མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་ལོག་བྱས་ན་རྒྱ་སྒོར་ ༢༠༠༠༠ ཡི་རྔན་པ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་བ་གསུམ་ལ་ཁྲིམས་ཐག་བཅད་ཡོད་པ་མ་ཟད། གྲྭ་བ་མང་པོ་ཞིག་དགོན་པ་ནས་ཕྱིར་ཕུད་བཏང་སྟེ་གྲྭ་ལོག་བྱས་ན་རྒྱ་སྒོར་ཉིས་ཁྲིའི་རྔན་པ་ཡོད་ཚུལ་བརྗོད་འདུག

གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༣༠ ཡིན་པའི་གྲྭ་ཚེ་ཁོ་དང་། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་ཆེ་བ་རང་ལོ་ ༢༢ ཡིན་པའི་གྲྭ་བློ་བཟང་དར་རྒྱས་གཉིས་ལ་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༢ དང་ཟླ་ ༦ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་། ཀིརྟི་དགོན་པའི་རང་ལོ་ ༡༦ ཡིན་པའི་གྲྭ་རྡོ་རྗེ་ལ་ངལ་རྩོལ་སློབ་གཅུན་ཟེར་བའི་མིང་ཐོག་ནས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་ཡོད་འདུག ཁོང་གསུམ་ཀ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག

རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཕ་མ་གཅིག་པའི་སྤུན་བློ་བཟང་དར་རྒྱས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསྐྱར་དུ་འཛིན་བཟུང་གིས་བཀག་ཉར་བྱས་པ་ཞིག་ཡིན་ཞིང༌། གཞན་གཉིས་ཀྱང་དུས་ཚེས་དེའི་སྔ་ཕྱི་ཤིག་ལ་འཛིན་བཟུང་བྱས་པ་ཡིན་འདུག

རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་སྐབས་དགོན་པའི་གྲྭ་པ་མང་པོ་ཞིག་གནས་དབྱུང་བཏང་བའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་དག་ཕྱིར་ཀིརྟི་དགོན་པར་མ་ལོག་པར་གྲྭ་པ་ལོག་པ་ཡིན་ན་རྒྱ་སྒོར་ཁྲི་གཉིས་སྤྲོད་རྒྱུ་དང༌། རྒྱ་སྒོར་ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཚུལ་བཤད་ཡོད་པ་དང༌། དེ་མིན་ད་ལོའི་ཕྱི་ཟླ་གསུམ་པའི་རྗེས་སུ་གྲྭ་ལོག་བྱས་པ་ཞིག་ཡིན་ཕྱིན་རྒྱ་སྒོར་ཁྲི་གཅིག་སྤྲོད་རྒྱུ་དང༌། ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཞེས་བཤད་ཡོད་པར་མ་ཟད། རྐྱེན་གཞན་གྱིས་གྲྭ་ལོག་བྱས་ཡོད་པ་དག་ལའང་རྔན་པ་ཡིན་ཟེར་བའི་སྒོར་མོ་སྤྲད་ཡོད་ཀྱང་ལེན་མཁན་གཅིག་ཀྱང་བྱུང་ཡོད་མི་འདུག  

དེ་སྔོན་ཕྱི་ཟླ་ ༩ ཚེས་མགོ་ནས་ཉིན་བཅོ་ལྔའི་རིང་གྲྭ་པ་རྣམས་ལ་དགོན་པའི་ངོས་ནས་གུང་སེང་སྤྲད་ཡོད་ཅིང་དེང་སྐབས་གུང་སེང་གི་དུས་ཚོད་རྫོགས་ཡོད་ནའང༌། རྒྱ་གཞུང་གི་ལས་བྱེད་འབོར་ཆེན་ཞིག་ཡང་བསྐྱར་དགོན་པའི་ནང་ལ་འབྱོར་ནས་གྲྭ་པའི་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་བརྗོད་ཡོད་སྟབས། དགོན་པའི་གྲྭ་པ་ཉུང་ཉུང་ཞིག་ལས་དགོན་ནང་དུ་ཡོང་མེད་པར་ས་ཕྱོགས་གང་སར་འཐོར་ནས་ཡོད་འདུག་པས། དགོན་པའི་ལས་སྣེ་རྣམས་ལ་རྒྱ་གཞུང་གིས་ཉིན་རྟག་པར་བསུན་གཙེར་བཟོ་བཞིན་ཡོད་འདུག

གནས་ཚུལ་མཁོ་གཏོང་བ། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

མཆན། 4

  1. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    ད་ངོ་མ་རྒྱ་མི་དམར་པོ་ནི་སྨྱོན་པ་རང་རེད་ཚར་འདུག ཉེ་ཆར་ལྷ་ས་ནས་ཀྱང་པུ་གུ་མ་རབ་དེ་ཚོ་ལ་ཉེན་རྟོག་པའི་དུག་སློག་འདྲ་པོ་བསྐོན་ནས་མི་སེར་བའི་ནང་དུ་བཏང་ནས་རྐེ་ལ་གོང་ས་མཆོག་དང་ཀརྨ་པའི་སྐུ་པར་དང་། ཁ་པར་ནང་དུ། ལ་རྒྱ་དང་བཙན་བྱོལ་བའི་གཞས་པ་རྣམས་ཀྱི་བཏང་བའི་གླུ་གཞས་སོགས་དེ་ཚོ་གི་འཕྲོག་བཅོམ་ཐུབ་ན་རྒྱ་སྒོར་ལྔ་བརྒྱ་རེ་བརྔན་པ་སྤྲད་ནས་བོད་མི་ཚང་མ་ལ་སུན་ཚེར་ཆེན་པོ་བཟོ་གི་འདུག་ཞེས་དེ་རིང་གུས་པའི་སྤུན་འཇག་གི་ལབ་ཀྱི་འདུག ཡང་ལོ་ཉི་ཤུ་ནས་དྲུག་ཅུ་གི་བར་གྱི་མི་ཚང་མས་ལོ་རེར་གཞུང་ལ་རྒྱ་སྒོར་བརྒྱ་རེ་མ་སྤྲད་ན་མི་ཆོག་གལ་སྲིད་སྤྲད་མ་ཐུབ་ན། གཞུང་གི་དངུལ་བསྐྱེད་སྒོར་གཅིག་དུས་ཚང་དེ་ལ་གཡར་གི་མིན་པའི་ཚོགས་འདུ་ཚོགས་བཞིན་པ་རེད་འདུག
    ལོ་དྲུག་ཅུ་ནས་མ་ཤི་གི་བར་དུ་མི་རེ་ལ་རྒྱ་སྒོར་བརྒྱ་ནས་ལྔ་བརྒྱ་བར་དངོས་སུ་སྤྲོད་ཀྱི་འདུག་ལབ་སོང་། པུ་གུ་གི་བྱ་སྤྱོད་ནང་བཞིན་འདི་ཚང་གི་ཇི་འདྲ་ཞིག་བྱེད་བསམ་གྱི་ཡོད་ན། བྱེད་སྟང་འདི་ཚོ་ནི་ངོ་མ་ཆོ་མེད་ཀྱི་ལས་ཀ་ཤ་སྟག་ལས་རྒྱལ་ཁབ་ལ་ཕན་པའི་བྱ། བོད་མི་ནང་འཁྲུགས་སོགས་བྱུང་ན་གཞུང་གི་ཇུས་ཏོག་རྩ་བ་ནས་མི་བྱེད་ཅིང་དགོན་པའི་བླ་སྤྲུལ་དེ་ཚོས་ཁ་མཆུ་བཤད་དགོས་པ་བཟོས་འདུག ངོ་མ་ཕྱི་རྒྱས་ནང་ལུག་སྒང་བུ་ཆུ་རྒྱང་བྱེད་ཀྱི་འདུག

    Reply
  2. མི་ཞུན། says:
    ལོ་ 12 སྔོན།

    རྒྱུ་འབྱོར་བ་དང་ཐོབ་གོ་སས་ཀྱང་འགུག་མི་ཐུབ་པའི་སེམས་པ་ཞིག་ཡོད་ན་དེ་ནི་ང་ཚོ་ཁ་བ་རི་བོའི་རབ་བྱུང་བ་ཚོའི་གཟི་བརྗིད་རེད།

    Reply
  3. འཁྱམས་པོ། says:
    ལོ་ 12 སྔོན།

    ངས་བལྟས་ན་འདི་བདེན་པ་རེད། དེ་ནི་རྒྱ་གཞུང་གི་སྐྱུར་དྲི་བྲོ་པའི་བྱ་སྤྱོད་ངོས་དེ་རེད། ང་བརྒྱད་ལོའི་དུས་ལོག་ཆོས་ལོག་གི་ལུས་འགུལ་དེ་ཡང་སྐྱར་བོད་པ་ཚོའི་མགོར་ཕྱིར་སྤེལ་ཡོང་གིན་འདུག་ག

    Reply
  4. མངའ་རིས་བུ། says:
    ལོ་ 12 སྔོན།

    ད་གང་ཤེས་ཁ་སྔོན་གནས་ཚུལ་ཤིག་ལ་ཀིརྟི་དགོན་གྱི་གྲྭ་བ་ཚོར་རྒྱ་གཞུང་གིས་དགོན་པའི་ནང་དུ་ཡོང་དགོས་པ་དང་གྲྭ་བ་དེ་དག་ལ་དངུལ་གྱི་ཕོགས་སྤྲོད་རབས་ཤིག་དང་དེ་རིང་འདིར་གྲྭ་བ་ལོག་ན་དངུལ་དང་ཕོགས་སྤྲོད་རབས་ཤིག་བཤད་ཀྱི།
    ད་གང་ཤེས་སུ་བདེན་སུ་མི་བདེན།
    ཐག་རིང་གི་སྐད་ཆ་དེ་བརྟག་དཔྱད་བྱེད་དུས་གཙང་རྒྱུན་ལས་ཀྱང་རིང་བར་འགྲོ་ཉེན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist