མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་བསླབ་དེབ་གཅིག་གྱུར་བཟོ་རྒྱུ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་ཤིག་གིས་བཀའ་བློན་ཁྲི་པ་མཆོག་ལ་ཕྱི་རྒྱལ་ཁག་གི་བོད་ཕྲུག་ཚོར་གཅིག་གྱུར་བོད་ཡིག་བསླབ་དེབ་ཞིག་བཟོ་གལ་ཆེ་སྐོར་སྙན་སྐུལ་གནང་སོང་།   

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༡༡ པའི་སྔ་དྲོ། གྲོས་འཆར་འདོན་མཁན་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་གཉིས་ཀྱིས་བཀའ་བློན་ཁྲི་པ་མཆོག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཞིག་བཏོན་ཏེ། ཕྱི་རྒྱལ་ཁག་གི་བོད་ཕྲུག་ཚོར་གཅིག་གྱུར་གྱི་བོད་ཡིག་བསླབ་དེབ་ཞིག་བཟོ་གལ་ཆེ་སྐོར་བརྗོད་བྱུང་།

ཐུགས་སྣང་གཞེན་སྐུལ་ནང་། ཤེས་རིག་ལས་ཁུངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་དང་ཡང་སྒོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་ཤེས་ཡོན་སྲིད་བྱུས་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཚན་བོད་སྐད་ལམ་ནས་འཁྲིད་ཐབས་ཡོང་བར་འབད་བརྩོན་གནང་བར་རྗེས་སུ་ཡི་རངས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོར་ས་གནས་སོ་སོའི་ཚོགས་སྡེ་ཁག་ནས་རེས་གཟའ་ཉི་མ་སོགས་སུ་བོད་ཀྱི་སྐད་ཡིག་བརྡ་སྤྲོད་གང་ཐུབ་སློབ་ཁྲིད་གནང་གི་ཡོད་ཀྱང་། གཅིག་གྱུར་ཚད་ལྡན་གྱི་སློབ་དེབ་མེད་པས་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དེ་དག་ལ་དམིགས་ཏེ་སློབ་དེབ་གཅིག་གྱུར་ཚད་ལྡན་ཞིག་གསར་བཟོ་གནང་གལ་ཆེ། ཞེས་བཀོད་འདུག  

སྐབས་དེར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། “ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་སློབ་ཕྲུག་ཚོར་སློབ་དེབ་གཅིག་གྱུར་མེད་པའི་དཀའ་ངལ་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། སྔོན་མ་ཤེས་རིག་ལས་ཁུངས་ཀྱིས་སུད་སི་དང་ཨ་རི་གཙོས་པའི་ས་གནས་ཁག་ཅིག་ཏུ་སློབ་དེབ་ཁག་ཅིག་ཕུལ་འདུག་ལ། དེས་ཕན་ཐོགས་ཏོག་ཙམ་བྱུང་ཡོད་ཀྱི་རེད་བསམ། ཡིན་ནའང་། ས་གནས་ཁག་ཅིག་ནང་སྔོན་མའི་དགེ་རྒན་ཟུར་པ་དེ་འདྲས་དང་བླངས་ཐོག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། གཟའ་ཉི་མར་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད། གནད་དོན་དེའི་ཐད་སྔོན་མ་དོན་གཅོད་ཁག་ལྷན་དུ་འཛོམས་ཏེ་ཚོགས་འདུ་ཁག་ཅིག་ཚོགས་སོང་། ཨ་རིའི་མི་ཤི་ཀཱན་ལྟ་བུར་མཚོན་ན། ༸གོང་ས་མཆོག་དབུ་བཞུགས་སྐབས་གཟའ་ཉི་མ་དང་མཐོ་སློབ་ཁག་ཏུ་བོད་ཡིག་སློབ་མཁན་མཉམ་དུ་འཛོམས་ཏེ། སློབ་ཕྲུག་ཚོར་བོད་ཡིག་དེ་སྐད་ཡིག་གཉིས་པའི་ཐོག་ནས་སློབ་ཁྲིད་བྱས་ཚེ་ཕན་ཐོགས་ཡོད་པའི་གླེང་སློང་བྱུང་སོང་ལ། སྐབས་དེ་ནས་དོན་གཅོད་ཁག་གིས་སློབ་དེབ་བཟོ་བར་འབད་བརྩོན་གནང་གི་འདུག  བཀའ་ཤག་གི་ངོས་ནས་ཀྱང་གནས་ཚུལ་དེ་དག་ལ་རྟོག་ཞིབ་བྱས་རྗེས་ལན་ཕུལ་རྒྱུ་ཡིན། ”ཞེས་གསུངས་བྱུང་།

ཐུགས་སྣང་གཞེན་སྐུལ་གྱི་ལས་རིམ་གྲུབ་རྗེས། བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་དེ་མུ་མཐུད་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 14

  1. gyaltsen says:
    ལོ་ 15 སྔོན།

    (2) སྤྱིའི་དོན་ཐེངས་དང་པོ།
    ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་འབུམ་དེབ་ཕྲེང་༡༧༦ལས
    དེང་སང་དགོན་པ་ཕལ་མོ་ཆེ་ཞིག་གིས་དགོན་པའི་སློབ་གསོ་ལ་ནན་ཏན་ཡེ་ནས་མི་བྱེད་དེ། གྲྭ་ཆུང་རྣམས་རང་རང་གི་ཕ་མས་གྲྭ་རྒན་གཏོ་འདོན་ཤེས་མཁན་རེ་ལ་གཏད་ནས་ལོ་གཅིག་གི་བར་དུ་གཏོ་འདོན་ལུགས་སྦྱོང་། ལོ་གཅིག་གི་རྗེས་ནས་བོད་ཡིག་མཐར་ཕྱིན་པ་ཡིན་ཟེར། མང་པོ་ཞིག་ལ་མི་ཚེ་གཅིག་གིས་རིང་ལ་འདི་ལས་གཞན་པའི་སློབ་སྦྱོང་ཅི་ཡང་མེད་པས་ཞིན་ཏུ་བློ་ཕམ་དགོས་པའི་གནས་ཤིག་རེད། མུ་མཐུད་དུ་འདི་ལྟར་བྱས་ན་དགེ་འདུན་ཐམས་ཅད་གཏོ་འདོན་རྒྱུ་ཙམ་ལས་གཞན་ཅི་ཡང་མི་མཁྱེན་པ་ཤ་སྟག་ཏུ་འགྱུར་བས་སངས་རྒྱས་ཀྱི་བསྟན་ལ་ཉམས་རྒུད་ཚབས་ཆེན་ཐེབས་པར་གདོན་མི་ཟའོ། དཔལ་འབྱོར་བསྒྲུབ་ཡུལ་ཙམ་གྱི་དགོན་པ་དེ་ནི་ཡོད་མེད་ཀྱི་ཁྱད་པར་ཅི་ཡང་མི་འདུག་པས་དགོན་དཔོན་རྣམས་ཀྱིས་ད་ལྟ་ནས་ཐུགས་གཟབ་མཛད་དགོས་པར་སྣང་ངོ།།

    Reply
  2. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    ངས་གོ་ཚོད་ལ་ཤེས་རིག་གིས་དགེ་རྒན་ཞིག་གདན་ཞུས་ཀྱིས་བོད་ཡིག་གི་སློབ་དེབ་གསར་པ་ཞིག་བཟོ་བཞིན་ཡོད་ཚོད་འདུག། ད་བར་ཅི་ཙམ་འགྲུབ་ཡོད་མེད་ཤེས་མ་སོང་། ང་རང་གིས་ཀྱང་ལོ་གཉིས་གོང་དུ་གཞི་རིམ་འཛིན་གྲ་དང་པོ་ནས་གསུམ་པ་བར་གྱི་སློབ་དེབ་ཅིག་བཟོ་ཁུལ་བྱས་ནས་པར་དང་རི་མོའི་ཐད་ནས་དཀའ་ལས་ཀྱང་མང་པོ་རྒྱབ་པ་ཡིན་མོད་འོན་ཀྱང་དཔར་བསྐྲུན་བྱེད་མ་ཐུབ་པར་ད་དུང་གློག་ཀླད་ནང་ལུས་ཡོད། ཐོག་མར་འཛིན་གྲ་ལྔ་བ་བར་བཟོ་རྩིས་ཡིན་ཡང་ དེ་རྗེས་དཔར་བསྐྲུན་ཆ་རྐྱེན་མི་འདུག་པས་མི་མཐུད་བཟོ་རྒྱུ་མཚམས་འཇོག་བྱས་པ་ཡིན། ངའི་རེ་བར་ཤེས་རིག་གིས་སྔར་བས་སྤུས་ཚད་ལེགས་ཤིང་ཕྲུ་གུ་ཚོའི་བློ་དང་འཚམ་པ་ཞིག་གང་མགྱོགས་བཟོ་ཐུབ་པར་སྨོན།

    Reply
  3. གཡུ.དུག་སྦྲང་། says:
    ལོ་ 15 སྔོན།

    གལ་སྲིད་དངོས་གནས་བྱིས་པ་ཚོར་ཕན་པའི་སློབ་དེབ་ཞིག་བསྒྲིགས་འདོད་ན ། སྐུ་མཁྱེན་་་་དབུ་ཅན་སྒང་ནས་བཟོ་རོགས་གནང་ ། དེ་མིན་ན་དབུ་ཅན་དང་དབུ་མེད་མཉམ་ཏུ་ཡོད་པ་ཞིག་བཟོ་རོགས ། འདིའི་དགོས་པ་ཚང་མའི་མཁྱེན་གསལ་རེད ། སྐད་འདི་སུའི་གོ་ན་དཔེ་དེབ་རྩོམ་བསྒྲིག་པར་ཞུ་རོགས །

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ད་ལྟའི་སློབ་དེབ་འདི་དག་སློབ་མའི་གནས་བབས་དང་སྦྱོར་དཀའ་བ། སློབ་མའི་དགའ་ཕྱོགས་འདྲེན་མི་ཐུབ་པ། དེས་རྐྱེན་པས་སློབ་ཚན་ཀུན་ལས་བོད་ཡིག་ལ་དོ་སྣང་ཆུང་བར་གྱུར་འདུག་པས། འགག་རྩ་ཆེན་པོ་འདིའི་ཐད་མནོ་བསམ་ཞིབ་མོ་ཞིག་གཏོང་རྒྱུ་འདུག དཔེར་ན་ཐ་སྙད་ཀྱི་ཚོགས་དང་། བརྗོད་བྱའི་ཚོགས་ལྟ་བུར་ངེས་པར་དུ་བཅོས་བསྒྱུར་གཏོང་དགོས་པ་མང་དུ་འདུག འདིའི་ཐད་བསམ་འཆར་གྱི་རྩོམ་ཐུང་ཞིག་འབྲི་འདོད་ཡོད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ༄༅།།རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བོད་ཡིག་ཡར་རྒྱས་གཏོངརོགས།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཡིག་བསླབ་དེབ་བཟོ་གེ
    བོད་ཡིག་སློབ་དེབ་བཟོ་གེ
    ཡང་ན།
    བོད་ཡིག་ཀློག་དེབ་བཟོ་གེ

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་ཡིག་ཡིན་ན་འདྲ་རྒྱ་ཡིག་ཡིན་ན་འདྲ། དབྱིན་ཡིག་ཡིན་ན་ཡང་འདྲ། སྐད་ཡིག་ཚང་མ་ཐོག་མ་སྦྱོང་དུས་སྐད་དེ་མི་ཤེས་པ་དང་ཡི་གེའི་ནང་དོན་ཆ་ཚང་མ་གཏོགས་པའི་དབང་གིས་ཚིག་གི་གཅོད་མཚམས་ཅུང་ནོར་བ་རེ་ཡོང་ངེས་ངེས་པ་རེད།
    ཡང་གཅིག་བཤད་ན། ཕྱི་གླིང་ན་ཡོད་པའི་བོད་པའི་བྱིས་པ་ཚོ་་བྱིས་པ་གཞན་དག་ལས་དེ་འདྲ་བླུན་ཞིང་རྨོངས་པ་ཞིག་ཡིན་དོན་མེད།

    Reply
  8. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    སློབ་དེབ་གསར་པ་དེའི་ནང་གི་ཐ་སྙད་ཁག་ལ་བར་སྟོང་འཇོག་རོགས་ཞུ། མིང་ཚིག་གི་གཅོད་མཚམས་མི་ཤེས་པ་འདི་ནི་ཕྱི་རྒྱལ་གྱི་བོད་པའི་སློབ་ཕྲུག་ཚོའི་དཀའ་ངལ་ཆེན་པོ་ཞིག་རེད། ངས་ལོ་བདུན་རིང་བོད་པའི་ཕྲུ་གུ་ཨ་རི་ན་ཡོད་པ་ཚོར་བོད་ཡིག་བསླབས་པའི་ཉམས་མྱོང་ཡིན། སྐད་འདི་སུས་གོ་ན་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ལ་གསུང་རོགས་ཞུ།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    མི་ལོ་ལྔ་བཅུའི་ཤེས་ཡོན་འཐུས་ཤོར་ཟེར་བའི་རྙོག་གླེང་ཆེན་པོ་འདི་གཞི་རིམ་གྱི་སློ་དེབ་དང་དགེ་རྒན་ནས་མགོ་བཙུགས་ནས་འཐུས་ཤོར་ཕྱིན་པ་རེད།ཤེས་ཡོན་སྲིད་བྱུས་གསར་པ་བཟོས་ནས་བཟུང་ཅུང་སློབ་དེབ་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད་པས་དེ་མཇུགས་སྐྱོངས་བྱ་དགོས་སྙམ།
    དངོས་གནས་བྱ་ན་ཤེས་རིག་བཀའ་བློན་དེ་བོད་ཀྱི་རིག་གཞུང་ཤེས་པའི་ཆེད་ལས་མཁས་པ་ཞིག་དང།
    ཆོས་རིག་བཀའ་བློན་དེ་ཆོས་བརྒྱུད་གྲུབ་མཐའ་ཆོས་ལུགས་ཀྱི་འགྲོ་སྟངས་ཤེས་མཁན་ཞིག་དགོས་བ་གལ་ཆེ།གནས་ཚུལ་འདི་བཀའ་ཁྲི་ལ་ལོ་ལྔའི་ནང་དུ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་རྒྱུ་རེད།
    བཀའ་བློན་མཆོག་ལ་བོད་ཀྱི་རིག་གཞུང་དང་རྩོམ་རིགས་ལོ་རྒྱུ་ལ་མཁས་པའི་དྲང་ཡིག་ཚད་ལྡན་ཞིག་དགོས་བ་དེ་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་རེད།

    Reply
  10. ཁ་བའི་བུ། says:
    ལོ་ 15 སྔོན།

    ཀུན་དགའ་ལགས་ཀྱིས་གསུངས་པར་ཡི་རངས་ཞུ།

    བོད་ཡིག་གིས་ཕྱོགས་གང་ས་ནས་ཕོངས་བའི་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་འགོ་ཁྲིད་དེ་ཚོར་དང་ཐོག་སློབ་དེབ་གཅིག་བཟོ་དགོས་པ་མ་ཟད། ལས་མཚམས་བཞག་རྗེས་བོད་ཡིག་འབྲི་ཀློག་ཤེས་པའི་ཁར། གཡོང་ཡིག ད་དུང་ཡིག་རིགས་སྣ་ཚོགས་འབྲི་ཐབས་སྦྱོང་དགོས་པ་ཁ་ཡོད་ལག་ཡོད་རང་རེད།
    ངོ་མ་བཤད་ན་བཙན་བྱོལ་བའི་ལས་བྱེད་ཁྲོད་ནས་བརྒྱ་ཆ་དགུ་བཅུས་བོད་ཡིག་གི་གཏོང་ཡིག་འབྲི་མི་ཐུབ་མ་མ་ཟད། གཞན་གྱིས་བྲིས་པར་ཡང་གོ་དཀའ་ཞིང་ཀློག་དཀའ་བས་དཀའ་ངལ་ཡོད་པ་དངོས་བདེན་རེད།

    Reply
  11. sangkye says:
    ལོ་ 15 སྔོན།

    སློབ་དེབ་གཅིག་གྱུར་བཟོ་བ་དེ་ངའི་རྗེས་སུ་ཡི་རིང་བྱེད་གྱི་ཡོད། ང་ཚོའི་བོད་ཡིག་ལ་ཐིགས་ཁུར་ཆེ་བཞེས་བྱེད་དགོས་པ་གལ་ཆེན་རེད། བོད་ནས་གསར་་འབྱོར་ཏུ་སླེབ་མཁན་ཚོ་མ་རྟོག་བོད་ཡིག་ཡག་པོ་ཡོད་ས་བཙན་བྱོལ་ནང་བོད་པ་གཞི་ཆགས་ཚངས་ལ་མེད་པ་ངའི་མཐོང་སོང། དཔེར་ན་ང་ཚོའི་བཀའ་བློན་ཁྲི་བ་ལགས་ལ་བོད་ཡིག་སྐྱོ་བ་རེད་། བོད་ཡིན་པའི་ཆ་ནས་ཧ་ཅིང་སྐྱོ་བོ་རེད་བཀའ་ཁྲི་ལགས། ངའི་ཚིག་འདི་དྲངས་མོ་ཡིན། ང་དྲངས་བདེན་བཤད་རྒྱུ་དགའ་བཀའ་ཁྲི་ལགས།

    Reply
  12. ཀུན་དགའ། says:
    ལོ་ 15 སྔོན།

    ངས་བལྟས་ན་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་སློབ་དེབ་གཅིག་གྱུར་གལ་ཆེ་པར་མ་ཟད། བཀའ་ཁྲི་གཙོ་བྱས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ཆེད་དམིགས་སྟབས་བདེའི་བོད་ཡིག་སློབ་དེབ་ཅིག་བཟོ་བ་དེ་ལས་གལ་ཆེ་བར་མཐོང་། དེ་ཡང་བཟོས་བ་ཙམ་དུ་མ་ཟད་གངས་ཅན་སྐྱིད་གཞུང་གཙོ་བྱས་བཙན་བྱོལ་གྱི་གཞུང་དང་ལྷན་ཁང་ཁག་ནས་བོད་ཡིག་བེད་སྤྱོད་གཏོང་དགོས་པ་ཡང་དེ་ལས་གལ་ཆེ་བར་མཐོང་ངོ་།།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སློབ་དེབ་གཅིག་གྱུར་བཟོ་རྒྱུ་ལས་སླ་ཡང་སློབ་ཁྲིད་དངོས་རྒྱུན་སྐྱོང་གིས་གྲུབ་འབྲས་ལོན་རྒྱུ་ཧ་ཅང་དཀའ། ངས་མི་ཤེས་པ་ནི་རྒྱ་གར་ནང་གི་གཅིག་གྱུར་གྱི་སློབ་དེབ་འདི་དག་གིས་ཕྱི་རྒྱལ་སློབ་ཕྲུག་ཚོར་གོ་མི་ཆོད་དོན་ཅི་ཡིན་ནམ། ཁོ་ཚོར་འདི་ལས་ཀྱང་ཧ་ཅང་སྟབས་བདེ་བ་ཤེས་སླ་བ། ཆ་ཚང་བ་ཞིག་དགོས་ཀྱི་ཡོད་དམ།
    ང་ཚོའི་སློབ་གླིང་གི་ཕྱི་རྒྱལ་མི་རིགས་ཀྱི་བོད་ཡིག་སློབ་དེབ་འདི་ཡང་འཚམས་པ་འདྲ།

    Reply
  14. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    སློབ་དེབ་གཅིག་གྱུར་ཡོང་རྒྱུ་འདི་གནད་དོན་ཞིག་རེད་དེ། ངས་བསམ་ན་སློབ་གྲྭ་ཁག་གི་སློབ་དེབ་བསྐྱར་བཅོས་བྱས་ན་གང་འདྲ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese