མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུ་མོ་གྱད་ཆེན་མ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་བུ་མོ་རང་ལོ་ ༢༣ སོན་པ་ཤི་ལོག་སྒྲོག་མ་ཞུ་བར་ཊར་ཀེ་ནང་ཚོགས་པའི་རྒྱལ་སྤྱིའི་བུད་མེད་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་ཨང་དང་པོ་གསེར་གྱི་རྟགས་མ་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་ཊུར་ཀེ་(Turkey)རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨིས་ཊན་བྷུལ་(Istanbul) ནང་ཚོགས་པའི་རྒྱལ་སྤྱིའི་བུད་མེད་གྱད་རྩལ་འཇུ་རེས་(wrestling) འགྲན་བསྡུར་གྱི་ཉིན་མཐའ་མ་སྟེ། ཕྱི་ཚེས་ ༡༦ ཉིན་གྱི་རྟིང་རྩོད་འགྲན་བསྡུར་སྟེང་སོག་པོའི་བུ་མོ་ཞིག་དང་། བོད་རིགས་བུ་མོ་ཤི་ལོག་སྒྲོལ་མ་གཉིས་མཐའ་མའི་རྩལ་འགྲན་བྱས་ཏེ། བུ་མོ་ཤི་ལོག་སྒྲོལ་མ་ལགས་སུ་ ༢༠༡༡ ལོའི་རྒྱལ་སྤྱིའི་བུད་མེད་གྱད་འགྲན་རྩེད་མོའི་ཨང་དང་པོ་གསེར་གྱི་རྟགས་མ་ཐོབ་འདུག ཐེངས་འདི་ནི་བོད་པའི་བུ་མོ་ཞིག་ལ་རྒྱལ་སྤྱིའི་བུད་མེད་གྱད་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་ཐོག་མ་དེ་ཆགས་ཡོད།

ཐེངས་འདིའི་རྒྱལ་སྤྱིའི་བུད་མེད་གྱད་འགྲན་ཁྲོད་རྒྱལ་ཁབ་ ༡༠༤ ཡི་བུད་མེད་རྩེད་འགྲན་པ་ ༩༠༠ ལྷག་མཉམ་ཞུགས་བྱས་ཡོད་ཅིང་། ད་ལོའི་བུད་མེད་གྱད་རྩལ་འགྲན་བསྡུར་འདི་ ༢༠༡༢ ལོར་དབྱིན་ཡུལ་དུ་འཚོགས་གཏན་འཁེལ་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་(Olympics) རྩེད་འགྲན་ཆེད་གདམ་གསེས་ཀྱི་འགྲན་བསྡུར་ཞིག་ཆགས་ཡོད་པ་རེད།

ཤི་ལོག་སྒྲོལ་མ་ནི་གོང་པོ་ཉིང་ཁྲི་ས་གནས་ཀྱི་བོད་རིགས་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཡིན་ཞིང་། ཐེངས་འདིར་རྒྱ་ནག་གི་བུད་མེད་ལུས་རྩལ་པའི་འཐུས་ཚབ་སྟེང་ཞུགས་པ་ཞིག་ཡིན་འདུག ཁོ་མོ་ ༢༠༡༠ ལོར་རྒྱ་ནག་རྒྱལ་ཡོངས་བུད་མེད་གྱད་འགྲན་རྩེད་མོའི་རུ་ཁག་ཏུ་བདམས་ཐོན་བྱུང་ཡོད་པ་དང་། འདིའི་ལོའི་ཕྱི་ཟླ་ ༤ པའི་ནང་གི་རྒྱ་ནག་རྒྱལ་ཡོངས་བུད་མེད་གྱད་འགྲན་ཁྲོད་ཁོང་ལ་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་མྱོང་ཡོད་འདུག གནས་ཚུལ་ཐོན་གསལ་ལ། ད་ལྟའི་རྒྱ་ནག་གི་རྩེད་འགྲན་པའི་ཁྲོད་དུ་བོད་རིགས་ ༡༢ ཙམ་རྒྱལ་སྤྱིའི་རྩེད་རིགས་འདྲ་མིན་ནང་འགྲན་བསྡུར་བྱེད་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༤ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥

མཆན། 25

  1. ཚེ་རིང། says:
    ལོ་ 15 སྔོན།

    བོད་པ་ཞིག་ཡིན་པ་ནམ་ཡང་མ་བརྗེད་པ་གྱིས་ཤིག་ཨང་།

    Reply
  2. ནེ་ཤོད་གྲུ་ཁ། says:
    ལོ་ 15 སྔོན།

    གང་ལྟར་ཀྱང་མོ་རང་ལ་འཚམས་འདྲི་སྙིང་དབུས་ནས་ཡོད།

    Reply
  3. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    ཤ་ཞེན་སྙིང་ན་གནས་ཤིང་དུང་ཞེན་སེམས་ནས་མ་འདོར་བའི་ངང་ནས་བྱ་དགའ་ཐོབ་པ་ཡིན་ན་རྗེས་སུ་ཡིད་རང་ཡོད།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བཀྲ་ཤིས་པའི་ཤིས་ཚིག་སྒྲོག་པ་དང་ཆབས་ཅིག སླད་ཀྱང་སོ་སོའི་མི་རིགས་དང་། སོ་སོའི་རིག་གཞུང་། ལྷག་བསམ། ལ་རྒྱ། དེ་བཞིན་ཞུམ་པ་མེད་མེད་པའི་སྙིང་སྟོབས་ཀྱིས་ང་ཚོའི་རྩ་དོན་སྒྲུབ་རྒྱུར་འཕྱ་གྲུ་མཉམ་འདེགས་གནོངས་རོགས།

    Reply
  5. སྟག་ཕྲུག says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. རལ་གྲི says:
    ལོ་ 15 སྔོན།

    རིགས་བཟང་མ་ ཁྱོད་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཡིན་ཟེར་བའི་”ཁ་གསོན་པོ་དང་ལག་ཤི་བོ་ཅན”དག་དང་མི་འདྲ་བར་རང་གི་ཁེ་དབང་ལོངས་སུ་སྤྱད་ནས་སྤྱི་ཚོགས་སྟེང་སླེབས་ཐུབ་པ་དེ་ལ་སྙིང་ནས་མཚམས་འདིྲ་དང་ མ་འོངས་བྱ་གཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཅས

    Reply
  7. sangkye says:
    ལོ་ 15 སྔོན།

    བོད་པའི་བུ་མོ་ཤུ་ལོག་སྒྲོན་མ་ལ་བཀྲིས་བདེ་ལེགས་ཞུ། བོད་མིང་ཐོག་ནས་འགྲན་སྡུར་ཁྲོད་ནས་གསེར་གྱི་རྟགས་མ་བླངས་བ་དེ་ཐུགས་རྗེ་ཆེ་། ངོས་ནས་ཁྱེད་བོད་པའི་བུ་མོ་ཡིན་ན་བོད་གྱི་ལ་རྒྱ་མ་འབོར་ལགས། རང་གི་བྱ་བ་ལ་ཆུང་ཅེས། བོད་མི་རིགས་གྱི་ལ་རྒྱ་རྩ་ཆེན་ཅེས། ངའི་ཁྱེད་ལ་བོད་པའི་བུ་མོ་ཟེར།

    Reply
  8. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    རྒྱལ་ཁབ་གང་ཞིག་གི་མིང་ཁྱེར་མིན་ལ་མ་ལྟོས་པར་མོའི་མིང་སྒྲོལ་མ་ཞེས་པ་འདིས་རྒྱ་མི་དུང་ཕྱུར་བཅུ་ཕྲག་བརྒལ་བར་བོད་མོ་ཞིག་གིས་འཛམ་གླིང་སྟེང་གསེར་གྱི་རྟགས་མ་བླངས་ཚུལ་ངོ་སྤྲོད་བྱས་པ་རེད། འདི་དང་ཕུར་པ་སྐྱབས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་གསར་བུ་རྫིག་པོའི་རྟགས་མ་བླངས་པ་ལྟ་བུས་བོད་མགོ་བཀྱགས་ཡོད་པ་རེད།

    Reply
  9. དམ་སྲི་འབྱུང་པོ། says:
    ལོ་ 15 སྔོན།

    བོད་པ་ཡིན་པའི་འདུ་ཤེས་མེད་ན་བོད་པའི་ཤ་ཕྲག་ཁྱེར་ནས་གསེར་གྱི་རྟགས་མ་ཐོབ་ན་ཁྱད་པ་གང་ཡང་མི་འདུག

    Reply
  10. བོད་པ་ says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་ཐུབ་ས་མ་རེད། ལུག་མང་པོས་ཁྱེད་ལ་དགའ་བསུ་ཞུ་གི་འདུག
    རྒྱ་ནག་གིས་རྒྱུ་ཕུང་མེད་བཏང་ནས་ཁྱེད་དང་ཁྱེད་འདྲ་བ་མང་པོ་ཞིག་ལ་སྤྱང་སྡུར་སྤྲད་ནས་རྒྱལ་སྤྱི་སྒང་ལ་བོད་པ་བཅིང་འགྲོལ་བཏང་ཡོད་ཟེར་བའི་གཟིགས་བརྙན་བསྐྲུན་དང་སྐྲུན་བཞིན་པ་རེད། དེ་ནི་བོད་པ་ཕུང་བྱེད་ལས་ཕན་བྱེད་ཅིག་མ་རེད།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གཙོ་བོ་བོད་ཀྱི་བུད་མེད་ཚོ་དགའ་འོས། བསྔགས་འོས། རྗེས་སུ་ཡི་རང་དང་བཅས་ཏེ་རྗེས་སུ་འཇུག་པར་འོས། གང་ལགས་ཤེ་ན། མོས་བོད་ཀྱི་བུད་མེད་ཀྱི་ནུས་པ་ཞིག་མཚོན་ཐུབ། དཔེ་མཚོན་འདི་རིགས་ཉུང་ཉུང་ཡིན་ན་ཡང། འདིས་སྤོབས་པ་དང་ལར་ཞེན་རིགས་ཤིག་སློང་ཐུབ། དེ་བས་བོད་ཀྱི་བུད་མེད་ཚོས་རང་རང་གི་ལས་རིགས་མི་འདྲ་བའི་ཁྲོད་དུ་རང་ནུས་ཁྱད་པར་རེ་འདོན་རྒྱུར་ཅིས་ཀྱང་བརྩོན་ལེན་བྱེད་དགོས།

    Reply
  12. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ངོ་མ་ཡག་བྱུང་ཟེར་རྒྱུ་ཡིན། དགའ་འོས་པའི་གཏམ་རང་རེད། བོད་ལྗོངས་དབུས་གཙང་ཀོང་པོ་ཡུལ་ནས་ཕེབས་པའི་བོད་མོ་སྒྲོལ་མ་ཁྱེད་རང་མོ་གོ་ཆོད་པ་ཞིག་བྱེད་འདུག འབྱུང་འགྱུར་གྱི་འགྲན་རྩེད་ལ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད། བོད་རྒྱལ་ལོ། །

    Reply
  13. རིག་འཛིན། says:
    ལོ་ 15 སྔོན།

    བཅོས་མིན་སེམས་གཏིང་ནས་དགའ་བསུ་དང་བསྔགས་བརྗོད་ཡོད།
    འདི་ནི་ང་ཚོའི་དེབ་ཐེར་ནང་དུ་བཀོད་འོས་པའི་ལོ་རྒྱུས་གསར་པ་ཞིག་དང་།
    མི་རིགས་གཞན་དང་འདྲ་མཉམ་གྱི་ནུས་པ་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་དང་།
    གསར་དུ་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོར་འདྲམཉམ་གྱི་མདུན་བསྐྱོད་དགོས་ཞེས་བཀུར་མ་ཞིག་ཀྱང་ཡིན།

    Reply
  14. ཁ་བའི་འདབ་མ། says:
    ལོ་ 15 སྔོན།

    ཁྱེད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  15. ཨ་མའི་བུ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད་་་་་་བོད་མོ་ལགས་ཁྱེད་བོད་པ་ཡིན་ཐུགས་ལ་བཞག་རོགས།

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    འཛམ་གླིང་འཇུ་རེས་ལེགས་སྐྱེས་འགྲན་བསྡུར་སྟེང་དུ་བོད་ལྗོངས་ཀྱི་འགྲན་ཞུགས་པ་ཤེས་རབ་སྒྲོལ་མས་ཀྲུང་གོའི་གསེར་གྱི་རྟགས་མ་ཨང་དང་པོ་བླངས་པ།
    སྤེལ་དུས། 2011-09-21 ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར། རྡེབ་ཚད། 4

    འཛམ་གླིང་འཇུ་རེས་ལེགས་སྐྱེས་འགྲན་བསྡུར་སྟེང་དུ་བོད་ལྗོངས་ཀྱི་འགྲན་ཞུགས་པ་ཤེས་རབ་སྒྲོལ་མས་ཀྲུང་གོའི་གསེར་གྱི་རྟགས་མ་ཨང་དང་པོ་བླངས་པ།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ ༩ བའི་ཚེས ༡༧ ཉིན། ཐུར་ཁེའི་དབྱི་སི་ཐན་པུའུ་ཨེར་ནས་འཚོགས་པའི ༢༠༡༡ ལོའི་འཛམ་གླིང་འཇུ་རེས་ལེགས་སྐྱེས་འགྲན་བསྡུར་སྟེང་དུ། བོད་ལྗོངས་ནས་ཕེབས་པའི་ཀྲུང་གོའི་འགྲན་ཞུགས་པ་ཤེས་རབ་སྒྲོལ་མས་ཧུར་ཐག་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སོ་སོའི་འགྲན་ཞུགས་པ་ལས་རྣམ་པར་རྒྱལ་བ་དང་། མཇུག་མཐར་སྤྱི་རྒྱ ༦༧ རིམ་པའི་བུད་མེད་ཀྱི་འཇུ་རེས་འགྲན་བསྡུར་སྟེང་དུ་གསེར་གྱི་རྟགས་མ་ཐོབ། དེ་ནི་བོད་ལྗོངས་ཀྱི་ལུས་རྩལ་པས་འཛམ་གླིང་གི་འགྲན་བསྡུར་ཆེན་པོའི་སྟེང་དུ་ཐོག་དང་པོར་འཛམ་གླིང་གི་ཨང་དང་པོ་བླངས་པ་ཡིན་པ་མ་ཟད། ཀྲུང་གོའི་འགྲན་ཞུགས་པས་ཐེངས་འདིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སྟེང་དུ་ཐོབ་པའི་གསེར་གྱི་རྟགས་མ་དང་པོའང་ཡིན་པས། ཁོ་མོས་ཀྲུང་གོའི་རྒྱལ་ཁབ་ལ་གཟི་བརྗིད་བསྐྲུན་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་འགྲན་བསྡུར་ལའང་དགེ་མཚན་ཆེན་པོ་བསྣན་པ་རེད

    Reply
  17. ཅང་མེད། says:
    ལོ་ 15 སྔོན།

    བོད་རྒྱལ་ལོ། མིང་དོན་ལྡན་པའི་སྒྲོལ་མ་ལགས་ཁྱེད་ལ་བཀྲིས་བདེ་ལེགས་ཞུ།
    གུས་བཀུར་བྱེད།

    Reply
  18. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བོད་མོ་ཞིག་གི་མིང་ཐོག་ནས་བྱ་དགའ་ཐོབ་པར་དགའ་བསུ་ཡོད། འོན་ཀྱང་། བཙན་གནོན་འོག་ནས་མིང་མགོར་གུང་བྲན་ཏང་བཏགས་ཏེ་སོང་བ་སྐྱོ་ཐལ།
    གང་ལྟར་ཁྱོས་རྟིང་རྩོད་སྐབས་སོག་མོ་དེ་དང་བསྡུར་སྐབས་ངས་སེམས་ཁྲལ་བྱས་ཡིན། རྒྱུ་མཚན། སོག་མོ་དེས་རྒོད་མའི་འོ་ཆུ་ཚྭ་ཁུ་ཅན་དེ་འཐུང་ཡོད་པས་དཀའ་རྒྱུ་རེད་བསམ། ཡིན་ནའང་། ཁྱེད་ཀྱིས་གྲོང་གསེབ་ཀྱི་གཡག་ཤ་དེས་ཤུགས་ཀྱིས་ཏག་ཏག་བཟོས་པས་ང་ཚོས་གློག་ཀླད་མདུན་ངོས་ན་ལག་ཟུང་ཐལ་མོ་བརྡེབ་བཞིན་ཡོད།

    Reply
  19. བདེན་གཏམ། says:
    ལོ་ 15 སྔོན།

    དྲ་གྲོགས་སྙིང་རྩ་སྤར་འཛིན་མཆོག་ལ་ཞུས་རྒྱུ། གུས་པའི་ཁྱེད་རང་བོད་མི་བཙན་བྱོལ་བའི་ཁུངས་སུ་རྩིས་ཀྱི་མེད་གང་ལགས་ཟེར་ན་ཁྱེད་ཀྱི་བོད་པའི་བུ་མོ་དེ་ལ་བཀྲིས་བདེ་ལེགས་ཞུ་འདོད་མེད་པའི་ཡིན། དེར་བརྟེན་བུ་ངས་དགའ་བཞིན་སྤྲོ་བཞིན་དང་དུ་བླངས་པས་ཐོག་ནས་ཁྱེད་ཀྱི་ཚབས་དུས་ནམ་ཡང་ཡོང་གི་མ་རེད་ཞུ་ཡ་ཡིན།

    Reply
  20. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ཚེ་རིང་རྒྱུ་མ། དོན་འགྲུབ་རྒྱུ་མ།

    Reply
  21. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཚེ་ཐག་རིང་རྒྱུ་མ། ཁྱོད་མ་ཤི་བར་ཕྱིར་ཡོང་བ་དངོས་གནས་སྙིང་དོན་ཡོད་ཀི། ཁྱོད་ཀྱིས་འགྲན་སྟེགས་སྟེང་དུ་བོད་ཀྱི་རྒྱལ་དར་འཁུར་མ་ཐུབ་ཡང་བོད་མིང་སྒྲོལ་མ་འཁུར་ནས་སོང་བ་དེས་སྐད་གྲགས་ས་སྟེང་ལ་བཞག་པ་རེད། ཐུགས་རྗེ་ཆེ།

    Reply
  22. སྙིང་རྩ་སྤར་འཛིན། says:
    ལོ་ 15 སྔོན།

    ཚེ་རིང་རྒྱུ་མ་འདིས་བོད་མིང་ཞིག་ཁྱེར་ནས་བོད་པ་ཚོའི་སྐེ་ནས་ཡར་ལ་འཐེན་སྐབས་བདེན་གཏམ་འབོད་པ་འདིས་ཡིག་ནོར་འདི་དག་བཙལ་བྱོལ་བོད་མི་ཡོད་དོ་ཅོག་གི་ཚབ་ཏུ་བྲིས་ཏེ་རྐང་བས་འཐེན་གྱིན་འདུག་ན་ངས་བདེན་གཏམ་མིང་ཅན་འདི་ངའི་ཚབ་མིན་ཞེས་བཤད་འདོད་སྐྱེས།

    Reply
  23. ནགས་མེ། says:
    ལོ་ 15 སྔོན།

    བོད་ཀྱི་གྱད་མ། ཁྱོས་འཇོན་སོང་། བཀྲ་ཤིས་བདེ་ལེགས་ཡོད། ངས་ཐོས་པ་དང་ཧ་ཅང་དགའ་སོང་།

    Reply
  24. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དགའ་འོས་པ་ཞིག་རེད་བོད་པའི་བུ་མོ་ཞིག་ཡིན་པས། སྐྱོ་དགོས་པ་ཞིག་ཀྱང་རེད་གུང་ཁྲན་ཚོགས་པའི་རྒྱལ་རྟགས་ཅན་གྱི་འགྲན་གོས་གྱོན་དགོས་པས།

    Reply
  25. བདེན་གཏམ། says:
    ལོ་ 15 སྔོན།

    བུ་མོ་ཤི་ལོག་སྒྲོལ་མ་ཁྱེད་ལ་ད་རེན་རྒྱལ་སྤྱིའི་ནང་གསེར་གྱི་རྟགས་མ་ཐོབ་པར་གུས་པ་རིག་པ་སྨྲ་བ་གདེན་གཏམ་མིང་ཅན་ནས་འདིར་ཡོད་བཙན་བྱོལབོད་མི་ཡོད་དོ་ཅོག་གི་ཚབས་བྱས་ཏེ་བཀྲ་ཤིས་བདེ་ལེགས་ཞུས་རྒྱུ་ཡིན།
    རྒྱལ་ཁབ་གང་འདྲ་ཞིག་གི་མིང་གི་འོག་ནས་རྩེད་འགྲན་བྱེས་རུང་རང་ཉིད་བོད་ཀྱི་མི་རིགས་ཞིག་ཡིན་པ་འདི་དུས་ནམ་ཡང་བརྗེད་མི་རུང་ངོ་། ད་དུང་ཡང་བུ་མོ་ཁྱེད་ལ་ལམ་འགྲོ་མུ་མཐུད་ནས་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese