མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཁྱི་སྨྱོན་གྱི་ཉིན་མོ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་བདེ་རྩ་ཚོགས་པས་རྒྱལ་སྤྱིའི་རེབྷིས (Rabies day) ཉིན་མོ་སྲུང་གཙི་དང་འབྲེལ། ངྷ་སའི་བོད་མིའི་སྒོ་ཁྱི་སྐོར་ཞིག་ལ་རིན་མེད་ཐོག་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་ཟེར།    

ཕྱི་ཟླ་ ༩ པའི་ཚེས་ ༢༨ ཉིན་ནི་རྒྱལ་སྤྱིའི་རེབྷིས (Rabies day) ཉིན་མོའམ་ཁྱི་སྨྱོན་ནད་གཞིའི་ཉིན་མོ་ཆགས་ཡོད་པ་བཞིན། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་ངྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པ (Tibet charity)རུ། ངྷ་སར་གནས་སྡོད་བོད་རིགས་སེར་སྐྱ་མང་ཚོགས་ ༥༠ ཙམ་འདུ་འཛོམས་ཐོག འཛམ་གླིང་ཁྱི་སྨྱོན་ནད་གཞིའི་ཉིན་མོ་དེ་སྲུང་གཙི་བྱས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་གཞུང་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་རྡོ་རྗེ། དེ་བཞིན་ངྷ་ས་ཁུལ་གྱི་རྒྱ་གར་ཡུལ་མིའི་སྨན་པ་ཁག་ཅིག་བཅས་གདན་ཞུ་གནང་འདུག

མཛད་སྒོའི་ཐོག་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས། ཚོགས་པ་འདི་ཐོག་མར་ གསར་འཛུགས་གནང་དགོས་དོན་དང་བར་དུ་འཛུགས་སྟངས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་སྟེ། ཚོགས་པ་འདིས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་སློབ་སྦྱོང་དང་འཕྲོད་བསྟེན་ལྟ་སྐྱོང་། སྤྱི་ཚོགས་ཞབས་ཞུའི་ལས་དོན་བཅས་སྒྲུབ་བཞིན་པའི་ཁྲོད་ནས། ཁྱི་སྨྱོན་ནད་གཞིའི་ཐོག་དམིགས་བསལ་རྐང་འགན་འཁུར་ཏེ། འདས་པའི་ལོ་ ༣ ཙམ་རིང་ལོ་རེར་ངྷ་སའི་ཉེ་འཁོར་གྱི་ཁྱི་ ༨༠༠ ཙམ་རེ་ལ་འགོག་སྨན་དང་གཤག་བཅོས་བྱས་ཡོད་སྐོར་དང་། མཛད་སྒོ་འདི་དང་བསྟུན་ཏེ་མ་འོངས་པའི་ཉིན་བཅུའི་ནང་ངྷ་ས་དང་ཧི་མ་ཅལ་མངའ་སྡེའི་ས་གནས་གཞན་ཁག་ཏུ་ཁྱི་ ༡༠༠༠ ཙམ་ལ་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་ཚུལ་བརྗོད་སོང་།

དེ་བཞིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཁྱི་སྨྱོན་གནས་སྟངས་སྐོར་ལ་ཚེ་རིང་དོན་གྲུབ་ལགས་ཀྱིས་  “ ང་ཚོ་ཚང་མའི་འབད་བརྩོན་ལ་བརྟེན་ནས་ད་ཆར་བཙན་བྱོལ་སྤྱི་ཚོགས་ནང་ཁྱི་སྨོན་ཀྱི་ཉེན་ཁ་མེད་ལབ་ན་འགྲིག་གི་ཡོད་ ” ཅེས་བརྗོད་སོང་ལ། དེའི་ཐད་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་ལགས་ཀྱིས་ཀྱང་། “ འདས་པའི་ལོ་ཤས་ནས་བདེ་ལེགས་སྨན་ཁང་དུ་ཁྱི་སྨྱོན་གྱིས་སོ་བརྒྱབ་སྟེ་ཡོང་མཁན་དེ་འདྲ་གང་ཡང་བྱུང་མེད་སྟབས། ང་ཚོའི་སྤྱི་ཚོགས་ནང་ཁྱི་སྨྱོན་མེད་པ་ར་འཕྲོད་གསལ་པོ་ཆགས་པ་རེད ” ཅེས་བརྗོད་བྱུང་།

བོད་ཀྱི་བདེ་རྩ་ཚོགས་པ་འདི་ནི་ ༡༩༩༧ ལོར་ཡུ་རོབ་ཌན་མག་ཏུ་གསར་དུ་བཙུགས་ཤིང་། ༢༠༠༥ ལོར་རྒྱ་གར་དུ་གནས་སྤོར་བྱས་པ་ཞིག་རེད། ད་ཆར་ཚོགས་པ་འདིར་ཁྱོན་ལས་བྱེད་ ༡༤ ཙམ་ཡོད་པའི་ནང་མང་ཆེ་བ་ན་གཞོན་བུད་མེད་ཤ་སྟག་ཡིན་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༡༢ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

མཆན། 3

  1. བདེན་གཏམ། says:
    ལོ་ 15 སྔོན།

    ཁྱི་སྨྱོན་གྱི་ཉིན་མོ་དེ་དང་སྟབས་སྟུན་ནས་ཝར་ཎའི་གྲྭ་བཙུན་དགའ་རོགས་སྒྲིག་མཁན་དེ་ཚོའི་རྐུབ་ལ་རྩ་སྨྱོན་གི་ཁབ་རེ་རྒྱབ་ཐུབ་ན་ཡག་པོ་འདུག

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    དེ་ཉིན་ང་ལ་གྲོགས་པོ་ཞིག་གིས་བྱེད་སྒོ་དེ་འདྲ་ཞིག་ཡོད་སྐོར་བརྗོད་བྱུང་ཡང་འགྲོ་ཁོམས་མ་བྱུང་། ད་ལྟ་བསམ་བློ་གཏང་དུས་དངོས་གནས་ཕམ་དགོས་པ་ཞིག་རེད་འདུག་གང་ཡིན་ཟེར་ན་ང་ནི་གྲ་པ་ཞིག་ཡིན་ཡང་ཁོང་རྣམས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དེ་ལྟ་བུར་ངས་རོགས་གང་ཡང་བྱས་མེད་ལ་ལྟ་རུ་ཡང་ཕྱིན་མེད་།

    Reply
  3. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    ཚེ་སྲོག་ལ་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ན་ཤིན་ཏུ་ལེགས་པས། ཁྱི་སྨྱོན་དུས་དྲན་ལ་ཞུགས་མཁན་ཚོར་སྙིང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese