མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཀྱི་རེ་བ་བརླག་ན་རང་ཤི་རྒྱག་རྒྱུ་དྲན་ཡོང་།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་༧གོང་ས་མཆོག་གིས་ངྷ་སར་ཐེ་ཝན་གྱི་ཆོས་ཞུ་བ་ ༩༠༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༥༧ ཙམ་གྱི་ཆོས་ཞུ་བ་ ༥༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་བཀའ་ཁྲིད་གནང་མགོ་བཙུགས་ཡོད།

དེ་རིང་ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། ༧གོང་ས་མཆོག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐེ་ཝན་གྱི་ཆོས་ཞུ་བ་ ༩༠༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༥༧ ཙམ་གྱི་དོན་གཉེར་བ་ ༡༢༥༠ དང་། དེ་བཞིན་ངྷ་ས་ཁུལ་གྱི་བོད་རིགས་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ ༥༥༠༠ ལྷག་ལ། དུས་ཡུན་ཉིན་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་༼ ཆོས་དབྱིངས་བསྟོད་པ་ ༽བཀའ་ཁྲིད་གནང་མགོ་བཙུགས་ཡོད་སོང་།

གསུང་ཆོས་ཀྱི་དངོས་གཞི་དབུ་འཛུགས་མ་གནང་གོང་༧གོང་ས་མཆོག་གིས་མང་ཚོགས་ལ་ནང་ཆོས་སྤྲོད་དང་འབྲེལ་ནས་གསུངས་དོན།  “ ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། བཅོམ་ལྡན་འདས་ཀྱིས་ཡོངས་གྲགས་བདེན་བཞིའི་ཆོས་འཁོར་བསྐོར་བ་དེ་པཱ་ལིའི་སྐད་ནང་ཡོད་པ་རེད། མདོ་སྡེ་དགོངས་འགྲེལ་གྱི་ཐ་སྙད་འཇུག་ཚུལ་ལྟར་བྱས་ན། ཐར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་བ་གཅིག་དང་། ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་ཟེར་བ་གཅིག་གསུངས་ཡོད་ལ། དེ་གཉིས་པོ་ལེགས་སྦྱར་གྱི་སྐད་ནང་གསུངས་ཡོད་པ་རེད། དེ་ནས་རིམ་བཞིན་འབར་མ་དང་ཐེ་ལན་ཊི། ཤྲིར་ལིང་ག་རྣམས་ནི་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཆགས་པ་རེད། རྒྱ་ནག་དང་ཝེ་ཊི་ནམ། ཀོ་རི་ཡ། ཉི་ཧོང་། བོད་བཅས་ནི་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཆགས་པ་རེད། གོ་རིམ་སྒྲིག་པ་ཡིན་ན། བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད་ལ། ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ནང་རྒྱ་རིགས་ཚོ་དགེ་ཕྲུག་རྒན་པ་ཆགས་ཡོད། བོད་ཀྱི་ནང་པ་ཚོ་དགེ་ཕྲུག་གཞོན་པ་ཆགས་ཡོད། འདུལ་བའི་ནང་ཡོད་པ་བཞིན་བསླབ་པ་རྒན་པར་བསླབ་པ་གཞོན་པས་ལྟོས་དགོས་དུས། རྒྱ་རིགས་ཆོས་གྲོགས་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཡིན་པའི་ཆ་ནས་ཁྱེད་ཚོར་གུས་འདུད་ཡོད་ ” ཅེས་གསུངས་སོང་།  

༧གོང་ས་མཆོག་གིས་འཛམ་གླིང་ཆོས་ལུགས་ཁག་གིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་བཞིན་པའི་ཐད་ལ།  “ འཛམ་གླིང་ཆོས་ལུགས་ཁག་ནི། མིའི་སེམས་ལ་རེ་བ་དང་བདེ་སྐྱིད་སྐྲུན་མཁན་ཆགས་ཡོད་པ་རེད། མིའི་མི་ཚེའི་ནང་རེ་བ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། རེ་བ་དེ་བརླག་པ་ཡིན་ན། རང་ཤི་བརྒྱག་རྒྱུའི་བསམ་བློ་འཁོར་ཡོང་གི་རེད་ལ། སྐབས་རེར་རང་ཤི་རྒྱག་མཁན་ཡང་ཡོང་གི་ཡོད། སེམས་འཁྲུག་ནས་སྡོད་དགོས་ཀྱི་ཡོད་པ་རེད། སེམས་ལ་རྙོག་དྲ་ག་ཚོད་ཡོད་ནའང་རེ་བ་ཞིག་ཡོད་ན། མི་འཚོ་གནས་ཐུབ་རྒྱུར་ཕན་ཐོགས་ཡོང་གི་ཡོད། མིའི་སེམས་ལ་བློ་འཇོག་ས་ལྟ་བུ་ཡོང་གི་རེད། བྱེད་ལས་དེ་ཆོས་ལུགས་ཚང་མར་ཡོད་པ་ཞིག་རེད། ལོ་ངོ་བཞི་སྟོང་གོང་ལ་སྤྱི་ཚོགས་ནང་ཆོས་ལུགས་ཟེར་བ་ཞིག་བྱུང་སྟེ། མིའི་སྤྱི་ཚོགས་ནང་དཀའ་ངལ་ཡོད་པའི་སྐབས་ལ། སོ་སོས་ཐབས་ཤེས་འཐེན་རྒྱུར་རེ་བ་བྲལ་བའི་མཚམས་ལ་བསླེབ་ན། ལྷ་ཡོད་པ་རེད་ཟེར་བ་དང་དཀོན་མཆོག་ཡོད་པ་རེད་ཟེར་བའི་རེ་བ་རྒྱག་ས་ཞིག་ཡོང་གི་ཡོད། ད་ལྟ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་པ་རེད། དུས་རབས་འདིར་ཕྱིའི་དངོས་པོའི་མཐུན་རྐྱེན་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་ཀྱང་། མི་མང་པོ་ཞིག་ལ་ཕྱིའི་དངོས་པོའི་མཐུན་རྐྱེན་གྱིས་དཀའ་ངལ་སེལ་མ་ཐུབ་པར་སེམས་བསྔལ་གྱིས་ཁེངས་ཡོད། སེམས་ཀྱི་དཀའ་ངལ་སེལ་རྒྱུར་བློ་འཇོག་ས་ཞིག་དགོས་དུས། དུས་རབས་ཉེར་གཅིག་ནང་དུའང་རིས་སུ་མ་ཆད་པའི་ཆོས་ལུགས་དེ་དག་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད ” ཅེས་གསུངས།  

མཐའ་མར་༧གོང་ས་མཆོག་གིས་ཆོས་ལུགས་ཀྱི་རྣམ་གཞག་མི་གཅིག་ནའང་ཚང་མར་ནུས་པ་གཅིག་མཚུངས་ཡོད་པའི་ཐོག་ལ།  “ ཆོས་ལུགས་ཁག་མང་པོ་ཡོད་པ་དེ་དག་སྡེ་ཚན་གཉིས་སུ་དབྱེ་ན། ལྷ་དང་ཀླུ་གསོལ་མཁན་གྱི་གྲས་དེ་ཚོར་ལྟ་གྲུབ་ཡོད་པ་མ་རེད། ལྟ་གྲུབ་ཡོད་མཁན་གྲས་སུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་སྡེ་ཚན་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་སྡེ་ཚན་གཅིག་ཡོད་པ་རེད། ཡེ་ཤུ་དང་ཧིན་དུ། ཁ་ཆེ། ཇེའུ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད་པ་རེད། གྲངས་ཅན་ལྷག་མེད་པ་དང་གཅེར་བུ་བ། སངས་རྒྱས་པ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད་པ་མ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་སེམས་ལ་བདེ་སྐྱིད་སྤྲོད་སྟངས་གང་འདྲ་རེད་ཟེར་ན། ཐམས་ཅན་འཇིག་རྟེན་བཀོད་པ་པོས་བྱས་པ་རེད་ཟེར་བ་དང་། འཇིག་རྟེན་བཀོད་པ་པོ་མཁྱེན་དཔྱོད་ནུས་པ་མཐར་ཐུག་པ་དང་བརྩེ་བ་བདག་ཉིད་མཐར་ཐུག་པ་རེད་ཟེར་གྱི་ཡོད། དེ་ཡིན་དུས་འཇིག་རྟེན་བཀོད་པ་པོར་རྩེ་གཅིག་གིས་ཡིད་ཆེས་དང་དད་མོས་བྱས་ན། རེ་བ་ཞིག་བསླེབ་ཡོང་གི་ཡོད་པ་རེད། ཕྱོགས་གཞན་ནས་བཤད་ན། རང་ཉིད་འཇིག་རྟེན་བཀོད་པ་པོས་ཐད་ཀར་བཀོད་པ་ཡིན་དུས། ཐམས་ཅད་དཀོན་མཆོག་ལ་དབང་གི་རེད་ཟེར་བའི་སྐབས་ལ། ནང་པའི་གཞུང་ནས་བཤད་པའི་ངར་འཛིན་གྱི་བློ་དེ་ཏོག་ཙམ་ཆུང་དུ་འགྲོ་བཞིན་ཡོད། དེའི་ཐོག་ནས་ཏན་ཏན་གཞན་ལ་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་ཡོང་གི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ནང་ནས། སངས་རྒྱས་པའི་ཆོས་ཀྱི་བདག་ཟེར་བ་དེ། ཕུང་པོ་ལས་དོན་གཞན་པའམ་ཕུང་པོ་ལ་དབང་བསྒྱུར་མཁན་གྱི་བདག་དེ་འགྱུར་བའི་རང་བཞིན་མེད་བསྡད་མཁན་ཞིག་ལ་ཟེར་གྱི་ཡོད ” ཅེས་གསུངས་བྱུང་།   

ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་དེ་རྒྱ་སྐད་གཙོས་པའི་སྐད་རིགས་མི་འདྲ་དྲུག་ནང་ཐད་བསྒྱུར་གནང་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 22

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཙན་པོའི་བུ་ཟེར་བ་ལགས། སྐད་ཆ་ཡང་བཙན་སེ་ཞིག་བཤད་འདུག་ར། “་་རྒྱུ་མཚན་སྟོན་པའི་བཤད་སྒྲ་ཡང་ལེགས་པོ་ཞིག་སྦྱོར་ཚུལ་མི་ཤེས་ན།” འདི་ངས་ངོ་མ་ཅིག་མི་ཤེས་གི་་སློབ་ཁྲིད་ཅིག་གནང་རོགས།
    ངས་བཤད་པ་དག་གི་ནང་ན་ནོར་བ་ད་ལོས་ཡོད་མོད། དེ་རིང་བཤད་ནོའི་ནང་ན་གང་ནོར་སོང་བ་དེ་གསལ་བཤད་ཅིག་གནང་རོགས།

    Reply
  2. རྭ་ལོ། says:
    ལོ་ 14 སྔོན།

    གཡུ་དུག་སྦྲང་། ཁྱོད་སྙིང་རྗེ། ཆེན་པོ་ཞིག་གོ་སོང་མདོག་མདོག་བྟས་ནས། དུས་ནམ་ཡང་༧གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་འཚོལ་རྒྱུ་མ་བྱུང་བས། ཁྱོད་འདྲ་བོ་སྐྱག་འབུ་ཞིག་གིས་ང་རྭ་ལོ་དང་རྒྱལ་བ་རིན་པོ་ཚང་བར་གྱི་དད་པ་དམ་ཚིག་གི་བར་ལ་འགལ་བ་འཕེན་འདོད་རུང་འཕེན་ཐུབ་གི་མ་རེད། རིག་གསར་སྐབས་ཀྱི་བྱིས་པ་ཀླད་མེད་ཚོ་ནང་བཞིན། ཁྱོད་ཚོའི་སྐོར་ཞིག་གིས་ག་དུས་ཡིན་རུང་དར་ཆ་རེ་ཨེ་རག་བལྟས་བསྡད་ཡོད་པ་ངས་ཤེས་ཡོད། རང་གི་མི་རིགས་ལ་ཕན་སེམས་དང་རྒྱལ་བ་རིན་པོ་ཆེར་དད་པ་གཙང་མ་ཞིག་ཡོད་པ་བདེན་ན་ཁ་ཁོག་དང་གཡོ་ཟོལ་མེད་པར་ཡར་ཞུས་དང་ཕན་ལས་གནོད་ལ་འགྱུར་གི་མ་རེད། གཡོ་སྒྱུ་དང་ངོ་ལྐོག་གཉིས་སུ་གྱུར་བ་འགའ་ཞིག་གིས་ལོ་མང་པོའི་རིང་རྒྱལ་བ་རིན་པོ་ཆེ་ཚང་གི་མཚན་གནས་འདི་དར་ཆ་རུ་ཕྱར་ནས་ཉམས་ཆུང་བོད་མི་མང་པོ་ཞིག་གི་སྟེང་ལ་རྒྱུགས་པ་རེད། ཁོང་ཚོས་རྒྱལ་བ་རིན་པོ་ཆེར་སྲུང་སྐྱོབ་བྱེད་གི་ཡོད་མདོག་མདོག་བྱས་ནས་ཡང་དང་བསྐྱར་དུ་དོན་དག་མང་པོ་ཆུད་ཟས་སུ་བཏང་བ་རེད། ཁ་སང་དེ་རིང་དཀར་མཛེས་སུ་སླར་ཡང་ཡར་ལངས་དང་ངོ་རྒོལ་བྱེད་གིན་ཡོད་པ་རེད་དེ། སྐྱག་འབུ་འདི་དག་གིས་གནས་ཚུལ་འདི་ཙམ་ཡང་ཡར་སྐྱེལ་བར་བཀག་འགོག་བྱེད་གིན་འདུག ཁྱོད་ཚོར་གཟའ་ཕོག་ཡོད་པ་མ་རེད་དམ།

    Reply
  3. གཡུ.དུག་སྦྲང་། says:
    ལོ་ 14 སྔོན།

    གློས་རྒན་འགྱུར་བསྟན
    གོང་ན་བླ་མས་ཆོས་གསུང་དུས་འོག་ནས་ཁྱི་མོས་ཧོས་མ་འདེབས་ལོ

    Reply
  4. གཡུ.དུག་སྦྲང་། says:
    ལོ་ 14 སྔོན།

    འགྱུར་བསྟན་དང་རྭ་ལོར་བཤད་རྒྱུར ། སྤྱིར་ཁྱེད་གཉིས་ཀྱི་སུ་ཡིན་ནའང་སྐུ་མདུན་གྱི་བཀའ་སློབ་ལ་གོ་བ་ལེན་ཤེས་ཀྱི་མི་འདུག ། ༧གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་རྐྱང་རྐྱང་བཙལ་ནས་ཉི་མ་གཏོང་མཁན་ཁྱོད་ཚོར་དོན་ངོ་མའི་ཅི་ཞིག་དགོས་ཀྱི་ཡོད ། གོང་ནས་བླ་མའི་ཆོས་གསུང་ན་འོག་ནས་ཁྱི་མོས་ཧོས་བཏབས་ཟེར་བ་རང་རེད །

    Reply
  5. རྭ་ལོ། says:
    ལོ་ 14 སྔོན།

    དགེ་རྒན་ལྷ་མོ་སྐྱབས་ལགས་ཀྱི་དགོངས་ཚུལ་དེར་འགལ་བ་འདྲ་མཐོང་མ་སོང་། ཁོང་གི་སྐད་ཆ་དེ་བསམ་བློའི་ཚད་གཞི་ངེས་ཅན་ཞིག་ནས་ཡོངཙགི་ཡོད་པ་འདྲ།

    གཙོ་བོ་དེང་སྐབས་ནང་ཁུལ་ན་ཚུར་རྒོལ་བྱེད་མཁན་མང་དྲག་པ་དེས་ཞེ་དྲག་གནོད་གི་འདུག རྒྱ་རྒན་ཚོས་བོད་ཀྱི་འབྲོག་ཕྲུག་ཚོ་གསོད་གི་ཡོད་པ་རེད། རོང་ཕྲུག་ཚོར་གཉོག་གི་ཡོད་པ་རེད། ད་དུང་སྔ་ཕྱི་བྱས་ནས་རྒྱུག་གི་ཡོད་པ་རེད། ད་སྐབས་ངྷ་ས་ན་ཉི་མ་དྲོ་བའི་ཁར། ཁོང་རིགས་ཀྱི་སྐྱབས་འོག་ནས་ད་སྐབས་ཚུར་ལ་རྒོལ་མཁན་ཇེ་མང་རེད། སེམས་ཀྱིས་མ་བཟོད་པར་སྡུག་སྐད་བརྒྱབ་དུས། མི་དེ་ཚོས་ཕྱིར་ཁྲེལ་དགོད་དང་བཅས། ཁ་ཚུམས། ཁ་ཚུམས། ཁ་ཚུམས་ཟེར་གི་འདུག མི་རེ་རེ་བཞིན་མེ་རུ་འབར་དུས་ད་དུང་ཁ་བཙུམས་ནས་འདུག་དགོས་པ་འདྲ། ཡར་སྐྱབས་འཇུག་ཞུ་སའི་ལམ་ཁ་ཡང་འགོག་གི་འདུག

    Reply
  6. རིན་འཕེལ། says:
    ལོ་ 14 སྔོན།

    བཀུར་འོས་དྲ་གྲོགས་གང་མང་ཞིག་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་ཐུགས་ཁུར་གནང་སྟེ་དགོངས་ཚུལ་བཏོན་པ་ཙམ་གྱིས་གཟི་བརྗོད་རེད། ཡང་ཁ་ནས་གང་བྱུང་བཤད་པའི་གྲུབ་འབྲས་ཐོན་ཁག་པོ་མིན་འགྲོ། དེ་ལས་རང་ཉིད་ལས་འགོ་བཟུང་ནས་གདུང་སེམས་མཉམ་སྐྱེད་ག་འདྲ་བྱས་ནས་ལས་འགུལ་སྤེལ་ན་ལེགས་མིན་གྱིས་འཆར་འགོད་དང་མི་མང་གི་མདུན་དུ་དངོས་སུ་ཕེབས་ནས་སྣེ་འཁྲིད་གནང་ན་ཁ་ཚ་དགོས་གཏུགས་རེད། དེ་འདྲ་གནང་མི་ཐུབ་ན་རྒྱུན་དུ་གཞན་ལ་ཁ་རྐྱང་རྐྱང་བཏང་ནས་ཕན་ཐོག་ཅིག་ཡོང་ངམ།.

    Reply
  7. གཉའ་འབྲོང་ཐུ་བུ། says:
    ལོ་ 14 སྔོན།

    ༼འཁོར་བསྐོར་བ་དེ་པཱ་ལིའི་སྐད་ནང་ཡོད་པ་རེད། མདོ་སྡེ་དགོངས་འགྲེལ་གྱི་ཐ་སྙད་འཇུག་ཚུལ་ལྟར་བྱས་ན། ཐར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་བ་གཅིག་དང་། ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་ཟེར་བ་གཅིག་གསུངས་ཡོད་ལ༽

    གསར་འགོད་པ་ལགས། ཁྱེད་ཀྱིས་ཡང་བསྐྱར་བཀའ་སློབ་དེར་ཉོན་ཅིག གོང་གི་ཚིག་དུམ་འདིའི་སྐབས་ཁོང་གིས་མདོ་སྡེ་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་གསུང་གིན་ཡོད་པ་རེད། ཐར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཟེར་བ་གཅིག་ཡོད་པ་མ་རེད།
    རྗེ་བླ་མའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། རྒྱ་ནག་གི་འགྲེལ་ཆེན་ལས། མི་མངོན་པའི་རྣམ་པས་ཞེས་ཀྱང་འབྱུང་ལ་དེའི་དོན་ཡོད་པ་མཁྱུད་པ་ལ་བཤད་དོ། །འགྱུར་ནི་དེ་ལེགས་ལ་དོན་ནི་འཁོར་ལོ་ཕྱི་མ་གཉིས་བརྗོད་བྱ་ངོ་བོ་ཉིད་མེད་པ་ལས་བརྩམས་ནས་སྟོན་པར་འདྲ་བ་ལ་སྟོན་ཚུལ་གྱི་ཁྱད་པར་ནི་བར་པས་ངོ་བོ་ཉིད་ཡོད་མེད་སྔར་ལྟར་མ་ཕྱེ་བས་མི་མངོན་པའི་རྣམ་པས་ཞེས་གསུངས་ལ་ཐ་མས་ཕྱེ་བས་ལེགས་པར་རྣམ་པར་ཕྱེ་བ་ཞེས་གསུངས་སོ། །ཞེས་པ་ལྟར་ཡིན་པས་ཡིག་ནོར་དང་དོན་ནོར་གཉིས་ཀ་འདུག་པས་བཅོས་གལ་ཆེ་ཞིང་གཟབ་རྒྱུ་ཡང་གལ་ཆེ།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ནང་གི་རང་ལུས་མེར་བསྲེགས་མཁན་འདི་ཚོས་རྒྱལ་བ་རིན་པོ་ཆེས་རེ་བ་བཟང་ས་ནས་བརྒྱབ་གྲྭ་སྒྲིག་སྡུག་ས་ནས་གྱིས་སོགས་གསུངས་པའི་དོ་དེ།
    རེ་བ་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ལ་བརྒྱབ་གཞིས་བྱས་ལྷན་འཛོམ་བརྒྱབ།
    ་
    གྲ་སྒྲིག་སྡུག་ས་ནས་གྱིས་གསུངས་པ་འདི་བོད་བདེན་པའི་འཐབ་རྩོད་ཀྱི་དོན་དུ་ཡོད་ཚད་བློས་བཏང་གྱིས་ནས་རང་ལུས་མེ་ལ་བསྲེགས་ཕོད་ན་ཡང་བསྲེགས་ཅེས་པ་ཞིག་གོ་མིན་འགྲོ།

    ཆབ་བྲག་གུ་དོགས་འདི་འདྲ་ཞིག་ཡིན་བསམ་མྱོང་མེད།

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    ཡག་པོ་པེ་རེད། བོད་པས་ཀྱང་མཐའ་མའི་དམིགས་རྟེན་བོད་གཞུང་ཡང་བསྐྱལ་དུ་བཅུག་ཟིན་པས། རང་ཤི་རྒྱག་རྒྱུ་མ་གཏོགས་ལྷག་ཡོད་པ་མ་རེད། ཚང་མས་མགོ་ཚོས་དགོས་པའང་འདི་རེད།

    Reply
  10. བཙན་པོའི་བུ། says:
    ལོ་ 14 སྔོན།

    སྐད་ཆ་འདི་ཆབ་བྲག་མིང་ཅན་དེར་བཤད་པ་ཡིན།
    ཆབ་བྲག་མིང་ཅན་པ་ལགས། ངས་སྔ་མོ་ཞིག་ནས་ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་པར་ཉན་ཡོད་ལ། དེ་བཞིན་མཚམས་རེར་དགེ་སློབ་ཀྱི་འབྲེལ་བ་ཡང་བྱུང་མྱོང་མོད། འོན་ཀྱང་། འདི་ལྟར་ཞིབ་ཏུ་བསམ་བློ་བཏང་ཡོང་དུས། ཁྱེད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱིན་པ་ཡང་ཤེས་མེད་པ་འདྲ། རྗེས་ཕྱོགས་སྐད་ཆ་ཅི་ཞིག་བཤད་ཀྱང་། སྔ་གཞུག་ཀུན་ལ་བསམ་བློང་གཏོང་བཞིན་བཤད་རོགས། ཅིག་བྱས་ན་ཁྱོད་ལ་ཡང་ང་རྒྱལ་དང་རློམ་སེམས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་གནས་ལུགས་བརྗོད་པའི་སྐལ་བཟང་རེ་འཆར་ངེས། ནན་གྱིས་བཤད་རྒྱུར། ཁྱེད་ཅག་བོད་ཡིག་ཤེས་མཁན་ཡིན་ཟེར་མཁན་དག་གིས་རྒྱུ་མཚན་སྟོན་པའི་བཤད་སྒྲ་ཡང་ལེགས་པོ་ཞིག་སྦྱོར་ཚུལ་མི་ཤེས་ན། ངོ་རེ་ཚ། རྗེས་ཕྱོགས་ཀུན་ལ་གཟབ་པར་གྱིས། སྐད་ཆ་འདི་བསླབ་བྱ་ཞིག་གི་ཚུལ་དུ་བཤད་པ་ཡིན།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཉི་མ་དང་བླ་མ་ཐུན་མོང་གི་ཡིན། འཇིག་རྟེན་ཡོངས་ཀྱི་ཡིན། འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་ཡིན། དེའི་ཕྱིར་ཡིད་བཞིན་ནོར་བུ་ཡིན་ལ། དེའི་ཕྱིར་ཐུགས་རྗེ་ཆེན་པོ་དང་ཕྱག་སྟོང་སྤྱན་སྟོང་ཡང་ཡིན།
    བྱང་ཆུབ་སེམས་དཔལ་ལ་འདི་ལྟར་འཁང་ར་བྱེད་ཚུལ་དེ་ཡང་རང་གཅེས་འཛིན་ནམ་རིགས་ཞེན་ཅན། ཕྱོགས་ལྷུང་བ་བདག་ཅག་ལ་མཚོན་ན་ཁག་མེད་པའི་བསམ་སྤྱོད་ཅིག་ཀྱང་ལོས་ཡིན། བྱིས་པ་བྱིས་པའི་ས་ནས་ངུ་སྟངས་དེ་ལ་ཕ་མས་གཅེས་ཚུལ་ཡང་མི་འདྲ་བ་ཡོད། ཁྱོད རང་ཚོས་ངུ་རྒྱང་བྱོས་དང་ཁོང་གིས་ཐུགས་རྗེས་གཟིགས་ངེས་ཡིན།

    Reply
  12. རུ་གསར་ཚང་། says:
    ལོ་ 14 སྔོན།

    དངོས་གནས་མཆན་འདེབས་པ་ཁ་ཤས་ཀྱིས་སྨྲ་བརྗིད་རང་དབང་ཡིན་ན་ཅིག་བེད་སྤྱོད་གཏོང་གི་ཡོད་ཟེར་ནས་བཟི་གཏམ་ཁོ་ན་བཤད་ཀྱིན་འདུག དེ་དུང་སྐྱབས་འཇུག་ཡིན་ན་ཅིག་ཞུ་ཡི་ཡོད་ཟེར། བོད་ཀྱི་ཁ་དཔེར། རྟན་ངན་པ་རྒྱུགས་ན་འདུར་བ་འདྲ། མི་ངན་པས་བཤད་ན་ངུ་བ་འདྲ། ཟེར་བ་ནང་བཞིན་ཡིན་གང་ཤེས་མ་གཏོགས་དངོས་གནས་སྨྱོ་ལབ་རང་རེད།

    Reply
  13. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    མཆན་བུ་པ་འགའ་ཞིག་གི་བཟི་གཏམ་བཤད་ཀྱིན་འདུག ཆང་འཐུང་རྗས་དྲྭ་ངོས་ལ་མ་ཕེབས་རོགས་ཞུ་རྒྱུ་ཡིན

    ད་བཤད་རྒྱུ་ཅི་ཡང་མེད་་་སངས་རྒྱས་ཀྱི་གསུངས་ལ་དཔྱད་པ་བཤད་རྒྱུའི་ཐོབ་ཐང་མི་འདུག

    Reply
  14. རྭ་ལོ། says:
    ལོ་ 14 སྔོན།

    འཇམ་དབྱངས་ཟེར་བའི་མི་འདིའི་སེམས་ལ་གདོན་ཞུགས་པ་འདྲ། རྒྱལ་བ་རིན་པོ་ཆེར་རྒྱབ་སྐྱོར་ཞུ་གི་ཡོད་མདོག་མདོག་བྱས་ནས་གཞན་གྱི་སྙིང་ལ་ཕོག་རྒྱུའི་སྐད་ཆ་བཤད་གིན་འདུག

    ཁྱོད་ཀྱི་གོ་བ་དེ་འདྲ་ཞིག་མ་ལོན་པར་སྐད་ཆ་བཤད་གི་མེད། སྐྱབས་འཇུག་ཞུ་ས་བླ་མ་དང་། སྐྱིད་སྡུག་ཞུ་ས་ཕ་མ་ཞེས་པའི་དཔེ་ལྟར། གནས་སྟངས་འདི་འདྲའི་སྐབས་ཞུ་ས་ཞིག་ཡོད་པ་རྒྱལ་བ་རིན་པོ་ཆེ་ཡིན་སྟབས་ཞུ་མི་ཆོག་པ་ཅི། སྐྱིད་སྡུག་ཞུས་པ་ཙམ་གྱིས་ངོ་རྒོལ་བྱས་སོང་མདོག་མདོག་བྱས་ནས་རྒོལ་རྡུང་བྱེད་པ་འདི་ཁྱོད་ལ་སུས་བསླབས་སོང་། རྗེས་མ་ནས་སེམས་ཤུགས་ཡོད་མདོག་མདོག་གིས་གཞན་ལ་ཁ་རྡུང་གཏོང་རྒྱུ་མ་སྔ་ལོ།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གོ་ཁའི་ཨ་མ་རྒན་མོ་བཞིན་ཀླད་པ་རྡོ་ལས་མཁྲིགས་ཤིང་ཕྱོགས་གང་ལ་ཡང་ཞིབ་་འཇུག་མི་བྱེད་པར་ཐད་ཀར་རྒོལ་རྡུང་བྱ་མཁན་བོད་པའི་སྤྱི་ཚོགས་ལ་མང་སྐྱོན་ཡོད་པ་ངས་ཤེས་ཀྱི་ཡོད།
    འཇམ་དབྱང་ལགས་ཐུགས་ཁག་མེད།
    རྗེས་མ་སྐད་ཆ་བཤད་དུས་སེམས་ཚོར་དང་རང་ཉིད་གི་ལྟ་བ་དབང་བཙན་བྱ་མི་ཉན།

    Reply
  16. འཇམ་དབྱངས། says:
    ལོ་ 14 སྔོན།

    དེ་རིང་འཛམ་གླིང་གི་གྲགས་ཅན་མི་སྣ་ཞིག་གིས་རེ་བ་བརླག་ན་རང་ཤི་རྒྱག་པའི་བསམ་བློ་འཁོར་བར་གསུངས་པ་ལས། རང་ཤི་བརྒྱབས་ཚད་རེ་བ་བརླགས་ནས་རང་ཤི་བརྒྱབས་པ་རེད་གསུངས་མ་སོང་། འདི་ལྟ་བུའི་གོ་བ་རགས་པ་ཞིག་ཀྱང་མ་ལོན་པར་ཆོ་ངེ་འདོན་པ་ནི་སྙིང་རྗེ་ཡུལ་ཙམ་རེད། ཁོང་གིས་ཐུགས་ལྷོད་ལྷོད་ངང་གསུང་ཆོས་གསུངས་པ་དེ་འགྲིག་གི་མི་འདུག་ན། ལ་རྒྱ་དང་སེམས་ཤུགས་ཆེ་མདོག་སྟོན་པའི་འགྱུར་མེད་བསྟན་འཛིན་ཁྱོད་ཀྱིས་རང་ལུས་མེ་ལ་སྒྲོན་པའི་བོད་མི་དེ་དག་ལ་གདུང་སེམས་མཉམ་སྐྱེས་མཚོན་པའི་ལས་ཀ་ཅི་ཞིག་བྱས་ཡོད། ཆོས་གསུངས་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྒྱ་མི་རིགས་ཀྱི་སེམས་བོད་བརྒྱུད་ནང་བསྟན་ལ་བཀུག་སྟེ། བོད་ཀྱི་དངོས་ཡོད་གནས་ཚུལ་ར་སྤྲོད་བྱེད་པ་འདི་ཡང་ཐབས་ལམ་ཡག་ཤོས་ཤིག་རེད། བོད་པ་ཞིག་ལ་ཆ་མཚོན་ན་རྒྱ་མི་གཅིག་ཡིན་ཀྱང་རང་ཕྱོགས་སུ་འགུག་ཐབས་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་དགོས་མཁོ་བླ་ན་མེད་པ་ཞིག་ཆགས་ཡོད་པའང་མ་ཤེས་པར། ཏཱ་ལའི་བླ་མས་རྒྱ་མི་རིགས་ལ་གསུང་ཆོས་གནང་བ་འགྲིག་གི་མི་འདུག་ཟེར། འོ་ན་རྭ་ལོ་ཁྱོད་ལ་དེ་ལས་ལྷག་པའི་ཐབས་བཟང་པོ་ཅི་ཞིག་ཡོད། ངས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ་མི་ངན་བྱུར་གྱི་སྣ་འདྲེན་འགྱུར་མེད་བསྟན་འཛིན་དང་རྭ་ལོ་ལྟ་བུ་སོགས་ཀྱིས། དུས་རྒྱུན་བོད་ཀྱི་རྩ་དོན་དང་འཐབ་རྩོད་ཆེད་འགན་ལེན་སྤུ་ཙམ་བླངས་མི་འདུག་པར། མི་གཞན་གྱིས་རང་ཉིད་ལ་དོ་སྣང་ཡོང་ཆེད་ཁོ་ནའི་ཆེད་དུ་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ཙམ་རེད། ཁྱེད་གཉིས་ཏཱ་ལའི་བླ་མར་དེ་ལྟ་བུའི་སྡང་སེམས་འཛིན་བཞིན། ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོབ་ཐང་རྣམས་ལེན་རྒྱུ་ངོ་མི་ཚའམ། ཁྱེད་གཉིས་ལ་དེ་ལྟ་བུའི་སེམས་ཤུགས་དང་བློ་ཁོག་ཡོད་ན་རྒྱ་དམར་པོར་ཁ་གཏད་མ་བཅག་པར་འདིར་སྐྱག་པ་ཅི་ཞིག་ཟ་བཞིན་ཡོད། བཀའ་དྲིན་བསམ་ཤེས་མེད་པའི་སྣ་ནག་མ་ཁྱེད་གཉིས་ཀྱིས་གཞན་ལ་མ་འགྲིག་མ་འཐུས་པའི་སྐྱོན་བརྗོད་བྱེད་བཞིན། དག་ཆ་དང་ཚིག་སྦྱོར་གཏན་ནས་མེད་པའི་མཆན་བུ་ཐེབས་ཆག་འདི་ལྟ་བུ་འབྲི་རྒྱུར་ངོ་མིའམ། དང་པོ་རང་ཉིད་ཀྱི་ཤེས་ཚད་ཡར་རྒྱས་བཏང་རྗེས་མི་ལ་སྐྱོན་བརྗོད་བྱས་ན་རུང་ཙམ་རེད།

    Reply
  17. ཁྱུང་དཀར says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན། བསམ་ཚུལ་བཤད་ཀི་ཡོང་བ་དགའ་བྱུང་ལགས། འོན་ཀྱང་། བསམ་ཚུལ་རེའང་བརྗོད་མ་ཤེས་པ་ཡིན་ན་མཆན་བུ་མང་དུ་བཏབ་ཀྱང་ཕན་ཐོག་གང་ཡང་མི་འདུག་ག རང་གིས་བྲིས་པའི་དྲི་ལན་འཁེལ་ཀི་མེད་ན། གསར་འགྱུར་འདིའི་ཁ་བྱང་གིས་ཁྱེད་ལ་འགྲེལ་འདུག རྗེས་མར་སྐད་ཆ་བཤད་དུས་གཟབ་ཙམ་གནང་རོགས།

    Reply
  18. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ལོ་འདི་ནང་དུ་བོད་ནས་མི་བཞི་འི་རང་ལུས་མེད་ལ་བསྲེགས་ཐལ་གནས་ཚུལ་འདི་ཁོང་ཚོས་རེ་བ་བརླགས་ནས་རང་ཤི་བརྒྱབ་པ་ཡིན་ནམ་ཡང་ན་ཁོང་ཚོས་ང་ཚོ་ལས་མང་བའི་རེ་བ་ཆེན་པོ་ཞིག་བརྒྱབ་ནས་རང་ཤི་བརྒྱབ་པ་འམ་རང་ལུས་མེད་ལ་སྒྲོན་པ་གང་ཡིན་ནམ།

    Reply
  19. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ནས་མི་ལུས་རིན་ཆེན་མེ་ལ་བསྲེགས་ཀྱང་རྡ་ས་ནས་ལྷོད་ལྷོད་བྱ་ནས་དམ་ཆོས་གསུང་པ་དེ་བྱམས་སེམས་ཀྱི་སྤྱོད་པ་ཡིན་རྒྱུ་རེད།

    Reply
  20. ཁྱུང་དཀར says:
    ལོ་ 14 སྔོན།

    རྒྱ་ནག་མི་དམངས་གང་མང་མང་གིས༧གོང་ས་མཆོག་གི་གསུང་ཆོས་ལ་ཉན་ཐུབ་ན་བསམ་ཀི གསུང་ཆོས་ཞོར་ནས་བོད་པའི་གནས་སྟངས་གང་ལ་གང་ཙམ་ཞིག་ཧ་གོ་འགྲོ་ཀི ཁོང་ཚོ་ཕྱིར་ལོག་རྗེས་ཀྱང་རང་རང་གི་ཉེ་འཁོར་ན་གནས་པའི་ནང་མི་དང་གྲོགས་པོ་ཚོར་ཁ་བརྡའི་གླེང་ཕྱོགས་བརྒྱུད་ནས་༧གོང་ས་མཆོག་དང་བོད་མི་དམངས་ཀྱི་ཁ་སྟབས་སྐྱོ་བོ་དེ་ངོ་སྤྲོད་རེ་བྱེད་ཐུབ་ཀི འདི་ད་རྒྱ་ནག་མི་དམངས་ལ་འབྲེལ་བ་འཛུགས་པའི་རྒྱུད་ལམ་གལ་ཆེན་ཞིག་རེད།

    Reply
  21. རྭ་ལོ། says:
    ལོ་ 14 སྔོན།

    དགེ་ཕྲུག་རྒན་པ་ཡིན་མོན་གང་ལྟར། སེམས་ནང་ཡ་མཚན་ཞིག་ཕོག་གི་འདུག དགེ་ཕྲུག་རྒན་པས་ངའི་ནང་མི་རྩ་སྟོང་བཟོ་ས་རེད། ཕུ་ནུ་ཚོ་བྲག་ལ་གཏད་ནས་འཛིན་གི་འདུག སྲིང་མོ་ཚོ་ནགས་ལ་དེད་ནས་འཛིན་གི་འདུག ཨ་ཁུ་དང་ཨ་ཞང་ཚོ་གསོད་གི་འདུག ཁྱིམ་ཚང་རྩ་སྟོང་ལ་འགྲོ་བཞིན་པའི་སྐབས་འདིར་ད་དུང་ཆོས་འབྲེལ་འདྲ་གསུངས་ནས་བསྡད་ན་སེམས་ལ་ཡ་མཚན་ཞིག་ཕིལོག་གི་འདུག

    Reply
  22. རྭ་ལོ། says:
    ལོ་ 14 སྔོན།

    ཨ་་་་་རྒྱལ་བ་རིན་པོ་ཆེ་ཚང་། ཐམས་ཅད་མཁྱེན་པ་ཚང་། ད་རྒྱ་རྒན་ཚང་ལ་མང་མེད་ན་ཉུང་མེད། དགེ་སློབ་ཀྱི་བསླབ་བྱ་དེས་ཡོང་ས་མ་རེད། ཁ་ཉིན་ངའི་ཨ་ཁུ་ཞིག་རྒྱ་གཞུང་གིས་བསད་སོང་། ད་དངོས་གནས་ཆོ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese