བབ། ཡུལ་དུས་དང་མི་རིགས་རིག་གཞུང་མི་འདྲ་བའི་ཤུགས་རྐྱེན་ཐེབས་པའི་ཆོས་ལུགས་ཕྱེ་ བྲག་པའི་མངོན་སྟངས་ལ་ཕན་ཚུན་རྒྱུས་ལོན་བྱེད་སྟངས། སྐད་ཡིག་དང་འགྲུམ་འགྲུལ་གྱི་བཀག་རྒྱ་ཉུང་དུ་འགྲོ་བཞིན་པའི་དུས་རབས་འདིར་ནང་པ་ཕན་ཚུན་དབར་སྔར་ལས་ལྷག་པའི་མཉམ་འབྲེལ་གྱི་གནས་བབ་སྐྲུན་ཐབས་དང་ཕན་ཚུན་ལེགས་ཆ་ལེན་སྟངས་སོགས་ཀྱི་སྟེང་དུ་གཙོ་བོའི་བགྲོ་གླེང་གནང་ཡོད།

 

དེ་བཞིན། ཐའེ་ཝན་ཕྱོགས་ཀྱི་མཁས་པ་དག་གི་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་གནས་བབ་ལ་ཐུག་ཁུར་དང་། འབྱུང་འགྱུར་ཡང་ཕན་ཚུན་སྔར་ལས་ལྷག་པའི་མཐུན་ལམ་གྱི་ཐོག་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་བཀའ་མོལ་དང་རྣམ་འགྱུར་ཆེར་བསྟན་གནང་བ་དང་དོན་ཕན་ལྡན་པའི་དགོངས་ཚུལ་དང་དྲི་བ་ཡང་མང་པོ་གནང་ཡོད་པ་རེད།

ཚོགས་འདུ་དེའི་འཚོགས་སྟངས་གྲལ་རིམ་གྱི་མགོ་མཇུག་གཏན་ནས་མེད་པའི་ཅོག་ ཙེ་སྒོར་མོའི་ཚོགས་འདུ་ཞིག་ཡིན་པ་སྟེ། དེ་ནི་ཆོས་བརྒྱུད་ཁག་གི་མཐུན་སྒྲིལ་གྱི་ཨ་ལུང་རིས་སུ་འཁོར་བའི་རྟེན་འབྲེལ་ དང་། ཐོབ་དང་གོ་ས་ཙམ་ལ་འཁྲེན་པའི་སྐབས་འཚོལ་བ་དག་གི་བྱ་བཞག་ལས་དབྱེ་འབྱེད་བྱས་པའི་དོན་དམ་པའི་ནང་མོལ་གྱི་ལྷན་འཛོམས་ཡིན་པའི་མཚོན་བྱེད་ཡིན་པ་ཞིབ་འཇུག་ ཚོགས་པའི་ངོས་ནས་འགྲེལ་བརྗོད་གནང་ཡོད།

ཉིན་དེར། ཉེ་ཆར་ལེགས་འགྲུབ་བྱུང་བའི་སྐབས་སྔ་མའི་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་ ཕྱོགས་སྐོར་གྱི་བགྲོ་གླེང་དང་ཞིབ་འཇུག་ཁང་གི་ངོ་སྤྲོད་སོགས་ཀྱི་ཆེད་སྒྲིག་བརྙན་འཁོར་ལྷག་བསམ་གྱི་མགོ་འཛུགས་ཞེས་པ་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་དང་། དུས་ཡུན་ཆུ་ཚོད་གཅིག་གི་རིང་ཚད་ཡོད་པའི་བརྙན་འཁོར་དེར། སྐབས་སྔ་མའི་ཚོགས་འདུའི་ཐོག་གི་རིས་མེད་ཀྱི་མཁས་པ་ཉི་ཤུ་ཡས་མས་ཤིག་གི་འབྲེལ་ཡོད་གསུངས་བཤད་ཀྱི་ཉིང་བསྡུས་དང་། ཞིབ་འཇུག་ཚོགས་པའི་ལས་དོན་དང་དམིགས་ཡུལ་སོགས་ཞིབ་ཕྲ་རྒྱ་བོད་ཡིག་རིག་གནས་ ཀྱི་ཐོག་ནས་གསན་གཟིགས་ཐུབ་པ་བཟོས་ཡོད།

 

ཐེངས་འདིའི་ཚོགས་བཅར་བ་དག་ནི། ཐའེ་ཝན་དུ་ལོ་ཙཱའི་སློབ་སྦྱོང་གནང་བཞིན་པའི་ལྷོ་བརྒྱུད་ནང་པའི་རྒྱལ་ཁབ་ཐའེ་ལན་ཊ་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་ཆོས་ཀྱི་བསྟི་གནས་ཆོས་སྐུ་དགོན་གྱི་སྡེ་སྣོད་འཛིན་པ་ཧྲི་ཅི་ཤང་དང་། སྡེ་སྣོད་འཛིན་པ་ཧྲི་ཧྲིན་ཝི་རྣམ་གཉིས། དྷི་ལི་སློབ་གྲྭ་ཆེན་མོའི་ནང་རིག་པའི་འབུམ་རམས་པ་དང་ལོ་ཙཱ་བ། བཙུན་མ་ཧྥ་ཧྭའེ། ཀྲུང་ཧྭ་སྤྱན་ལྔ་མཐུན་ཚོགས་ཀྱི་གཏན་འཇགས་སློབ་སྟོན་པ་དང་བལ་ཡུལ་དུ་རྟེན་གཞི་བྱས་པའི་ཀུན་དགའ་བོ་ཐེབས་རྩ་ཚོགས་པ་གསར་འཛུགས་ཀྱི་ཚོགས་གཙོ། རྩོམ་པ་པོ་དང་སྤྱི་ཚོགས་ཞབས་ཞུ་བ་བཙུན་མ་ལིན་ཧྭི། ཐའེ་ཝན་གྱི་ཚེ་སྲོག་བརྙན་འཕྲིན་ཁང་གི་ཆོས་འཆད་མཁན། ཡྭན་བཀང་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རྩོམ་པ་པོ་སློབ་དཔོན་ཏྭ་ཅི། རྒྱལ་སྤྱིའི་ནང་བསྟན་གཟེངས་ཐོན་བུད་མེད་ཞེས་པའི་བྱ་དགའ་ཐོབ་མཁན་ཀྲུང་ཧྭ་ནང་བསྟན་གཞོན་ནུའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་། ཐའེ་པེ་ནང་བསྟན་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་གཙོ་འཛིན་བཙུན་མ་མིན་ཡུས། ཐའེ་པེ་ཚན་རིག་མཐོ་སློབ་ཏུ་འཆར་འགོད་ལས་རིགས་ཀྱི་འབུམ་རམས་ཐོག་སློབ་གཉེར་གནང་ བཞིན་པའི་སྤྱི་ཚོགས་ཞབས་ཞུ་བ་བཙུན་མ་མུའུ་ཧྥན། རྒྱ་བཙུན་ལོ་ཙཱ་བ་བསྟན་འཛིན་རྡོ་རྗེ། ཐའེ་ཝན་ཆབ་སྲིད་མཐོ་སློབ་གྱི་སྐད་བརྡ་རིག་པའི་འབུམ་རམས་པ། ཧྭ་ཧྥན་སློབ་གྲྭ་ཆེན་མོའི་ནང་ཆོས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་དང་དངོས་ལུགས་སློབ་གླིང་གི་གླིང་གཙོ་སྐུ་ཞབས་ཞོང་ཝན།

 

ཧྥོའུ་རིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་འབུམ་རམས་པ་དང་ཧྭ་ཧྥན་སློབ་གྲྭ་ཆེན་མོ་དགེ་རྒན་ཆེན་མོ་ལས་རོགས་པ། མདོ་ཕལ་པོ་ཆེའི་ཆོས་བརྒྱུད་ཞིབ་འཇུག་ཁང་གི་འགན་འཛིན་དང་ནང་ཆོས་ཉམས་ཞིབ་པ་སྐུ་ཞབས་ཅི་ཊི་ཐའེ་ཝན་དགེ་འོས་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པ་དང་མདོ་ཕལ་པོ་ཆེའི་ཆེད་ལས་ཉམས་ཞིབ་པ། དགེ་རྒན་ཆེན་མོ་མཁྱེན་ལྡན་མ་ཁྲིན་ཆས་བཅས་ཐའེ་ཝན་ཕྱོགས་ཀྱི་མཁས་པ། དགེ་བཤེས་འཇམ་དཔལ་ཆོས་འཛིན། དགེ་བཤེས་ཕྲིན་ལས་རྒྱ་མཚོ། གཙོས་གསེར་ཁྲི་རིན་པོ་ཆེ། དགེ་བཤེས་ཆོས་ཀྱི་དབང་པོ། མཁན་པོ་ཚུལ་ཁྲིམས་རྣམ་དག མཁན་པོ་བསོད་ནམས་སེང་གེ མཁན་པོ་ཚེ་རིང་བསམ་འགྲུབ། སྤྲུལ་སྐུ་རིག་འཛིན་འཇའ་ཚོན། ཀཿཐོག་རིག་འཛིན་ཆེན་པོ། སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཚུལ་ཁྲིམས་རྣམ་དག མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་རིང་བཀྲ་ཤིས། སློབ་དཔོན་གསོད་ནམས་ཕུན་ཚོགས་བཅས་ཆོས་བརྒྱུད་རིས་མེད་ཀྱི་མཁན་སློབ་དགེ་བཤེས་ཁག་བཅས་ལས་རིགས་ཁག་གི་གནད་ཡོད་མི་སྣ་ཤ་སྟག་མཉམ་ཞུགས་གནང་ཡོད།

དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི། ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་དབུ་བརྙེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ད་བར་སྐབས་བསྟུན་སྤྱི་ཚོགས་ཞབས་ཞུ་ལས་འགུལ་སྤེལ་བ་དང་། སྒྲ་སྒྱུར་སྐོར་དང་ནང་ཆོས་དར་སྤེལ་གཏོང་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུ་སྐོང། ནང་ཆོས་དང་འབྲེལ་བའི་དཔེ་དེབ་དང་བརྙན་འཁོར་གལ་ཆེན་པར་སྐྲུན། ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་གོ་སྒྲིག་སོགས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་རེད།

གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༠ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 6

  1. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    དཔེར་ན། ང་རང་གཅིག་པུའི་ངོས་ནས་ཀྱང་། ས་སྐྱའི་ངོར་མཁན་ཆེན་སྐུ་གཞོན་དང་། ལྷ་རམས་པ་ཚ་འབྲོང་རིན་པོ་ཆེ། རྒྱའི་སློབ་དཔོན་སྐད་གྲགས་ཅན་བསླབ་པ་རྒན་པ་ཞིག་བཅས་ལ་ཆེད་དུ་ཐེངས་མང་གསོལ་བ་བཏབ་པ་ཡིན་ལ་རོགས་པ་གཞན་དག་གིས་ཀྱང་ཆ་བགོས་ཀྱིས་བླ་མ་སྐད་གྲགས་ཅན་དང་མི་སྣ་སྐད་གྲགས་ཅན་ཧ་ཅང་མང་པོ་ཞིག་ལ་ཞུས་པ་རེད་དེ། འགའ་རེ་དང་པོ་ནས་མཛད་རིམ་སོགས་ཀྱིས་ཕེབས་མི་ཐུབ་པར་གསུངས་པ་དང་། འགའ་རེ་ནི་དུས་ཚོད་སླེབས་པ་དང་དམིགས་བསལ་ལས་བྲེལ་གྱིས་ཕྱིར་འཐེན་གནང་དགོས་པའི་བཀའ་ཕེབས་པ་སོགས་ཧ་ཅང་མང་པོ་ཡོད། རེ་རེ་ནས་ཞུ་ཚོད་མེད་པ་འདྲ་ཞིག་རེད་ལགས།
    སྐུ་ཉིད་ཚོགས་འདུ་བཀོད་སྒྲིག་བྱས་པའི་ཉམས་མྱོང་ཡོད་མཁན་ཞིག་ཡིན་ན་ཆ་རྐྱེན་གཞན་དག་བཀོད་སྒྲིག་བྱེད་པ་ལས་སྐུ་མགྲོན་གདན་འདྲེན་ཞུ་རྒྱུ་ནི་དཀའ་ལས་ཆེ་ཤོས་རེད།

    ཁྱད་པར་

    Reply
  2. བེ་རོ་ཙ་ན། says:
    ལོ་ 15 སྔོན།

    ཚོགས་འདུ་བསྡུ་སྐོང་གནང་བ་ཡག་པོ་འདུག། དེ་གར་བཞུགས་པའི་མཁན་སྤྲུལ་དགེ་བཤེས་གཞུང་ལུགས་སྨྲ་བ་དང་རྒྱ་ཡི་དགེ་སློང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་མཁན་མང་པོ་ཞིག་ཕེབས་མི་འདུག། གདན་འདྲེན་ཞུ་མ་ཐུབ་པའི་དགོངས་ཚུལ་འབྲེལ་བརྗོད་གནང་རོགས།

    Reply
  3. བེ་རོ་ཙ་ན། says:
    ལོ་ 15 སྔོན།

    ཚོགས་འདུ་བསྡུ་སྐོང་གནང་བ་ཡག་པོ་འདུག། དེ་གར་བཞུགས་པའི་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་གཞུང་ལུགས་སྨྲ་བ་དང་རྒྱ་ཡི་དགེ་སློང་བོད་བརྒྱུད་ནང་བསྟན་ཞིབ་མཁན་མང་པོ་ཞིག་ཕེབས་མི་འདུག། གདན་འདྲེན་ཞུ་མ་ཐུབ་པའི་དགོངས་ཚུལ་ཚོགས་པའི་ངོས་ནས་འགྲེལ་བརྗོད་གནང་རོགས།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    ཞི་མི་དམར་ནག་ལ་ཁྱད་པར་མེད།
    གནའ་སྔ་མོའི་བོད་མི་ཚོས་འདི་ལྟར་བཤད་པ་རེད།

    ད་ཧ་མི་གོ་ཡ།

    Reply
  5. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    གནས་ཕྲིན་གསལ་རྒྱས་ཇི་བཞིན་དུས་ཐོག་ཏུ་འགོད་གནང་བར་ཐུགས་རྗེ་ཆེ་ཞུ།
    དེ་མིན་འབྲེལ་ཡོད་ཚོགས་འདུའི་སྐོར་གྱི་པར་རིས་ལ་གཟིགས་དགོངས་ན་ཕྲན་གྱི་ངོ་དེབ་ཏུ་ཕེབས་པར་དགའ་བསུ་ཞུ།
    http://www.facebook.com/media/set/?set=a.278956375450438.77408.100000082321860&type=1

    Reply
  6. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་ཡོད། ཉམས་མྱོང་བརྗེ་རེས་བྱས་ན་ཕན་ཚུན་ལེགས་ཆ་ལེན་རྒྱུ་མང་པོ་ཡོད་ངེས། ད་རེས་ཀྱི་ཚོགས་འདུ་འདིའི་སྟེང་ནས་ང་ཚོས་ལེན་རྒྱུའི་ལེགས་ཆ་ཐོག་མ་དེ་འདི་ཡིན་པར་འདོད། ༼ཚོགས་འདུ་དེའི་འཚོགས་སྟངས་གྲལ་རིམ་གྱི་མགོ་མཇུག་གཏན་ནས་མེད་པའི་ཅོག་ ཙེ་སྒོར་མོའི་ཚོགས་འདུ་ཞིག་ཡིན་པ་སྟེ། དེ་ནི་ཆོས་བརྒྱུད་ཁག་གི་མཐུན་སྒྲིལ་གྱི་ཨ་ལུང་རིས་སུ་འཁོར་བའི་རྟེན་འབྲེལ་ དང་། ཐོབ་དང་གོ་ས་ཙམ་ལ་འཁྲེན་པའི་སྐབས་འཚོལ་བ་དག་གི་བྱ་བཞག་ལས་དབྱེ་འབྱེད་བྱས་པའི་དོན་དམ་པའི་ནང་མོལ་གྱི་ལྷན་འཛོམས་ཡིན་པའི་མཚོན་བྱེད་ཡིན་པ་ཞིབ་འཇུག་ ཚོགས་པའི་ངོས་ནས་འགྲེལ་བརྗོད་གནང་ཡོད། ༽

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese