མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སློབ་ཡོན་སྐོར་ལ་གྲོས་བསྡུར་གནང་རྩིས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་
སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་བཀའ་བློན་ཁྲི་པ་མཆོག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཞིག་བཏོན་ཏེ། ཉེ་ཆར་ཨ་རིའི་སློབ་ཡོན་ལས་གཞིའི་འོག་གི་སློབ་ཕྲུག་ཁག་ཅིག་ལ། ལྡི་ལི་ཨ་རིའི་གཞུང་ཚབ་ཀྱིས་ཐོེངས་ཆེན་སྤྲད་མེད་པར་བཀའ་ཤག་གིས་ཨ་རིའི་གཞུང་དང་འབྲེལ་བ་གནང་སྟེ་སློབ་ཕྲུག་དེ་དག་ལ་ཐོངས་མཆན་རེག་ཐབས་དང་། སྔོན་མ་ཕྱིར་མ་ལོག་པའི་སློབ་ཕྲུག་དེ་དག་ཕྱིར་ལོག་ཐབས་ཀྱི་ལམ་ཁ་འཚོལ་གལ་ཆེ་སྐོར་བཀོད་འདུག་ལ། དེ་ལ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསལ་བཤད་ལན་འདེབས་ཀྱང་གནང་སོང་།

ཐུགས་སྣང་གཞེན་སྐུལ་གྲོས་འཆར་ནང་། དེ་སྔ་ཨ་རིར་སློབ་སྦྱོང་དུ་ཕྱིན་པའི་བོད་མི་ཁག་ཅིག་ལུགས་མཐུན་ཕྱིར་ལོག་མ་བྱས་པའི་དབང་གིས། འདི་ལོར་ཨ་རིའི་གཞུང་ཚབ་ཀྱིས་བོད་པའི་སློབ་ཕྲུག་ཁག་ཅིག་ལ་ཐོངས་མ་མཆན་ (visa)སྤྲད་མེད་སྟབས། བཀའ་ཁྲི་མཆོག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཨ་རིའི་གཞུང་ལ་འབྲེལ་བ་གནང་སྟེ། སློབ་ཕྲུག་དེ་དག་ལ་ཐོངས་མཆན་རག་ཐབས་བྱ་དགོས་སྐོར་བཀོད་འདུག་ལ། དེ་མིན། རྒྱ་གར་ནང་ཕྱི་ལུགས་སྨན་པའི་ལས་རིགས་དང་སྨན་ཞབས་པ་སོགས་ཀྱི་ས་མིག་ཐོབ་རྒྱུར་ཞལ་འདེབས་ཕོན་ཆེན་སྤྲོད་དགོས་པ་དང་། མཐོ་སློབ་ཁག་ཅིག་ནང་རྒྱ་གར་གྱི་མི་སེར་ཡིན་དགོས་པའི་ཆ་རྐྱེན་སོགས་ཀྱིས་བོད་ཕྲུག་མང་པོ་ཞིག་རང་ཉིད་ཀྱི་དམིགས་ཡུལ་ལྟར། ལས་རིགས་དེ་དག་ནང་འཛུལ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ད་ཡོད་ཀྱི་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཐེབས་རྩའི་ཐོག་ད་དུང་ཐབས་འཚོལ་བྱ་རྒྱུ་དང་། རྒྱ་གར་ནང་གི་ཕྱི་ལུགས་གསོ་རིག་མཐོ་སློབ་ཁག་དང་ (IIT) མཐོ་སློབ་ཁག  ཁྱད་ལས་པའི་ལྟེ་གནས་ཁག་མང་པོར་འབྲེལ་ལམ་བཙུགས་ཏེ་དམིགས་བསལ་ས་མིག་ཡོང་ཐབས་དང་། སློབ་ཡོན་ཆག་ཡང་ཡོང་ཐབས་སོགས་ལ་ཐབས་ཤེས་ཡོད་དགུ་གནང་དགོས། ཞེས་བཀོད་འདུག

སྐབས་དེར་བཀའ་ཁྲི་མཆོག་གིས།  “ ཨ་རིའི་བོད་ཀྱི་ཐེབས་རྩ་བརྒྱུད་དེ་བོད་པའི་སློབ་མ་ཚོར་སློབ་ཡོན་ཐོབ་བཞིན་པའི་ཁྲོད་ཉེ་ལམ་སློབ་ཕྲུག་ ༧ ལ་ཐོངས་མཆན་སྤྲད་མེད་པ་གོ་སོང་། དེ་ཡང་གཙོ་བོ།  སྔོན་མ་ང་ཚོའི་སློབ་ཕྲུག་ ༧ ཨ་རིའི་ནང་སློབ་སྦྱོང་དུ་ཕྱིན་སྟེ་ཕྱིར་ལོག་མེད་སྟབས། ཐེངས་འདིར་ཨ་རིའི་གཞུང་ཚབ་ཀྱིས་ཐོངས་མཆན་མ་སྤྲད་པ་ཞིག་ཆགས་འདུག གལ་སྲིད་ཁོང་ཚོ་ཕྱིར་ལོག་པ་ཡིན་ན། འདི་ལོའི་སློབ་ཕྲུག་ཚོར་ཐོངས་མཆན་སྤྲོད་རྒྱུ་ཡིན། ཞེས་བཤད་ཀྱི་འདུག འདི་ལ་བལྟས་ཡོང་ན་ནོར་འཁྲུལ་ང་ཚོའི་ཕྱོགས་ནས་བཟོས་པ་ཞིག་རེད། སྐབས་དེར་ང་རང་ཝ་ཤིན་ཊོན་དུ་ཡོད། ཨ་རིའི་འབྲེལ་ཡོད་ལས་བྱེད་དང་མཉམ་དུ་བཀའ་མོལ་གནང་བ་ཡིན། ཕྱིས་སུ་ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱིས་ང་ལ་ཞལ་པར་དང་གློག་འཕྲིན་སོགས་བརྒྱུད་དེ་འབྲེལ་བ་གནང་སོང་ལ། ཨ་རིའི་འབྲེལ་ཡོད་ལས་ཁུངས་མང་པོས་གང་ཐུབ་ཅི་ཐུབ་གནང་སོང་། ཐོངས་མཆན་སྤྲོད་སའི་སྡེ་ཚན་དེ་ཨ་རིའི་གཞུང་ཚབ་ཀྱི་ཁྱབ་ཁོངས་ཡིན་ཡང་། མཐའ་མའི་ཐག་གཅོད་དེ་ཐོངས་མཆན་སྡེ་ཚན་གྱི་ལག་ཏུ་ཡོད་སྟབས། གོང་རིམ་ནས་དམིགས་བསལ་དབང་ཆ་བཀོལ་བ་ལས་ཐབས་ཤེས་མེད་སྐོར་གསུངས་བྱུང ” ཅེས་དང་།  

ཁོང་གིས་མུ་མཐུད་དུ་ “ ང་ཚོའི་ངོས་ནས་ལྡི་ལི་དོན་གཅོད་བརྒྱུད་ཕྱིར་མ་ལོག་པའི་སློབ་མ་ ༧ གྱི་མིང་དང་ཁ་བྱང་ཐོངས་མཆན་སྤྲོད་མཁན་གྱི་སྡེ་ཚན་ལ་ཕུལ་ཏེ། བོད་ཀྱི་ཐེབས་རྩ་ཚོགས་པ་བརྒྱུད་དེ་མིང་ཐོ་དེ་དག་ཨ་རིའི་ནང་སྲིད་དང་བདེ་སྲུང་ལས་ཁུངས་ལ་ ( Home and security )སྤྲོད་རྒྱུའི་གནས་ཚུལ་འདུག ཉེ་ཆར་ཨ་རིའི་གཞུང་ཚབ་མི་སྣར་མཇལ་སྐབས་ཨ་རིའི་ནང་ཡོད་པའི་སློབ་ཕྲུག་དེ་དག་ཕྱིར་གཏོང་དགོས་པའི་སྐོར་བཤད་ཀྱང་། ཁོང་ཚོའི་ངོས་ནས་དང་པོ་སློབ་ཕྲུག་རྩེ་ཕུད་བདམས་པ་ནས་ཕྱིར་ལོག་རྒྱུ་ཡིན་པའི་ཁས་ལེན་བར་གྱི་ལས་ཀ་ཆ་ཚང་ཁྱེད་ཚོས་བསྒྲུབ་ཡོད་སྟབས། ལས་ཀའི་མཇུག་འབྲས་དེ་ལྟ་བུ་ཞིག་བྱུང་བ་དེ་ང་ཚོ་ཡིན་ཚུལ་བརྗོད་ཀྱི་འདུག གཙོ་བོ་ང་ཚོའི་ངོས་ནས་ནོར་འཁྲུལ་མི་འབྱུང་བ་བྱ་རྒྱུ་གལ་ཆེན་པོ་རེད། མ་འོངས་པར་བཀའ་ཤག་གི་ངོས་ནས་སློབ་མ་ཕར་གཏོང་སྟངས་དང་དོ་དམ་བྱེད་ཕྱོགས་ལ་གང་ཐུབ་ཅི་ཐུབ་བྱ་འཆར་ཡོད། བཀའ་ཤག་ལྷན་རྒྱས་གྲོས་བསྡུར་བྱས་ཏེ་གནད་དོན་དེའི་ཐོག་བསམ་ཞིབ་བྱ་རྒྱུ་ཡིན ” ཞེས་གསལ་བཤད་གནང་སོང་།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧

མཆན། 3

  1. བསོད་འོད says:
    ལོ་ 15 སྔོན།

    རྒྱ་གར་དུ་ཕྱི་ལོག་མ་བྱས་མཁན་སློབ་ཕྲུག་དེ་དག་དང་པོ་ཉིད་ནས་ཁོ་རང་ཚོ་ཨ་རིར་གཏན་སྡོད་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་རེད། ཨ་རིའི་ནང་སྤྱི་སྒེར་གྱི་ཁྲིམས་རྩོད་པ་ཁྲི་སྟོང་མང་པོ་ཡོད་སྟབས་ཁྲིམས་རྩོད་པ་གང་རུང་ཞིག་ལ་འབྲེལ་བ་བྱས་ནས་ཁོ་རང་ཨ་རི་དུ་སྐྱབས་བཅོལ་ཞུ་སྙན་ཞིག་ཁྲིམས་རྩོད་ཞིག་གིས་བདག་པོ་རྒྱག་ཟིན་ན་དེ་ནས་འགྲིག་ཚར་བ་རེད། སྐབས་དེར་ཨ་རིས་གཞུང་གིས་ཀྱང་ཕྱིར་འབུད་བྱེད་རྒྱུར་ལས་སླ་བོ་ཡོད་མ་རེད། ཁྲིམས་ཀྱི་བརྒྱུད་རིམ་ཆ་ཚང་འགྲིམས་ནས་ཐག་བཅད་རྒྱུ་ལས་བོད་ཀྱི་ཐེབས་རྩའམ་བོད་གཞུང་སོགས་ནས་གནོད་ཤུགས་སྤྲོད་ནའང་གྲུབ་འབྲས་ཡོང་ཁག་པོ་རེད། ད་དུང་དེ་ལས་ཟློག་ཏེ་སྐྱབས་བཅོལ་ཞུ་མཁན་ཁོ་རང་ལ་སྐྱབས་བཅོལ་བའི་ཁྲིམས་ལུགས་ཀྱི་སྟེང་ནས་སྲུང་སྐྱབས་ཐོབ་པའི་གོ་སྐབས་ཀྱང་ཡོད་རེད། ངས་དཔེ་མཚོན་ཞིག་ཞུས་ན། ལོ་ཤས་གོང་དེར་རྒྱ་གར་ལྷོ་ཕྱོགས་རྦེཀོབ་གཞིས་ཆགས་ནས་སྒེར་གཉེར་་ཚོགས་པ་ཞིག་ནས་༼ མིང་བརྗོད་ཀྱི་མིང ༽ བོད་གཞས་གཏོང་མཁན་ཁག་གཅིག་ཨ་རི་དང་ཁེ་ན་ཌ་ནང་བསྐོར་སྐྱོད་བྱས་ཡོད། སྐབས་དེར་ཁེ་ན་ཌ་ཁྲོ་རོན་ཀྲོ་ནང་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པ་ཞིག་ནས་འགྲོན་འབོད་ཀྱིས་འདི་གར་འབྱོར་སོང་། ཁྲབ་སྟོན་པའི་གྲས་ནས་མི་གཉིས་འདི་འདིར་ག་སྐྱབས་བཅོལ་ཞུས་ནས་ཕྱི་ལོགས་མ་བྱས་པ་རྟེན་འགོན་བདག་ཚོགས་པ་དེས་དོ་བདག་གཉིས་ན་ཡི་གེ་ཞིག་སྤྲོད་འདུག ཡི་གེའི་དེའི་ནང་དོན་ཚན་ཁག་གཅིག་བཀོད་ཡོད་པའི་ནང་འགྲོན་བདག་ཚོགས་པ་འདི་ཁེ་ན་ཌའི་གཞུང་ལ་ཁྲིམས་མཐུན་དེབ་བསྐྱེལ་ཡོད་པའི་ཆོགས་པ་ཞིག་ཡིན་པ་ར་སྥྲོད་དང་། གལ་སྲིད་དོ་བདག་གཉིས་བཟང་སྤྱོད་ཀྱིས་རྒྱ་གར་དུ་ཕྱི་ལོག་མ་བྱས་ཚེ་འབྲེལ་ཡོད་ཁྲིམས་ཁང་ཁག་ལ་ཞུ་གཏུབ་ཀྱིས་ཕྱིར་འབུད་བྱེད་རྒྱུ་ཡིན་པའི་མཐའ་ཚིག་སྤྲོད་འདུག
    ཡིན་ན་ཡང་མ་བསམ་ས་ནས་ཡིག་ཆ་དེ་ཁོ་རང་གཉིས་སྐྱབས་བཅོལ་ཞུ་རྒྱུའི་མཐུན་རྐྱེན་དུ་གྱུར་ནས་ཉིན་མོ་དེ་ནས་བཟུང་ཁོ་རང་གཉིས་སྐྱབས་བཅོལ་བའི་ཁྲིམས་ལུགས་ཀྱིས་སྲུང་སྐྱབས་བྱེད་ཡུལ་ཁོངས་སུ་འཚུད་ནས་དཀའ་ངལ་གང་ཡང་མེད་པར་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ཚོ་མ་བདེ་བླག་ངང་འགྲུབ་ནས་ད་ལྟའི་འཆར་ཡུལ་མི་ཆགས་ཟིན་པ་རེད།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    དེང་སྙིགས་མ་ལྔ་བདོའི་དུས་འདིར། དངུལ་དང་། རྒྱུ། ཤུག་གསུམ་ཚང་མ་ཚང་བ་ཡིན་ན། ངོ་ཚ་ཟེར་བའི་ནུས་མེད་དེ་ནི་རང་བཞིན་གྱིས་ལྐོག་ཏུ་འགྲོ་གི་འདུག་པས་བོད་པ་ཚོ་གཟབ་རན་འདུག་ད།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    སྔོན་མ་གསར་འགྱུར་གྱི་བུ་མོ་ཞིག་ཡིག་རྒྱུགས་འཕྲོད་ཀྱང་མ་ཕན་པར་དེའི་ཚབ་ཏུ་བུ་ཁྱིམ་གྱི་མི་ཤུགས་རྒྱུ་ཤུགས་ཆེ་མཁན་ཚོའི་བུ་མོ་བཏང་བ་རེད།མ་འོངས་པར་ཨ་རིའི་སློབ་ཡོན་དེ་སྐུ་དྲག་མི་དྲག་གིས་ས་འོག་དར་ཐག་དང་མི་མངོན་པའི་འཆིང་ཐག་འོག་ལ་མི་ཤོར་བའི་ཐབས་ཤེས་བྱ་རོགས་བཀའ་ཤག་དང་འབྲེལ་ཡོད་ཚོ་ལ་རེད་བ་ཡིན།
    དེང་སང་དབང་དང་རྒྱུ་ད་དུང་རྒྱབ་དཔུང་ཡོད་ན་ངོ་ཚ་ཟེར་བ་ཞིག་མེད་པ་ཆགས་ཡོད་པས་ཚང་མས་ཡིད་གཟབ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese