མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཀོབ་གྷོ་ལཱ་ཐཱ་རུ་ཁག་ལ་ཨང་དང་པོ་ཐོབ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp


ད་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཁྲོད། བྷེལ་ཀོབ་གྷོ་ལཱ་ཐཱ་ལཱ་རུ་ཁག་ལ་ཨང་དང་པོ་དང་།
ཀ་ལི་མན་ཊོན་རུ་ཁག་ལ་ཨང་གཉིས་པ་བཅས་ཐོབ་འདུག  

འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་མཐའ་མའི་རྟིང་རྩོད་ཀྱི་རྐང་སྤོལ་འགྲན་བསྡུར་དེ། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མགོ་འཛུགས་གནང་ཡོད་ལ། དང་ཐོག་སྦེལ་ཀོབ་ ( Gollathala FC )  རུ་ཁག་དང་རྡེར་རྡུན་ཀ་ལོན་མན་ཊི་རུ་ཁག་གཉིས་ཀྱིས་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱས་ཀྱང་། རུ་ཁག་དེ་གཉིས་ཀྱིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་བརྟེན། མཐར་རྩེད་འགྲན་པ་མི་ལྔ་རེ་བྱས་ཏེ་མི་རེ་རེ་བཞིན་སྤོ་ལོ་བླུགས་སྐབས་གྷོ་ལཱ་ཐཱ་ལཱ་རུ་ཁག་གིས་སྤོ་ལོ་ ༤ བླུགས་ཏེ་ཨང་དང་པོ་ཐོབ་སྟེ། ༢༠༡༡ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དང་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ ཙམ་གྱི་བྱ་དགའ་ཐོབ་ཡོད་པ་དང་།  ཀ་ལི་མན་ཊོན་དོན་འགྲུབ་གླིང་རུ་ཁག་གིས་སྤོ་ལོ་ ༢ བླུགས་ཏེ་ཨང་གཉིས་པ་ཐོབ་སྟེ། དངུལ་གྱི་གཟེངས་རྟགས་དང་ཧིན་སྒོར་སུམ་ཁྲི་ ༣༠༠༠༠ ཙམ་གྱི་བྱ་དགའ་བཅས་ཐོབ་ཡོད་འདུག  

ད་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ནང་རུ་ཁག་ ༡༤ ཙམ་ཞུགས་ཡོད་པ་དེ་དག་ནི། ཤི་ལོང་གངས་ལྗོངས་རུ་ཁག་དང་། རྡེ་ར་རྡུན་ཀ་ལི་མན་ཊོན་རུ་ཁག སྦེལ་ཀོབ་གྷོ་ལཱ་ཐཱ་ལཱ་རུ་ཁག བྷེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཁག བྷེལ་ཀོབ་བོད་ཁྱིམ་རུ་ཁག ཧོན་སུར་རབ་རྒྱས་གླིང་རུ་ཁག ཀོ་ལི་གྷལ་དོན་ལྡན་གླིང་རུ་ཁག ལྷོ་ཕྱོགས་ཅི་ནེལ་རུ་ཁག གྷོ་ཝ་ཁུལ་གྱི་རུ་ཁག ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག ཝ་རཱ་ནཱ་སི་རུ་ཁག ངྷ་རམ་ས་ལ་རུ་ཁག བལ་ཡུལ་རུ་ཁག་བཅས་ཡིན་འདུག

དྲན་རྟེན་གསེར་གྱི་གཟེངས་རྟགས་འགྲན་བསྡུར་དེ་ ༡༩༨༡ ལོར་གསར་དུ་དབུ་འཛུགས་གནང་བ་ཞིག་ཡིན་འདུག་ལ། ལོ་རྗེས་མ་ཕྱི་ལོ ༢༠༡༢ ལོའི་འགྲན་བསྡུར་དེ་བཞུགས་སྒར་ངྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧

མཆན། 7

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྦེལ་ཀོབ་གྷོ་ལ་ཐ་ལའི་རུ་ཁག་ལ་འདི་ལོའི་རྐང་སྤོལ་འགྲན་བསྡུར་གྱི་ཐ་མའི་རྒྱལ་ཁ་ཐོབ་པ་ལ་དགའ་བསུ་ཞུ་རྒྱུ་ཡིན། སྤྱིར་བཏང་ཀི་ལེ་མན་ཊའོན་རུ་ཁག་དེ་རྩེད་རྩལ་གྱི་ཆ་ནས་དེ་ཙམ་གྱི་ཡག་པ་ཞིག་མིན་ཀྱང་ལོ་མང་རིང་ཐ་མར་སླེབས་ཐུབ་པ་ནི་ངོས་ནས་བལྟས་ན་རུ་ཁག་དེ་མདུན་མཆོང་བྱེད་ནུས་པའི་གདོང་ལེན་གྱི་ནུས་པ་དང་ཐད་ཀར་བྲིས་ན་ཧམ་སེམས་ཆེན་པོ་ཡོད་པས་རེད་འདུག ཡང་འགའ་ཞིག་གིས་རུ་ཁག་དེའི་རྩེད་འགྲན་པ་རྣམས་ཀྱིས་གཞན་ལ་སྡིག་ར་བསྐུལ་བ་སོགས་བྱེད་པའི་ལོ་རྒྱུས་ཀྱང་ལན་མང་གོ་མྱོང་ཡོད་ཀྱང་བདེན་པ་ཡིན་མིན་ཆ་མ་འཚལ།

    བློ་ཕམ་པ་གཅིག་ལ་དུས་བབ་དྲ་རྒྱ་ནང་དུ་མཐའ་མའི་རྩེད་འགྲན་རྒྱལ་ཁ་ཐོབ་མཁན་གྱི་རུ་ཁག་གི་འདྲ་པར་བཀོད་མིན་འདུག རྒྱ་མཚན་གང་ཡིན་མི་ཤེས། འགྲོ་སྟངས་ལྟར་བྱེད་ན་མཐའ་མ་རྒྱལ་ཁ་ཐོབ་མཁན་གྱི་འདྲ་དཔར་བཀོད་པ་ནི་འགྲོ་སྟངས་ཤིག་མ་རེད་དམ། གསར་འགོད་པ་ཞིག་གི་ངོས་ནས་བློ་ཕྱོགས་སུ་མ་ལྷུངས་པ་དང་དྲང་པོ་ཞིག་དགོས་རྒྱུ་དེ་གལ་ཆེ་ཤོས་རེད། དྲང་པོར་བཤད་ན་གསར་འགྱུར་འགོད་སྟངས་ཀྱི་ཆ་ནས་བོད་ཀྱི་བང་ཆེན་གསར་འགྱོར་འགོད་སྟངས་དེ་དྲང་ཆེ་བ་འདུག འདི་ནི་ངོས་ནས་ལོ་མང་རིང་དྲ་རྒྱའི་གསར་འགྱུར་ཀློག་པའི་ཉམས་མྱོང་ཡིན།

    Reply
  2. རོ་ལངས། says:
    ལོ་ 15 སྔོན།

    སྨར་ལུང་དཔའ་ལའི་རྒྱུ་མཚན་དེ་ནི་ལྟར་སྣང་ཡིན་པ་འདྲ། དེ་མིན་པར་འདྲ་པར་དེ་ཕྱི་གདང་བསློགས་ཡོད་པའི་དབང་དུ་བཏང་ན་གོང་གི་འཕྲེད་དར་ཐོག་གི་ཡི་གེ་དེ་ཡང་ཕྱི་གདང་་སློགས་ལུས་དགོས་སྙམ་ལགས།

    Reply
  3. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    སྨར་ཀླུང་ལགས། དཔར་དེ་རྒྱག་མཁན་ང་ཡིན། དུས་བབ་ཀྱིས་བཞག་སྟངས་ནོར་མི་འདུག

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    དུས་བབ་གསར་འགོད་པས་ཡག་པོ་གཟིགས་དང་པར་དེ་ཕྱི་དམ་སློག་ནས་བཞག་མི་འདུག་གམ། མི་དེ་གི་རྒྱལ་རྟགས་ཀྱང་ལག་གཡོན་པས་ཁེར་འདུག་པ་མ་ཚད།
    གོང་གི་སྐུ་ཞོག་དེའི་པར་ལ་ལྟོས་དང་གཟན་ཤམ་ཕྱི་དམ་སློག་ནས་སྡོད་འདུག་པས། ཕྱག་ལས་རྣམས་ལ་ཞིབ་ཚག་པོ་དང་པུས་དག་པོ། ཀུན་གྱིས་ཡིད་བཏོན་ཁེར་ཐུབ་པའི་ཐུགས་ཚག་ལྷོད་པོ་གནང་བ་ཐུགས་རྗེ་ཆེ། ཞུ་ཧོམ་དུ་མ་དགོང་རོག

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཅིག་ཐཽབ་ཡོད་པ་འདྲ། འུར་སྐད་ཀྱི་གནམ་འཁའ་རྒྱང་བཞིན་འགྲོ་གིན་འདུག རླང་འཁོར་ཆུང་བ་དང་སྤག་སྤག་སོགས་རུ་བསྒྲིགས་ནས་འགྲོ་གིན་འདུག ད་ཅི་བཤད་དགོས་མིན་མི་ཤེས་་་་གང་ལྟར་ང་ལ་དགའ་ཚོར་མི་འདུག

    Reply
  6. ngawang tenzin says:
    ལོ་ 15 སྔོན།

    འོ་ཡ། ཡག་པོ་བྱུང་འདུག ལོ་མང་རིང་གོ་ཐོས་མ་བྱུང་བའི་རུ་ཁག་ཞིག་ལ་རྒྱལ་ཁ་ཐོབ་འདུག

    Reply
  7. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    གོང་གསལ་གྱི་འདྲ་པར་དེ་ནི་ཀལ་མེན་ཊོན་དོན་གྲུབ་གླིང་རུ་ཁག་གིས་ཨང་གཉིས་པ་ལེན་བཞིན་པའི་སྐབས་ཡིན།

    རྡ་སའི་རུ་ཁག་མི་འདུག་ལ། གོང་དུ་མ་གསལ་བ་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། མོན་གྷོ་གཞིས་སློབ་རུ་ཁག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese