མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཅག་གི་སྙིང་སྟོབས་ལ་ང་ཚོས་མཐུན་འགྱུར་གང་དགོས་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མཇུག་བསྒྲིལ་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ནང་སྤྱི་འཐུས་གཉིས་ལས་གཞན་ཚང་མ་ཕེབས་ཡོད་པ་མ་ཟད། བགྲོ་གླེང་གི་ཆ་ཤས་ལེན་སྟངས་དང་བོད་ཕྱི་ནང་གི་གནད་དོན་སྤྱི་བྱེ་བྲག་གི་ཐོག་ཏུ་དཔྱད་ཞིབ་གནང་སྟངས་ཡག་པོ་འདུག་སྐོར་དང་། བོད་ནང་གི་བོད་མི་ཚོའི་རང་སྲོག་བློས་གཏོང་གི་ལས་འགུལ་དེ་དག་ལ་འདི་ནས་མཐུན་འགྱུར་གང་ཐུབ་ཞུ་ངེས་ཡིན་ཚུལ་གསུངས་སོང་།

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ཡོངས་སུ་མཇུག་བསྒྲིལ་སོང་། ཐེངས་འདིའི་གྲོས་ཚོགས་དེ་ཟླ་སྔོན་མའི་ཕྱི་ཚེས་ ༡༦ ནས་ཟླ་འདིའི་ཚེས་ ༡ བར་ཚོགས་ཏེ་བཅའ་སྒྲིག་བསྐྱར་བཅོས་ཁག་གཏན་འབེབས་དང་བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་དྲུག་བསྐོ་བཞག་གནང་ཡོད་ལ། སྐབས་བཅུ་བཞི་བའི་བཀའ་ཤག་གིས་གྲོས་ཚོགས་ལ་གསལ་བཤད་དང་། ལྷན་ཁང་ཁག་གི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་དོགས་འདྲི་དང་། དེ་ལ་འབྲེལ་ཡོད་ལྷན་ཁང་སོ་སོའི་བཀའ་བློན་རྣམ་པས་ལན་འདེབས་བཅས་གནང་གྲུབ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུངས་བཤད་གནང་སོང་།

 

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གཏམ་བཤད་གནང་དོན། ཐེངས་འདིའི་གྲོས་ཚོགས་སུ་བླ་ཆེན་གཅིག་དང་བཀའ་ཟུར་གཅིག ཉིན་ཤས་སྔོན་གྲོས་ཚོགས་རྭ་བ་འདིའི་ནང་ཆ་ཤས་བླངས་ཤིང་འདས་པའི་ལོ་བཅུ་ལྷག་གི་རིང་བོད་མི་མང་སྤྱི་འཐུས་ཀྱི་ལས་དོན་བསྒྲུབ་མཁན་སྤྱི་འཐུས་གཅིག་བཅས་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཏེ་མི་རབས་རྒན་པས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་ཐུགས་རྗེ་དང་བསྔོ་སྨོན་དང་། བཀའ་བློན་གཞན་གྱི་འོས་འདེམས་ཐད་གྲོས་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་གནང་སྟེ་འཛིན་སྐྱོང་ལ་མཐུན་རྐྱེན་སྦྱར་བ་བཅས་ནི་གཟི་བརྗིད་ཅིག་ཏུ་ངོས་འཛིན། དེ་བཞིན་བཀའ་བློན་ཁྲི་པས་དམ་འབུལ་བྱས་ཏེ་ཟླ་བ་གཅིག་ལྷག་ལས་འགྲོ་གྱི་མེད་ནའང་། དམ་འབུལ་མ་བྱས་གོང་ནས་རྒྱ་གར་དང་རྒྱལ་སྤྱིའི་ནང་འདེམས་ཐོན་བཀའ་བློན་ཁྲི་པའི་མཚན་ཐོག་ནས་འབྲེལ་བ་བྱས་ཏེ་ལས་དོན་ཁག་ཅིག་འགྲུབ་ཡོད་མོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཐད་ཀར་ཕྱག་ལས་གནང་བའི་ཉམས་མྱོང་མེད་སྟབས། བཀའ་བློན་ཁྲི་པས་གསལ་བཤད་དང་དེའི་ཐད་ཀྱི་ལན་འདེབས་ལས། མ་འོངས་བཀའ་ཤག་གི་སྲིད་ཇུས་འཛིན་སྟངས་དང་དགོངས་པ་བཞེས་སྟངས། ལས་རིམ་བང་བསྒྲིག་སྟངས་སོགས་ཀྱི་ཐད་དེ་སྔོན་གསལ་བོ་དེ་ཙམ་ཆགས་མེད་ཀྱང་། ད་ལྟའི་གནས་སྐབས་སུ་གང་འཚམ་གསལ་བོ་ཆགས་ཐུབ་པ་བྱུང་བ་དེ་གྲོས་ཚོགས་འཐུས་མི་དང་བོད་གཞིས་བྱེས་གཉིས་ཀྱི་མི་མང་ལ་གྲོས་ཚོགས་བརྒྱུད་དེ་ངོ་སྤྲོད་བྱེད་ཐུབ་པ་ཞིག་བྱུང་ཡོད་སྐོར་གསུངས་བྱུང་།

 

ཡང་ཁོང་གིས་ཐེངས་འདིའི་གྲོས་ཚོགས་ཧྲིལ་བོའི་ལས་ཉིན་ ༡༤ ནང་གཞུང་འབྲེལ་གྱི་གྲོས་འཆར་ཁག་ ༢ དང་། གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཁག་ ༦ ། སྤྱི་འཐུས་སྒེར་གྱི་གྲོས་འཆར་ ༢ བཅས་གྲོས་ཚོགས་ནང་གཏན་འབེབས་བྱུང་ཐུབ་ཡོད་ལ། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་བྱུང་བ་དེ་ཐེངས་འདིའི་ཆོས་ཚོགས་སྐབས་བཅུ་གཅིག་པའི་ཐོག་གནང་བའི་༸གོང་ས་མཆོག་གི་བཀའ་ཡིག་དང་ཆོས་ཚོགས་ཀྱི་གྲོས་ཆོད་ཟུར་རྒྱན། ༸གོང་ས་མཆོག་གི་བཀའ་སློབ་བཅས་ལས་བགོས་ས་གནས་སུ་མ་གོ་མ་ཐོས་པར་བཟོ་རྒྱུ་གལ་ཆེན་ཡིན་པ་དང་། གྲོས་ཚོགས་ནང་གྲོས་ཆོད་གཏན་འབེབས་ཀྱི་ཐོག་ནས་༸གོང་ས་སྐུ་ཕྲེང་ན་རིམ་ལ་བཀའ་དྲིན་རྗེས་དྲན་དང་། གྲྭ་ཚེ་དབང་ནོར་བུ་དང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་ལུས་པོ་མཆོད་མེར་ཕུལ་བ་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱི་སྤྱི་མོས་གྲོས་ཆོད་བཞག་པ་དེ་གཟི་བརྗིད་ཅིག་ཏུ་ངོས་འཛིན། གཞན་ཡང་། སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་རྗེས་མ་འཚོགས་རྒྱུར་སྒུག་མི་སྡོད་པར། གནད་དོན་གང་འདྲ་ཞིག་གི་ཐོག་གཟིགས་ཚུལ་དང་སྐྱོན་ཡོད་མཐོང་ཚེ། ཐད་ཀར་བཀའ་བློན་རྣམ་པར་འབྲེལ་བ་གནང་སྟེ་གསལ་བོ་བཟོ་རྒྱུ་ལས། སྐབས་ཐོག་ལ་སྐྱོན་ཡོ་བསྲང་བྱ་རྒྱུར་འབད་བརྩོན་མི་གནང་བར་གྲོས་ཚོགས་རྗེས་མར་བསྒུགས་ཏེ། གྲོས་ཚོགས་ནང་འདི་དང་གན་འགྲིག་མ་སོང་ཞེས་ལབ་པ་ཡིན་ན། ནོར་བ་ནོར་ཚར་བ་ལས་ཐུགས་ཕན་གང་ཡོང་གསོ་ཐུབ་ཀྱི་མེད་སྟབས། མ་འོངས་པར་དེའི་རིགས་ལ་དོ་སྣང་བྱ་དགོས་པ་གལ་ཆེ་སྐོར་བརྗོད་སོང་།

 

མཇུག་མཐར་ཁོང་གིས་དེ་རིང་ནས་བཟུང་རྒྱུན་ལས་རྣམས་མ་གཏོགས་སྤྱི་འཐུས་གཞན་ཚང་མ་སོ་སོའི་ས་གནས་སུ་ལོག་དགོས་ཀྱི་ཡོད་ཀྱང་། སོ་སོའི་ས་གནས་སུ་དཔལ་འབྱོར་གྱི་ཐོག་ནས་མི་ལ་ཕན་ཐོགས་པ་དང་། གཏམ་བཤད་དང་མི་སྒེར་གྱི་འབྲེལ་བ་སོགས་བརྒྱུད་ནས་སྤྱི་ཚོགས་ནང་ཞབས་ཞུ་གནང་བར་འབད་བརྩོན་དང་གཅིག་གྲོགས་བྱ་རྒྱུ། འཛིན་སྐྱོང་དང་གྲོས་ཚོགས་མཉམ་རུབ་ཀྱིས་སྔོན་མའི་རྨང་གཞིའི་ཐོག་རྩིག་པ་ག་ཚོད་རྒྱག་ཐུབ་མིན་ལ་ཤུགས་རྒྱག་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་ལ། མཇུག་ཏུ་ཁོང་གིས་བོད་ནང་ལ་དམིགས་ཏེ་གསུངས་དོན། “ བོད་ནིང་ལ་གྲོས་ཚོགས་འདི་བརྒྱུད་དེ་བོད་ནང་གི་བོད་མི་ཚོར་ཞུ་རྒྱུ་ཞིག་ལ། རྩ་བའི་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱས་ཏེ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་ཀྱང་། ལས་དོན་བྱེད་ཕྱོགས་ཀྱི་ཐད་ནས་ཁྱེད་རང་ཚོས་བོད་ནང་དཀའ་ལས་ག་ཚོད་རྒྱག་གི་ཡོད་པ་དེ་ལྟ་བུ་ཞིག་འདིར་གནང་ཐུབ་ཀྱི་མེད་ཀྱང་། ཁྱེད་རང་ཚོས་རང་སྲོག་འབེན་ལ་བཞག་པའི་ལྷག་བསམ་དང་ཆོད་སེམས། སྙིང་སྟོབས་ཞུམ་པ་མེད་པར་ཕྱག་ལས་གནང་བ་དེར་ང་ཚོའི་ངོས་ནས་མཐུན་འགྱུར་གང་ཞུ་དགོས་ཀྱང་། ཞུ་ཐུབ་པའི་གནས་སྟངས་ཤིག་འདིར་འཛོམས་ཡོད་ཅེས་གསལ་བོ་བྱས་ཏེ་ཞུ་རྒྱུ་ཡིན ” ཞེས་གསུང་སོང་།

སྤྱི་འཐུས་ཚོགས་དྲུང་མཆོག་གིས་གསུངས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཧྲིལ་བོར་དགོངས་པ་ཞུ་མཁན་མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་འཇུ་ཆེན་དཀོན་མཆོག་གཉིས་ཡིན་ཞིང་། ཚོགས་རྒྱུན་ཕྱེད་ཀར་དགོངས་པ་ཞུ་མཁན་དགེ་ལུགས་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྭ་ལོ། དེའི་གོ་དོན་ནི། ཕྱི་ལོགས་འདིར་ཡིད་བཞིན་ནོར་བུ་དང་ཆོལ་གསུམ་ཆིག་སྒྲིལ་གྱི་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་སྔར་ལས་ལྷག་པ་ཞིག་ཡོད། འདིས་བོད་ནང་གི་གནས་སྟངས་ཚང་མ་རྒྱལ་སྤྱིའི་ཐོག་ལ་གསལ་བསྒྲགས་དང་དཔལ་འབྱོར་རོགས་དངུལ་སོགས་ཀྱི་མཐུན་འགྱུར་རེ་ཞུ་ཐུབ་ཅེས་པའི་དོན་ལས་ལྷག་པ་ཅང་མེད་པར་འདོད། དཔེར་ན་ཚེ་སྲོག་གི་འགན་ལེན་དང་མྱུར་སྐྱོབ། དམག་རོགས། བཙོན་གྲོལ།་སྐྱབས་བཅོལ་ལ་ལེན་པ་སོགས་ཀྱི་མཐུན་འགྱུར་གནང་ཐབས་བྲལ་བ་ཞིག་རེད་པ།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་རྒྱཞིག་མོལ་བྱ་གི་ཡིན་་་་་་་་་་་་་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་དྲངས་ཀྱི་ཡིན་་་་་་་་གཞི་བྱས་ལྷན་འཛོམ་བྱ་གི་ཡིན་་་་་རྒྱལ་སྤྱི་ཐོག་ནས་བོད་པའི་གནས་སྟངས་དོ་སྣང་བྱ་མཁན་མང་དུ་འགྲོ་གི་ཡོད་་་་ལུང་ཚན་དབྱེར་མེད་ཆོས་ལུགས་རིས་མེད་ཟེར་བ་དེ་ཚོ་རྡ་སའི་ཆབ་སྲིད་པ་ཚོས་མགྲིན་པ་ཡན་ཆོད་ཀྱི་སྐད་ཆ་ཞིག་ཡིན་པ་ལས་ཚོེ་སྣང་ཡོད་པའི་སྐད་ཆ་ཞིག་དང་དོན་ལ་གནས་བའི་སྐད་ཆ་ཞིག་མ་རེད་་་་་ལོ་ལྔ་བཅུ་ལ་འདི་རྐྱང་རྐྱང་བཤད་ནས་རྫོགས་པ་རེད་་་་ད་སྐད་ཆ་སྙན་མོ་བཤད་རྒྱུའི་ཚབ་ལ་ལག་ལེན་ངོ་མ་སྟར་བའི་མགོ་མ་འཛུགས་ན་སྒུགས་ཐུབ་མ་སོང་གཏན་ནས་སྒུགས་ཐུབ་མ་སོང་།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ཚོགས་གཙོས་སྐད་ཆ་དེ་ཚོ་ངོ་མ་རེད།
    ཁྱོད་ཚོས་བོད་ནང་ནས་དཀའ་ལས་ག་ཚོད་རྒྱགས་ཀྱི་ཡོད་པ་དེ་ལྟ་བུ་ཞིག་ང་ཚོས་འདི་ནས་གནང་ཐུབ་ཀྱི་ཡོད་མ་རེད་གསུངས་པ་དེ་ངོ་མ་རེད།
    མི་རིགས་ཀྱི་ཆིག་སྒྲིལ་དང་མི་རིགས་ཀྱི་འདུ་ཤེས་རིག་གཞུང་གི་གོ་རྟོགས་དང་སྐད་ཡིད་སྲུང་སྐྱོབས་དཔལ་འབྱོར་གྱི་གནས་སྟངས་གང་གི་ཆ་ནས་ཀྱང་བཙན་བྱོལ་དང་བོད་གཉིས་མཚུངས་བསྡུར་བྱ་ས་ཞིག་ཡོད་པ་མ་རེད།བདེན་པ་རེད།
    བཙན་བྱོལ་ནང་དུ་མི་ལོ་ལྔ་བཅུ་ལོ་ནག་དེ་འཐེན་ཁྱེར་་ཕྱོགས་རིས་ནང་ཁུལ་གྱི་འཐབ་རྩོད་ཀྱིས་བསྐྱལ་འདུག་གནས་ཚུལ་འདི་ལ་བློ་ཕམ་ཡོད།
    མ་འོངས་པའི་མི་ལོ་ལྔ་བཅུ་དེ་ཆིག་སྒྲིལ་དང་ཕྱོགས་རིས་མེད་པའི་ཁ་གཏགས་དཀར་པོ་འདྲ་བའི་ལོ་དཀར་ཟླ་དཀར་ཞིག་གིས་བསྐྱལ་ཐུབ་ན་ང་ཚོ་ལ་རེ་བ་ཞིག་ཡོད།
    ་ད་དུང་ཡང་རྡ་སའི་ཆབ་སྲིད་དེ་མི་མངོན་པའི་སྐུ་དྲག་རིང་ལུགས་ཀྱིས་འཆིང་ཐག་བར་ནས་ཐར་མ་སོང་སྐྱབས་བཅོལ་ལག་དེབ་རྒྱ་མི་གཞུང་ཚབ་ལ་ཕུལ་ནས་ཕ་ཡུལ་གངས་ཅན་དུ་ལོག་རྒྱུ་སེམས་ཐག་བཅད་ཡོད།

    Reply
  4. རྭ་ལོ། says:
    ལོ་ 15 སྔོན།

    ༼ཁྱེད་རང་ཚོས་རང་སྲོག་འབེན་ལ་བཙུགས་ཏེ་ལྷག་བསམ་ཆོད་སེམས། སྙིང་སྟོབས་ཞུམ་པ་མེད་པར་ཕྱག་ལས་གནང་བ་དེར་ང་ཚོའི་ངོས་ནས་མཐུན་འགྱུར་གང་ཞུ་དགོས་ཀྱང་། ཞུ་ཐུབ་པའི་གནས་སྟངས་ཤིག་ཀྱང་འདིར་འཛོམས་ཡོད་ཅེས་གསལ་བོ་ཞུ་རྒྱུ་ཡིན་༽ ཅེས་གསུངས་པ་འདིའི་གོ་དོན་ཅི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese