མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ཞིག་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp


མདང་ནུབ་ཀྱི་ས་ཡོམ་སྐབས་སྒང་ཐོག་༼ སམ་བྷོ་ཊ་གཏན་སློབ ༽ ཀྱི་བོད་ཡིག་དགེ་རྒན་ཞིག་གི་མགོ་ལ་ཁང་པའི་སྟེང་གི་སོ་ཕག་ལྷུང་ཡོང་བ་ཕོག་སྟེ་རྨས་སྐྱོན་བཟོས་ཡོད་སྟབས། དེ་རིང་ཕྱི་དྲོར་སྒང་ཐོག་རྒྱ་གར་སྨན་ཁང་ནས་མྱུར་སྐྱོབ་མ་ཐུབ་པར་སྐུ་གྲོངས་ཡོད་འདུག  

ད་ལྟ་རང་གནས་ཚུལ་འབྱོར་གསལ་ལྟར་ན། མདང་ནུབ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ས་ཡོམ་ཤུགས་ཆེན་རྒྱག་སྐབས། གསར་དུ་གནས་སྤོར་བྱས་ཏེ་ཉིན་ ༡ ལས་འཛིན་གྲྭར་ཕེབས་ཐུབ་མེད་པའི་བོད་ཡིག་དགེ་རྒན་བློ་བཟང་སྤྱིན་པ་ཞུ་བ་ཞིག་གི་མགོ་ལ་ཁང་པའི་སྟེང་གི་སོ་ཕག་ལྷུང་ཡོང་བ་འཁེལ་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། སློབ་གྲྭའི་ལས་སྣེ་ཚོས་དེ་མ་ཐག་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ཀླད་པའི་ནང་དུ་ཁྲག་མང་པོ་ཤོར་བའི་དབང་གིས་སྨན་ཁང་གིས་མྱུར་སྐྱོབ་མ་ཐུབ་པར། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀ་ཙམ་ལ་སྒང་ཐོག་རྒྱ་གར་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག

གོང་གསལ་གནས་ཚུལ་སྐོར་སློབ་གྲྭ་དེ་གའི་དགེ་རྒན་བསོད་ནམས་རིན་ཆེན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སློབ་གྲྭར་ལས་ཤག་གི་མཐུན་རྐྱེན་འདང་མིན་གྱིས་དགེ་རྒན་ཚོ་ཕྱི་ལོགས་སུ་ཁང་པ་གླས་ཏེ་བསྡད་ཡོད་པ་དང་། མདང་ནུབ་ས་ཡོམ་བརྒྱབ་མ་ཐག་དགེ་བློ་བཟང་སྤྱིན་ལགས་ནང་ནས་ཕྱིར་འབྲོ་སྐབས། ཁང་བརྩེགས་བཞི་ཐོག་ནས་སོ་ཕག་ལྷུང་ཡོང་སྟེ་མགོ་ལ་ཕོག་ཡོད་པ་དང་། གནས་ཚུལ་དེ་ཐོས་མ་ཐག་སློབ་གྲྭའི་དགེ་ལས་ཚོས་རྒྱ་གར་སྨན་ཁང་དུ་བསྐྱལ་ཡང་ཀླད་པའི་ནང་ཁྲག་མང་པོ་ཤོར་ཏེ་སྐྱོབ་ཐུབ་མ་སོང་། འདས་པོ་ཁོང་ཉེ་ཆར་ཝ་ན་མཐོ་སློབ་ནས་ཨཅྱ་ཐོན་མཁན་ཞིག་ཡིན་ཞིང་། ནང་མི་མོན་རྟ་དབང་ཁུལ་དུ་ཡོད་འདུག ད་ཆར་ཁོང་གི་ནང་མི་ཚོར་ལན་བསྐྱལ་ཚར་ཡིན་ཟེར།

མདང་ནུབ་ས་ཡོམ་བརྒྱབ་རྗེས་སློབ་གྲྭའི་སློབ་ཕྲུག་ཡོང་ཕྱི་ལ་ཐོན་ཏེ་ཉེན་གཡོལ་བྱས་ཡོད་པ་དང་། ད་ཆར་སློབ་གྲྭའི་མདུན་ཐང་ཞིག་ཡོད་པ་དེར་གུར་བརྒྱབ་སྟེ་བསྡད་ཡོད་འདུག་ལ། སློབ་གྲྭའི་དགེ་ལས་གཞན་དང་སློབ་གྲྭའི་ཁང་པ་སོགས་ལ་གནོད་སྐྱོན་ཚབས་ཆེན་གང་ཡང་བྱུང་མི་འདུག་ཟེར།

གཞན། བོད་དང་རྒྱ་གར་གྱི་ས་མཚམས་ལ་ཆེན་ལ་ཆུང་དང་། རུམ་བཏེག་དགོན་པ་སོགས་སུ་གནོད་སྐྱོན་གང་འཚམ་ཕོག་ཏེ་མི་རེ་ཟུང་སྨན་ཁང་དུ་བསྐྱལ་འདུག་མོད། གནས་ཚུལ་ཞིབ་ཕྲ་ཤེས་མ་སོང་ཟེར།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 11

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ༧༢༽ རྨིག་སྒྲ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༧ གི་ཆུ་ཚོད་ ༥ སྐར་མ་ ༤༨

    བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་མདོ་སྤྱི་ས་དབང་ཆེན་མོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་དགོངས་པ་རྫོགས་ཡོད་པའི་གནས་ཚུལ།
    ༄༅༎བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་མདོ་སྤྱི་ས་དབང་ཆེན་མོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་ཟླ་བ་འདི་ཕྱི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་དགུང་གྲངས་༩༧ ལ་ལྷ་ལྡན་དུ་དགོངས་པ་རྫོགས་ཡོད་པ་རེད།
    ལྷ་ཀླུ་གཟིམ་ཤག་ཞེས་པ་ནི། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཁྲུངས་གཞིས་དང༌། རྒྱལ་བ་སྐུ་ཕྲེང་༡༢ པའི་ཡབ་གཞིས་ཟླ་སྒྲིལ་བཏང་བའི་སྐུ་ཕྲེང་གཉིས་ཀྱི་ཡབ་གཞིས་ཡིན་ཞིང༌། ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གི་ཡབ་ནི་བོད་ཀྱི་ལོ་རྒྱུས་ནང་མཚན་སྙན་ཆེ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞུ་བ་དང་ཡུམ་བཤད་སྒྲའི་བོུ་དབྱངས་འཛོམས་ཚེ་རིང་ལགས་གཉིས་སུ་བོད་རང་བྱུང་༡༥ པའི་ཤིང་སྟག་༡༩༡༤ ལོའི་ཟླ་བ་༡༠ པའི་ཚེས་༡༥ ཉིན་རྒྱ་གར་རྡོ་རྗེ་གླིང་དུ་ལུང་ཤར་ཁྱིམ་རྒྱུད་དུ་འཁྲུངས་ཡོད་པ་རེད། བོད་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་པ་བར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཞབས་རྗེ་ཞུས་ཡོད་པ་ནི། ཕྱི་༡༩༢༧ ལོར་དགུང་གྲངས་༡༤ ཕེབས་པའི་སྐབས། རྩིས་ཁང་དུ་གཞུང་ཞབས་ཞུས་ཏེ། གཞུང་ཞབས་ནང་ཐོག་མར་འགོ་བཙུགས་གནང་ཡོད་པ་དང༌། དེ་རྗེས། ༡༩༣༧ ལོར་དགུང་གྲངས་༢༤ ཕེབས་པའི་སྐབས། བཀའ་གྲོན་དང༌། ༡༩༤༡ ལོར་དགུང་གྲངས་༢༨ སྐབས་རྩིས་དཔོན་གནང་བ། དེ་རྗེས་༡༩༤༦ ལོར་དགུང་གྲངས་༣༣ སྐབས་བཀའ་བློན་གྱི་མཛད་འཁུར་བཞེས་ཏེ། བོད་ཀྱི་མདོ་སྨད་སྤྱི་ཁྱབ་གནང་བ་ཕེབས་ཡོད་པ་རེད། བོད་གཞུང་གིས་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཚོག་བོད་ཤར་ཕྱོགས་ཆམ་མདོར་མདོ་སྨད་སྤྱི་ཁྱབ་ཏུ་བསྐོ་བཞག་གནང་བའི་རྗེས། རྒྱ་ནག་མི་དམངས་བཅིང་བགྲོལ་དམག་དཔུང་གིས། བོད་ཤར་ཕྱོགས་བརྒྱུད་ནས་བོད་ཐོག་བཙན་འཛུལ་མ་བྱས་བར་གྱི་༡༩༥༡ བར་དུ་མདོ་སྤྱི་གནང་ཡོད་ཅིང། ༡༩༥༥ ལོར་བོད་གཞུང་གི་སྐུ་ཚབ་ཚོགས་པའི་ལྷན་དུ་པེ་ཅིང་ཕེབས་པ་དང༌། ༡༩༥༩ ལོའི་བོད་མིའི་སྒེར་ལངས་སྐབས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱེད་པར་ཁ་གཏད་གདོང་ལེན་གནང་བར་བརྟེན་ནས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། འཐབ་འཛིངས་བཏང་བ་དང༌། གྲ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པ། མཐར་སྤྱི་ཚོགས་ཐོག་གློད་བཀྲོལ་བཏང་ཡོད་ཀྱང་ཞྭ་མོ་ཡོད་པའི་གྲལ་རིམ་དུ་ངོས་འཛིན་བྱས་ཏེ། འཐབ་འཛིངས་བཏང་བ་དང་གླ་མེད་ཀྱི་ལས་ཀ་སྐུལ་དེད་བྱས་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད།།

    Reply
  2. རྩ་ཐང་། says:
    ལོ་ 15 སྔོན།

    ཨོ་་་་བདེ་ཅན་ཞིང་དུ་སྐྱེ་བར་ཤོག སྐྱེ་མཐའ་འཆི་དང་འདུས་མཐའ་བྲལ། །བསགས་འཛད་མཐོ་ལྷུང་མཐའ་བཞིའོ། ཞེས་དྲངས་རྒྱུ་ཙམ་ལས་མ་འདས་སོ།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དགེ་རྒན་ཁོང་ལ་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། གཙང་ཕྲུག་སྟོབས་ལགས་ཀྱི་གསུང་པ་ལྟར་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་ལ་མྱ་ངན་གུས་འདུད་དང་དེ་སྔ་ཁོང་གི་བོད་མི་རིགས་ཆེད་སྐུ་ལས་མང་པོ་སྐྱོན་པ་རྣམས་ལ་བཀའ་འདྲིན་རྗེས་དྲན་ཀྱང་ཞུ་དགོས་ངེས་ཡིན།

    Reply
  4. ཁ་བའི་བུ། says:
    ལོ་ 15 སྔོན།

    འདས་པོ་ཁོང་ངའི་སློབ་གྲོགས་ཡིན་པས་ངོ་མ་བློ་འགྱོད་ཆེ། ཁོང་ནི་གཞུང་དྲང་ཞིང་ཡ་རབས་ཚུལ་ལྡན་གྱི་ཕུལ་གི་མི་སྣ་ཞིག་ཡིན།།

    Reply
  5. བསོད་ནམས། says:
    ལོ་ 15 སྔོན།

    མདང་དགོང་དུས་བབ་གསར་འགོད་པས་གུས་པར་ཁ་པར་བརྒྱུད་ནས་གནས་ཚུལ་རྣམས་དྲིས་པར་དངོས་ཡོད་ཁག་ཞུས་པ་ཡིན་མོད། ད་དུང་དེའི་ཁ་སྣོན་ལྟ་བུར་འདས་པོ་བློ་བཟང་སྦྱིན་པ་ནང་ནས་ཕྱི་ལ་འབྲོ་སྐབས་མཉམ་དུ་དགེ་རྒན་འཆི་མེད་ཚེ་རིང་ཡང་ཡོད་ལ། ཁོང་རང་མགོ་དང་རྐང་པ་སོགས་ལ་རྨས་སྐྱོན་བྱུང་ཡོད་ན་ཡང་ཚབས་ཆེན་དེ་འདྲ་རེད་མི་འདུག ད་ལན་གྱི་དོན་རྐྱེན་དེའི་ཐད་སྒང་ཏོག་ས་གནས་འགོ་འཛིན་དང་ལས་བྱེད་རྣམ་པ་སོགས་ནས་སློབ་གྲྭའི་དགེ་ལས་དང་མཉམ་རུབ་ཀྱིས་གཟིགས་རྟོགས་རོགས་རམ་གནང་དང་གནང་མུས་རེད།

    Reply
  6. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་ཞིག་གྲོངས་པ་ནི། དབྱིན་ཡིག་དགེ་རྒན་འགའ་གྲོངས་པའི་རིན་ཐང་ལས་ཀྱང་ཆེ་བ་ཡོད་དེ། བོད་སྐད་དང་བོད་ཡིག་ནི་ང་ཚོའི་རྩ་དོན་རྩོད་བྱེད་ཀྱི་ལག་ཆ་གལ་ཆེན་དེ་ཡིན་པས་སོ། །བརྩེ་མེད་གདུག་རྩུབ་ཅན་གྱི་ས་འགུལ་དེ་ཡོང་སྐབས། ཁོ་བོ་བལ་ཡུལ་མཆོད་རྟེན་འགྲམ་གྱི་མཆོད་རྟེན་འགྲམ་གྱི་ཇ་ཁང་ཞིག་ཏུ་ཡོད། ས་འགུལ་དེས་མི་ཚོགས་རྦད་དེ་ཁ་གཏོར་ཞིང་། དེ་མ་ཐག་ཆོ་ངེ་དང་ཀུ་ཅོས་ཁོར་ཡུག་ཧྲིལ་པོ་ཡོངས་སུ་ཁེངས་སོང་བར་གཞིགས་ན། མི་ཚང་མས་གཤིན་རྗེའི་ཞགས་པ་རང་མགོར་བསྐོན་བཞིན་པའི་ཚོར་བ་ཞིག་གསོན་པོར་མྱང་ཡོད་པ་ལྟ་བུའི་འདུ་ཤེས་ཤིག་ཀྱང་བྱུང་སོང་།

    Reply
  7. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྩིས་དཔོན་ལུང་ཤར་ཟེར་བའི་མྱི་སྐད་གྲགས་ཅན་དེ་གོ་མྱོང་ཡོད་ཀྱང་ཁོང་གི་སྲས་ལྷ་ཀླུ་ཚེ་དབང་རྡོ་རྗེ་ཟེར་བ་བོད་ཀྱི་ལུང་པའི་ནང་དུ་ཕྱག་ལས་གནང་མྱོང་བ་སྔར་གོ་མ་མྱོང་། འོན་ཀྱང་། ཉེ་འཆར་ཁ་བརྡ་དྲ་རྒྱའི་མཆན་ཞིག་གི་ནང་དུ་ཁོང་གི་ལོ་རྒྱུས་མདོར་བསྡུས་ཞིག་བཀོད་པ་མཐོང་སོང་། གལ་སྲིད་ཁོང་ལྟ་བུས་བོད་ལ་བྱས་རྗེས་འཇོག་གནང་མྱོང་མཁན་ཞིག་ཡིན་ན་བོད་ཡིག་གི་དྲ་ཚིགས་སོགས་སུ་མྱ་ངན་གུས་འདུད་ཀྱི་གནས་ཚུལ་ཞིག་མ་བཀོད་ན་ཡང་སྐུ་གཤེགས་པའི་གནས་ཚུལ་ཞིག་ཏ་བཀོད་དགོས་ངེས་རེད། ཡིན་ན་ཡང་ཚིག་གཅིག་ཀྱང་མིན་འདུག

    Reply
  8. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་རིག་གནས་གྱི་གར་སྟེགས་ཁྲོད་ཕྱག་ལས་གནང་བཞིན་པའི་དགེ་བའི་བཤེས་གཉེན་བློ་བཟང་སྦྱིན་པ་ལགས་ས་འགུལ་གནོད་འཚེའི་འོག་འདས་གྲོངས་སུ་ཕྱིན་པར་བློ་ཕམ་དང་། ཤུལ་ལུས་ནང་མི་སྤུན་མཆེད་ཚང་མར་གདུང་སེམས་མཉམ་སྐྱེད་ཞུ།
    དེ་དང་ཆབས་ཅིག་བོད་ལ་མང་གཙོའི་ལྟ་གྲུབ་འདྲེན་པའི་ཕོ་ཉ་མིང་དུ་གྲགས་པའི་རྩིས་དཔོན་ལུང་ཤར་གྱི་སྲས། བོད་རང་བཙན་སྐབས་ཀྱི་བཀའ་བློན་དང་མདོ་སྤྱི་གནང་མྱོང་བའི་ལྷ་ཀླུ་ཚེ་དབང་རྡོ་རྗེ་སྐུ་ཚེ་མ་ཟིན་པ་བློ་ཕམ་དང་། ཤུལ་ལུས་ལྷ་ལྕམ་དང་སྲས་སྲོས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ། ལྷ་རབས་བྱུང་ནས་གནས་ཚུལ་དེའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་། དུས་བབ། བང་ཆེན་སོགས་ཀྱི་གསར་སྤེལ་ཡོང་བའི་རེ་བ་ཆེ།
    ཁོང་ནི་བོད་ས་མ་ཤོར་གོང་གི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་རྣམས་ཀྱི་ནང་ནས་ཆེས་མཐའ་མཇུག་ཏུ་བཞུགས་མཁན་གྱི་བཀའ་བློན་གཅིག་པུ་དེ་ཡིན་པས། དམིགས་བསལ་གྱི་གནས་ཚུལ་ཞིག་རེད།

    Reply
  9. ཚང་མ། says:
    ལོ་ 15 སྔོན།

    ༸རྒྱལ་བ་བྱམས་པའི་ཞབས་དྲུང་དུ་སྐྱེས་་བར་ཞོག

    Reply
  10. ཅང་མེད། says:
    ལོ་ 15 སྔོན།

    དགེ་རྒན་བློ་བཟང་སྦྱིན་པ་ཁོང་བདེ་ལྡན་ཞིང་དུ་སྐྱེ་བར་ཤོག
    ནང་མི་ལ་གདུང་སེམས་མཉམ་སྐྱེད་དང་གུས་འདུད་ཞུ།

    Reply
  11. ལྭ་ཝ་ says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན་ང་ཚོ་བོད་པ་རྣམས་ཇི་འདྲ་ལས་ཨང་་་་་བློ་ཕམ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese