མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོ་རྒྱུས་ཐོག་གི་བོད་རང་བཙན་བློས་མི་གཏོང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཅིག་ལ་བགྲོ་གླེང་གནང་མཐར། བཀའ་ཤག་གིས་ལོ་རྒྱུས་ཐོག་གི་བོད་རང་བཙན་ཁྱབ་བསྒྲགས་ཐོག་འབད་བརྩོན་ཞུ་རྒྱུ་ཡིན་ཟེར།

ཁ་སང་ཕྱི་ཚེས་ ༢༣ སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བདུན་པའི་སྔ་དྲོར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་ལ་སྤྱི་འཐུས་ ༥ ཡི་བགྲོ་གླེང་གི་ཆ་ཤས་བླངས་ཏེ་དགོངས་འཆར་གསུངས་སོང་ལ། དེ་ལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསལ་བཤད་ལན་འདེབས་ཀྱང་གནང་སོང་།

སྤྱི་འཐུས་གངས་ལྷ་མོ་དང་བསོད་ནམ་རྒྱལ་མཚན་ལགས་གཉིས་ཀྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ནང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས། ལོ་རྒྱུས་ཉམས་ཞིབ་པ་སོགས་ཀྱིས་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་གི་བོད་རང་བཙན་གྱི་ལོ་རྒྱུས་ལ་དྲང་བདེན་གྱི་ངོས་ལེན་བྱས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་བྱེད་བཞིན་ཡོད་པས། དབུ་མའི་ལམ་གྱི་འབྲེལ་མོལ་ལ་འགོག་རྐྱེན་དང་། རྒྱལ་སྤྱིའི་སྟེང་དུ་བོད་རྒྱའི་གནད་དོན་གསལ་བོ་མི་ཤེས་མཁན་ཚོ་འཁྲུལ་ཉེན་ཡོད་སྟབས། བཀའ་ཤག་གིས་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་དུ་བོད་རང་བཙན་ཡིན་པའི་ཁྲིམས་མཐུན་ནུས་ལྡན་གྱི་དཔང་རྟགས་ཡོངས་ཕྱོགས་བསྡུས་བྱས་ཏེ། དེབ་དང་བརྙན་རིས། བརྙན་འཕྲིན་སོགས་ཀྱི་ལམ་ནས་སྐད་ཡིག་ཆེ་ཁག་ཏུ་དྲིལ་བསྒྲགས་དང་། བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོས་འཛིན་གཅིག་གྱུར་ཡོད་པའི་དགའ་ལྡན་ཕོ་བྲང་གི་རྒྱུན་འཛིན་སྒྲིག་འཛུགས་ཡིན་པ་དང་། དེ་རྒྱལ་སྤྱིའི་ནང་ཁྲིམས་མཐུན་ངོས་ལེན་ཡོངས་ཐབས་བྱ་དགོས་སྐོར་བཀོད་འདུག  

འདིའི་ཐད་སྤྱི་འཐུས་ ༥ ཙམ་གྱིས་རྒྱབ་སྐྱོར་དང་འབྲེལ། རྒྱ་ནག་གཞུང་དྲིལ་བསྒྲགས་རྫུན་མའི་ཁྱབ་ཚད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ང་ཚོའི་ངོས་ནས་འདས་པའི་ལོ་རྒྱུས་ཀྱི་བྱུང་རབས་དྲིལ་བསྒྲགས་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོང་ཐབས་བྱ་རྒྱུ། ཐེངས་འདིའི་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་དགོས་སྐོར། དེ་བཞིན། རྒྱ་ནག་འཁྱོག་བཟོའི་དྲིལ་བསྒྲགས་ལ་ཁ་གཏད་བྱ་ཆེད། ད་ལྟའི་བོད་ཀྱི་ཁོར་ཡུག་དང་ཤེས་ཡོན། འཚོ་གནས་བཅས་ཀྱི་གནས་སྟངས་ལ་བརྟག་དཔྱད་བྱས་ཏེ་བདེན་དཔང་ར་སྤྲོད་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

བགྲོ་གླེང་གི་མཇུག་ཏུ་བཀའ་བློན་ཁྲི་པ་གྲོས་ཚོགས་ནང་བཞུགས་མེད་སྟབས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཀའ་ཤག་གི་སྐུ་ཚབ་བྱས་ཏེ་གསལ་བཤད་གནང་དོན། “ལོ་རྒྱུས་ཀྱི་ཐོག་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་ར་སྤྲོད་དང་། སྐད་ཡིག་འདྲ་མིན་གྱི་ཐོག་ནས་རྒྱལ་སྤྱིའི་ཐོག་གནས་ཚུལ་བཀྲམས་དགོས་པ། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྔར་བོད་ཀྱི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དེ་ང་ཚོས་བློས་གཏོང་རྒྱུ་ཡོད་མ་རེད་ལ། བློས་གཏོང་ཐུབ་པའི་གནས་སྟངས་ཀྱང་ཆགས་ཐུབ་པ་མ་རེད། ད་ལྟའི་བར་དུ་བཀའ་ཤག་རིམ་པས་ལོ་རྒྱུས་ཐོག་གི་གཞུང་འབྲེལ་གྱི་ཡིག་ཆ་གང་འདྲ་ཞིག་ཡོད་ཀྱང་། ཁ་གསལ་དོད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད ” ཅེས་གསུངས་བྱུང་།

ཁོང་མོས་མུ་མཐུད་དུ།  “ད་ལྟའི་བར་རྒྱལ་ཁབ་དང་གྲོས་ཚོགས་སོགས་ཀྱི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ངོས་ལེན་བྱས་ཡོད་པ་མ་རེད་ཅེས་བཀོད་ཡོད་ཀྱང་། ད་ལྟའི་བར་བོད་རང་བཙན་རེད་དང་མ་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་གྲོས་ཚོགས་འདི་འདྲ་ཞིག་ནས་ཞུས་འདུག  ཅེས་སྙན་སེང་ཞུ་རྒྱུ་མེད་ཀྱང་། ཨ་རི་དང་ཡུ་རོབ། འཇར་མན་བཅས་ཀྱི་གྲོས་ཚོགས་ནས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ཤིག་ཏུ་ངོས་འཛིན་བྱས་ཏེ། གྲོས་ཚོགས་ཀྱི་ཡིག་ཆའི་ནང་འཁོད་བསྡད་ཡོད་པ་རེད། དེའི་ནང་འཁོད་ཡོད་པར་བློ་བདེ་བོ་འདུག་ཆོག་པ་ཞིག་ལ་ངོས་འཛིན་ཞུ་ཡི་མེད། མ་འོངས་པར་འདི་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་། སྔ་རབས་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུ་གལ་ཆེན་ཡིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། བོད་མིའི་སྒྲིག་འཛུགས་དེ་གཞུང་ས་དགའ་ལྡན་ཕོ་བྲང་གི་རྒྱུན་འཛིན་གྱི་གཞུང་ཞིག་ཡིན་པའི་ངོས་འཛིན་ཐད། ང་ཚོས་གང་ཐུབ་ཐུབ་ཀྱི་ངོས་འཛིན་གནང་གི་རེད་ལ། གྲོས་ཚོགས་ཀྱིས་གང་ཞུས་པ་དེར་འཛིན་སྐྱོང་བཀའ་ཤག་གིས་གང་ཐུབ་ཀྱིས་འབད་བརྩོན་བྱ་རྒྱུ་ལས་འགན་ཆགས་ཡོད།” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

མཆན། 7

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ལོ་རྒྱུས་རང་བཞིན་གྱི་བོད་རང་བཙན་ད་བར་དུ་བོད་གཞུང་དམངས་གཉིས་ནས་བློས་བཏ་བ་མེད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་ཡིན་པ་མིན་པ་དང་མིན་པ་ཡིན་པར་བཤད་ནས་ཁུངས་མི་འཁྱོལ། གནད་དོན་ནི་ད་དུང་ཡང་ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་རྩོད་རྒྱུ་ཡིན་མིན་དང་་ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་བོད་གཞུང་དགའ་ལྡན་ཕོ་བྲང་དང་ངོ་བོ་གཅིག་པ་ཡིན་མིན་དེ་གནད་དོན་ཞིག་རེད།

    Reply
  2. ཉི་ཟླ་སྐར་གསུམ། says:
    ལོ་ 11 སྔོན།

    གཞུང་གི་ལོངས་ཕྱོགས་འདི་ནི་མི་དམངས་ཀྱི་ལོངས་ཕྱོགས་ཡིན་པའི་སྐད་ཆ་ག་རེད་བཤད་དགོས་རེད་། གཞུང་དང་མི་དམངས་གཉིས་ལོངས་ཕྱོགས་གཅིག་པ་མ་ཆགས་བར་རྩ་དོན་ལ་ཕན་པའི་གྲུབ་འབྲས་ཞིག་ཡོང་དཀའ་།
    མི་དམངས་ཀྱི་མངོན་འདོད་ནི་སྔར་ཡང་རང་བཙན་རེད་ལ་ད་ལྟ་ཡང་རང་བཙན་རེད་། ཡིན་ཡང་གཞུང་གིས་ནི་དབུ་མའི་ལམ་ཡིན་ཚུལ་མ་བཤད་རང་བཤད་རེད་།

    Reply
  3. འོས་ལངས། says:
    ལོ་ 11 སྔོན།

    ད་ལྟའི་བཀའ་ཤག་གསར་པའི་ལངས་ཕྱོགས་དེ་གསལ་བརྟན་མེད་པའི་མཚོན་བྱེད་ཅིག་རེད། སྤྱི་འཐུས་བསོད་ནམས་རྒྱལ་མཚན་དང་གངས་ལྷ་མོ་གཉིས་ཀྱིས་བཏོན་པའི་གྲོས་འཆར་ལ་རྒྱབ་སྐྱོར་ཡོད།

    Reply
  4. གཡག says:
    ལོ་ 11 སྔོན།

    བོད་རང་བཙན་དང་། གཞུང་ས་དགའ་ལྡན་ཕོ་བྲང་། བོད་གཞུང་སོགས་རྩ་མེད་བཟོས་ནས་ད་རུང་འཇོན་མདོག་གནང་བ་ལ་བློ་ཕམ་ཆེན་པོ་བྱུང་། གཞུང་ས་དགའ་ལྡན་ཕོ་བྲང་གི་ལས་ཤོག་དང་ལས་ཐམ་སོགས་ང་ཚོར་མི་དགོས་ན་ང་ཚོར་འདིར་རྡ་སར་རི་ཁུགས་དེར་སྡོད་དགོས་དོན་ཡང་མེད་འདྲ།

    Reply
  5. གནས་ཚང་། says:
    ལོ་ 11 སྔོན།

    ཟམ་གདོང་གིས་རང་བཙན་བསྐྱལ་ཐལ།
    བློ་སེང་ལགས་རྔ་མར་འཇུས་འདུག
    སྒྲོལ་མ་ལགས་རྩལ་ཆེན་ཡིན་པས།
    གཅེན་པོས་ཀྱང་ཕྱི་མིག་ལྷོད་ངེས།

    Reply
  6. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 11 སྔོན།

    རང་བཙན་རྒན་པོ་ནད་པ་དེ། །
    སྨན་ཁང་ནང་དུ་ཉལ་བ་དེ། །
    ད་ནི་ཨེམ་རྗེ་བློ་སེང་གི །
    སྨན་ཐུན་གཅིག་གིས་རྒྱུགས་གཤར་གློད། །

    Reply
  7. གངས་སྤྲེལ་ཚ། says:
    ལོ་ 11 སྔོན།

    དུས་ནམ་ཡིན་ཀྱང་ལོ་རྒྱུས་ལ་འཁྱོག་བཤད་མི་གནང་རྒྱུ་དང་། ལོ་རྒྱུས་རྒྱབ་ལྗོངས་སུ་ལེན་རྒྱུ་ཆེས་གལ་ཆེ་བའི་དོན་ཆེན་ཞིག་རེད་ལ། སྤྱི་གསར་བ་ཚོས་ནང་ན་སྙིང་སྟོབས་ཅན་རེ་ཟུང་ཡོད་སྲིད་པ་རེད་ལ་་་མི་མཐུད་ནས་་་་་་་་

    Reply

Leave a Reply to ཀླུ་སྨྱོན་ཧེ་རུ་ཀ Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist