མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་སྐྱ་གཉིས་ཀྱིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༡།༣༠ ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་བུ་རང་ལོ་ ༡༩ ཡིན་པ་ཆོས་འཕེལ་དང་། མཐའ་བ་གོང་མའི་གསོང་པོ་ཚང་གི་སྐལ་བཟང་གི་བུ་རང་ལོ་ ༡༨ ཡིན་པ་མཁའ་དབྱིངས་༼ཁག་ཅིག་གིས་ཁོང་གི་མིང་ལ་ལྷུང་ཡངས་ཡིན་རབས་ཀྱང་ཟེར། ༽གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྦར་ཞིང་ལག་གཉིས་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་ཁོང་གཉིས་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་མང་སྨན་ཁང་དུ་འཁྱེར་ཡོད་ཅིང་། ས་གནས་བོད་མི་ཚོས་བརྗོད་ན། ཉེན་རྟོག་པ་ཚོས་སྨན་ཁང་ནང་ཁྲིད་འགྲོ་སྐབས། བུ་མཁའ་དབྱངས་ཀྱིས་ད་དུང་ཁུ་ཚུར་གནམ་ལ་འཕྱར་ནས་འབོད་སྒྲ་སྒྲོག་བཞིན་ཡོད་ཚུལ་བཤད་ཀྱང་། འབོད་ཚིག་གི་ནང་དོ་ཅི་ཡིན་གསལ་པོ་ཐོས་མི་འདུག བུ་ཆོས་འཕེལ་དངོས་སུ་མཐོང་མཁན་མང་པོས་ཞིག་གིས་གསུངས་པ༌ལྟར་ན། བོད་ནང་གི་དུས་ཚོད་ ༡༢ ཡས་མས་སུ་གྲོངས་ཚར་ཡོད་པའི་གནས་ཚུལ་འབྱོར་ཡོད་ཅིང་། ཁོང་གཉིས་ཀ་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང་རྗེས་སུ་གྲྭ་ལོགས་བྱས་ཡོད་འདུག

སྐལ་བཟང་གི་བུ་མཁའ་དབྱངས་ནི་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་དམར་གསོད་བྱས་པའི་མཐའ་བ་གོང་མའི་རྩེ་ཕྲུག་ཚང་གི་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ཀྱི་ཚ་བོ་ཡིན་འདུག དེང་སྐབས་རྔ་པ་རྫོང་ལ་དམ་དྲགས་ཤུགས་ཆེ་ཡོད་མུས་ཐོག་སྔར་བས་དམ་དྲགས་ཤུགས་རུ་སོང་ཡོད་པ་དང་། དམག་མི་གང་སར་འགྲེམས་འཇོག་བྱས་ཡོད་འདུག་ལ། མི་མང་སྐྱོ་གདུང་དྲག་པོས་གཟིར་ཞིང་ཚོར་བ་རབ་ཏུ་འབར་གྱིན་ཡོད་པས་ཆེས་ཛ་དྲག་དང་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་བཞིན་ཡོད་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

ཆུ་ཚོད་ ༡༣ སྔོན་ལ།
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦
Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

༢༠༢༥/༠༦/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༠༥

མཆན། 30

  1. ཟླ་བ་བསྟན་འཛིན says:
    ལོ་ 14 སྔོན།

    སྤྱན་རས་གཟིགས་ཀྱི་མཁྱེན་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ
    ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་

    Reply
  2. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    སྐུ་ལུས་མེ་མཆོད་དུ་འབུལ་ནས་མི་རིགས་ཤིག་གི་བདེན་དོན་གཡོ་རྫུ་ཞིག་གིའི་བག་ནས་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མདུན་དུ་སྒྲོགས་མཁན་འདི་རྣམས་དངོས་གནས་དཔའ་རེད། དངོས་གནས་རྒོད་པོ་རེད། ཁོང་རྣམས་ཀྱི་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་འདི་མཐོང་སྐབས་བཟོད་མི་ནུས་པའི་གདུང་བ་ཞིག་སྐྱེས་བཞིན་འདུག

    Reply
  3. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    དུས་བབས་གསར་འགོད་པ་ལགས་ཆ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དྲིས་གནང་པའི་ནང་ལ་ཡང་སྐྱར་བོད་ནས་བུ་མེད་ཞིག་གི་སྐུ་ལུས་མེ་མཆོད་འཕུལ་གནང་རེད་གསུངས་འདུག་གནས་ཚུལ་དེ་དངོས་གནས་རེདདམ་།་་་་་་་ད་ནི་འདི་འདྲའི་གནས་ཚུལ་རྒྱུན་མ་ཆད་པ་ཡོང་བ་ཡིན་ན་རང་ཅག་བོད་མི་འཛམས་གླིང་འདི་ཡི་སྟིང་དུ་སྟོང་ལ་ཉེར་བ་འདུག་།ད་ནི་གང་ངྲག་རང་རེའི་སྨེ་ངག་འདོན་པ་ལས་གཞན་ཐབས་ཤེས་མི་འདུག་བ་།དཀོན་མཆོག་མཁྱེན་དཔའ་བོ་དཔའ་མོ་དེ་རྣམས་དགས་པའི་ཞིང་དུ་སྐྱེ་བ་ཤོག་།

    Reply
  4. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    ད་ནི་གང་དྲགས་ང་ཚོ་བཙན་འབྱོར་ནང་ལ་ཡོད་པ་ཚོའི་བྱེད་ཡ་ག་འདྲའི་འདྲ་ཞིག་ཡོད་ན་་་་་་་་་་་དཀོན་མཆོག་མཁྱེན་།སྐུ་ལུས་ལ་མཆོད་མེ་སྒྲོན་ནས་འགྲོ་བ་མིའི་བདེ་སྐྱིད་འཚོལ་བ་དེ་ནི་བྱང་ཆུབ་སེམས་པའི་སྤྱོད་པ་ལས་གཞན་སུ་ཞིག་གི་ཐུབ་།མི་རིགས་དང་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་མཁའ་དབྱིངས་ལ་འཕུལ་བའི་དཔའ་བརྒོད་ཚོ་།དུས་རྟགས་དུ་ཁྱེད་ཅག་ཐར་པའི་ལམ་དུ་འཕེབས་སྨོན་ལམ་ཞུ་།།།།།།།།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བུ་མོ་ཞིག་གི་དམར་མཆོད།

    ད་ལྟ་རང་དྲ་ལམ་ནུ་བོས་གནས་ཚུལ་འབྱོར་བ་ལ། ཡང་རྔ་བ་ནས་གཞོན་ནུ་མ་ཞིག་གིས་རང་ལུས་དམར་མཆོད་ཀྱིས་ངོ་རྒོལ་བྱས་ཤིང་གནས་ཚུལ་ཛ་དྲག་ལ་འགྱུར་ཉེན་འདུག་ཟེར།

    ” བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །”
    “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རེ་བ་ཁྲི་འབུམ་གྱིས་དྲུད་ཚེ་སྲོག་དུ་མ་གཡང་ས་ནས་ལྷུང་སོང་།
    དད་ཞེན་ལྡོག་མེད་ཀྱིས་ཁྲིད་ནས་མི་ལུས་དུ་མ་མེ་ཕུང་ལ་སྒྲོན་སོང་།
    ཁོ་བ་ཚོས་ཤི་མིག་གསོན་ལ་ལྟ་བའི་རེ་བ་དེ་ད་དུང་འགྲུབ་མེད་པས།
    རྡ་སའི་རི་གྲོང་ནས་ཁ་ཕོར་བར་གྱི་འཐབ་འཛིང་མི་བྱེད་པར།
    དོན་ངོ་མའི་དགྲ་བོ་རྒོལ་འཛིང་བྱ་དུ་འགྲོ་རན་སོང།
    བོད་རྒྱ་ཞི་མོལ་དང་འཚེ་མེད་ཞི་བའི་ཁ་གཡང་མི་བཤད་པར་དོན་ངོ་མའི་བོད་དོན་འཐབ་རྩོད་བྱ་རན་སོང།
    རན་པ་མ་ཟད་ཕྱིས་དྲག་སོང།

    Reply
  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    མི་ཡུལ་གྱི་སྐར་ཆེན(དཔའ་བོའི་ཕ་ས་སྟེ་རྔ་བའི་རྒྱལ་གཅེས་པ་དག་སེམས་ཀྱིས་དྲན་ཚུལ)
    ད་ལྟ་ང་ལ་ཅི་ཡང་མི་འདུག
    ཐ་ན་བཞུར་ཆོག་ཆོག་གི་མིག་ཆུ་དེ་ཡང
    གང་ཞིག་ལ་ཁུར་སོང་བ་དང་འདྲ་ཞིང
    སུ་ཞིག་གིས་བརྐུས་སོང་བ་དང་ཡང་འདྲ

    ཁྱེད་ཅག མུན་ནག་གི་གཏིང་རུམ་དེ་ནས
    འདི་ལྟར་འོད་ཀྱིས་གཤེགས་སོང་བར་བསམ་ན
    ངའི་ངོ་གདོང་གི་མིག་ཆུ་དེ་ཡང་གང་ཞིག་ལ་བོར་སོང་བ་དང་འདྲ

    རི་རབ་འགུལ་བྱུང་ཞིང་གཙང་བོ་སྐྱོམ་པའི་ད་ལྟ
    དྲང་བདེན་གྱི་མིག་ཟུང་མང་པོ་མང་པོ་ཞིག་ཀྱང
    ཕྱོགས་བཞི་མཚམས་བརྒྱད་ནས
    ཁྱེད་ཅག་གིས་སྦར་བའི་མེ་ལྕེ་དེ་ནང་བཞིན
    ཡངས་པའི་ཕ་ས་དང་བརྩེ་བའི་མ་ས་དེར་སྐད་ཅིག་གིས་དྲངས་སོང

    ཐུགས་རྗེ་ཆེ ཨོ་མ་རེད
    ཐ་སྙད་རྙིང་གོག་འདིས
    གཏིང་མཐའ་བྲལ་བའི་ཁྱེད་ཅག་གི་བློ་སྟོབས་དེ
    ཇི་ལྟར་གཞལ་ནུས་སམ

    ང་ཚོས་ཐ་སྙད་ཅིག་ཇི་ལྟར་བཞུ་སྦྱང་བྱས་ཚེ
    ད་གཟོད་ཁྱེད་ཅག་གི་བློ་སྟོབས་དེ་མཚོན་ཆོག་གམ
    ཁྱེད་ཅག་དེ་ལྟར་འབར་གྱིན་པའི་བར་གསེང་ནས
    ཐ་སྙད་འདི་ཚོས་ང་འུ་ཐུག་པར་བྱས་སོང
    སྙན་ངག་ཅིག་ཡིན་མིན་མི་ཤེས་པའི་ཚིག་དུམ་འདི་ཚོས
    དྲང་བོར་བཤད་ན་ཁྱེད་ཅག་གསར་དུ་འབྲི་བཞེངས་བྱེད་ཀྱིན་ཡོད་དམ

    ང་ལ་གསེར་སྙུག་ཅིག་དང
    གསེར་གྱི་སྣག་ཚ་ཞིག་སྩོལ་རོགས
    ངས་ཞོལ་རྡོ་རིང་གི་ངོས་སུ
    དཔའ་བོ་ཚོའི་མཚན་བྱང་བསྐྱར་འབྲི་བྱེད་དགོས

    ༢༠༡༡ ༡༠ ༧ དགོང་མོ་བྲིས།

    Reply
  8. sangkye says:
    ལོ་ 14 སྔོན།

    ཀྱེེ་ཧོ་མགོན་པོ་་་་་་་་བོད་རྒྱལ་ཁབ་གྱི་ཆེད་དུ་རང་སྲོགས་མེ་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་ཆོས་འཕེལ་དང་འཇམ་དབྱངས་གཉིས་གྱིས་ནུབ་ཕྱོགས་བདེ་བ་ཅན་གྱི་་ཞིང་མཁམས་སུ་སྐྱེ་བའི་སྨོན་ལམ་དང་སྐྱབས་འཇུག་ཞུ་བཞིན་ཡོད། ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ་ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ ཨོྃ་མཎྀ་པདྨེ་ཧཱུཾ་ཧྲིཿ་

    Reply
  9. sangkye says:
    ལོ་ 14 སྔོན།

    ཀྱེེ་མ་ཧོ། རྣམ་རྒྱལ་ལགས་ཁྱེད་གྱིས་བོད་བསྟན་པ་ཆབ་སྲིད་གྱི་དོན་ཆེད་མ་རེད་དེ་འདྲ་མ་གསུང་། ཁོ་རིང་གཉིས་ལ་མཚོན་ན་བོད་རྒྱལ་ཁབ་ལ་རང་དབང་མེད་པ་དང་། འགྲོ་བ་མའི་ཐོབ་ཐང་མེད་པ། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་མི་ཆོག་པ་དང་། བོད་རྒྱལ་ཁབ་ལ་དབང་ཚད་ཅི་ཡང་མེད་པའི་སྡུག་བསྔལ་བཟོད་སྲན་མེད་པའི་ངང་ནས་། རང་ལུས་མེ་སྲེག་བཏང་བ་རེད་མ་གཏོགས། རང་གི་སྣང་བ་ཆེ་ཆུང་ཞིག་གི་ཏོལ་རྡ་མ་རེད་ལགས། དེ་འདྲ་མ་གསུང་ལགས་ཡག་པོ་མི་འདུག། དེ་འདྲ་ལབ་མཁན་ཚོ་མཁའ་འགྲོ་ཆོས་སྐྱོངས་སོགས་གྱིས་སྙིང་ཁྲག་བཞེས་དགོས་རེད། དམ་མཉམ་པའི་དགྲ་བོ་དེ་རེད། རང་གི་མཛུ་གུ་གཅིག་མེ་སྲེག་བཏང་མི་ཐུབ་པའི་དེ་འདྲ་སྨད་སྒྲ་མ་བྱེད་དགྲ་བོ་ལགས།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གསེར་ཁྲི་ཟེར་ནས་བཅོས་རོགས།

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རྡ་ས་ནས་སྣང་བ་སྐྱིད་པོའི་སྐད་ཆ་རྐྱང་རྐྱང་མི་བཤད་པར་དོན་ལག་ལེན་གྱི་ཐོག་ནས་བོད་དོན་ཞིག་བསྒྲུབ་འདོད་ཡོད་ན་ཚེ་སྲོག་མེད་རུ་སྒྲོན་པའི་ཁོང་ཚོའི་རྒྱབ་ཏུ་ལོངས་ཤོག།
    དང་པོ་གསར་ཁྲི་སྟེང་གི་བླ་བ་ཚོ་མདུན་ནས་སྣ་དྲངས་ཏེ་ཕེབས་ཤོག
    དེ་ནས་སྲིད་ཁྲི་ཐོག་གི་དཔོན་པོ་ཚོ་ཕེབས་ཤོག།
    དེ་ནས་སྲང་བར་ནས་གཏམ་བཤད་སྙན་མོ་བཤད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མིང་བྱང་རྫིག་པོ་ཅན་རྣམས་ཕབས་ཤོག
    དེ་ནས་སློབ་གྲྭའི་སྤྱོབ་སྤྱི་ཁ་བདེ་བོ་ཚོ་དང་མི་རིགས་ཀྱི་སྣེ་ཁྲིད་དུ་བཤད་པའི་དགེ་རྒན་ཚོ་ཕེབས་ཤོག
    དེ་ནས་ང་ཚོ་མི་མང་བཅོས་མ་ཚོས་ཁྱེད་ཚོས་རྗེས་དེད་ནས་ཡོང་གི་ཡིན།
    ད་ང་ཚོས་སྐད་ཆ་སྙན་མོ་རེ་མི་བཤད་པར་ཚེ་སྲོག་མེ་རུ་སྒྲོན་མཁན་ཚོའི་རྒྱབ་ཏུ་ལངས་ནས།
    ས་མཚམས་བརྒལ་ནས་བོད་ལ་ལོག་འགྲོ
    མེ་ཆུ་རླུང་གསུམ་སྟག་གཟིམ་དོམ་དྲེད་སུ་ལ་ཐུག་ཀྱང་ཕྱིར་ནུད་མེད་པརཁོང་ཚོས་རྒྱབ་སྐྱོར་དུ་བོད་ལ་ལོག་འགྲོ།
    དེ་ལྟར་མ་ཐུབ་ན་བོད་ནས་མི་ལུས་རིན་ཆེན་དེ་ཚོའི་ཚེ་སྲོག་འཕྲོགས་བརླགས་བཏང་མཚམས་བཞགས་ནས་ང་ཚོ་ནི་ལྐུག་པ་བཞིན་ཁ་བཙུམས་ནས་བཞུགས་རོགས།
    སྐེ་མགྲིན་པ་ཡན་ཆོད་ཀྱི་སྐད་ཆ་སྙན་མོ་རེ་བཤད་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འཆི་ཐུབ་པ་འཕགས་པ་སྤྱན་ས་གཟིགས་ཀྱི་ཞིངས་ཁམས་ལ་སྐྱེ་འགྲོ་གི་རེད་ཟེར་ནས་བོད་ནང་གི་མི་འདི་ཚོའི་ཚེ་སྲོག་འཕྲོ་བརླགས་མ་བཏང་རོགས།
    བོད་ནང་གི་མི་འདི་ཚོའི་ཚེ་སྲོག་ལ་རིན་ཏང་བཞགས་རོགས།

    Reply
  12. ཐུབ་བསྟན། says:
    ལོ་ 14 སྔོན།

    དྲ་གྲོགས་ཡོངས་ཀྱིས་འགྱུར་མེད་བསྟན་འཛིན་ཟེར་བ་འདི་ལ་གཟབ་དགོས་ངེས་འདུག
    འདིས་བདེན་གསོལ་སྨོན་ཚིག་གི་ཚིག་ཟིན་ཚུན་ཆད་ལ་ཟིར་ཟ་བྱེད་སྟངས་འདིས། ཁོ་པ་ང་ཚོས་ཤེས་དགོས་ངེས་ཤིག་རེད།

    Reply
  13. ཏ་ལའི་ཕོ་ཉ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས་ཡག་པོ་གསུང་འདུག་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཐམ་པ་ཡོད།

    Reply
  14. ཏ་ལའི་ཕོ་ཉ། says:
    ལོ་ 14 སྔོན།

    ཨ་ཁ་ཨ་ཁ་་་་་་ ཡང་དཔའ་བོ་གཉིས་རེད་འདུག་ད་ཡིན་ན་བཙན་འབྱོར་གཞུང་ལ་དྲི་བ་ཞིག་ཀ་མེད་བྱུང་་་་ཡོན ཏན་ཅན་གྱིས་རང་གཞུང་ལས་བྱེད་བྱེད་ཚོ་ཁྱོད་ཚོ་གནས་འདི་དག་ལ་དོ་སྣང་བྱེད་གི་ཡོད་དམ་མེད་གལ་སྲིད་ཡོད་ན་གཞང་གི་ངོ་ནས་ལས་འགུལ་མ་སྤེལ་བ་རྒྱུ་མཚན་གང་རེད་ཡང་ན་དཔའ་དེ་དག་ལ་སྐྱར་དུ་མ་ཡོང་བ་དམ་དྲག་མ་བྱེད་གང་རེད་ཁྱོད་ཚ་ཟ་ཡ་ཞིམ་པོ་བསྡད་ས་སྐྱིད་པོ་ཡོད་བ་ཙམ་གྱི་འགྲིག་འདུག་གམ་་་་་་དཔའ་དེ་དག་གི་ཚེ་སྲོག་ནི་ཙ་ཆེན་མིའི་སྲོག་ཡིན་པ་ཁྱོད་ཚོ་ཤེས་ཀྱི་འདུག་གམ་་་་་་རང་གི་ལས་ལ་དཔེ་སྦྱར་རོགས་དཔའ་བོ་དེ་དག་གི་སྲོག་དོན་མེད་གཞག་ན་ག་བ་འགྲིག་གི་རེད་་་་་ད་ཁྱེད་ཚོ་དོན་མེད་ཀླིང་སློང་བྱེད་བསྡད་པ་ལས་གང་འགྱོགས་ལས་འགུལ་མགོ་ཁྲིད་གནང་རོགས་ང་ཚོ་མི་མང་ཚོ་དྲ་སྒྲིགས་ཨང་གསང་ཡོད་་་་་་སྤྱི་གཏང་གཞུང་འབྲེལ་མིན་པའི་ལས་གང་སྤེལ་གི་ཡོད་བ་དེ་ལ་གུས་པའི་དགའ་སུ་ཞུས་གི་ཡོད་ཡིན་ཡང་རང་གཞུང་ཉལ་ནས་བསྡོད་པ་དེ་ལ་གུས་ངོ་རྒོལ་བྱེད་ཀྱི་ཡོད་་་་་ཡ་ད་ཉལ་ནས་མ་སྡད་རོགས་ཡ་ལངས་རོགས་་་་་།།།།།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འཆི་ཐུབ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་སྐྱེ་གི་རེད་ཟེར་ནས་འབོད་བསྐུལ་འདི་ད་མཚམས་བཞགས་རོགས།
    མི་ལུས་ཟེར་བ་འདི་སྐྱེ་བ་རླབས་ཆེན་རེད་འཆི་བ་དོན་མེད་བྱ་ཆེད་དུ་འབོད་བསྐུལ་རྫུན་མ་རེ་མ་བྱ་རོགས་བོད་ནང་གི་མི་འདི་ཚོའི་ཚེ་སྲོག་འཕྲོགས་བརླགས་བཏང་མཚམས་བཞགས་རོགས།
    རང་ཉིད་ཀྱིས་བོད་མི་རིགས་ཀྱི་ལས་དོན་གང་བརྩམ་གི་ཡོད་གྲུབ་འབྲས་ཡོད་པའི་ལས་ཀ་གང་ཡང་མི་བྱ་པར་མི་གཞན་གྱི་ཚེ་སྲོག་འཕྲོ་བརླགས་བཏང་བའི་ཆེད་དུ་སེམས་ཤུགས་ཡོད་མདོག་གིས་འབོད་བསྐུལ་རྫུན་མ་རེད་མ་བྱེད་རོགས།
    རང་ཉིད་ཀྱིས་བོད་དོན་ཆེད་དུ་ཁབ་ཙམ་བཙུགས་པའི་ན་ཟུག་བཟོད་མི་ཐུབ་པར་མི་གཞན་གྱི་ཚེ་སྲོག་མེ་རུ་བསྒྲོན་པའི་འབོད་བསྐུལ་རྫུན་མ་དེ་འདྲ་བྱ་བའི་མཚམས་བཞགས་རོགས།བོད་ནང་གི་མིའི་ཚེ་སྲོག་ལ་རིན་ཐང་བཞགས་རོགས་་་་་་སྐུ་མཁྱེན་་་་སྐུ་མཁྱེན་་་་་་སྐུ་མཁྱེན་་་་

    Reply
  16. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཀྱེ་མ་ཀྱི་ཧུད། ད་ནི་དཔའ་བོའི་ཚེ་སྲོག་གི་མཆོད་སྦྱིན་འདི་མཚམས་འཇོག་རྒྱུ་མིན་པ་འདྲ། གལ་ཏེ་ད་དུང་མུ་མཐུད་འདི་ལྟར་ཚེ་སྲོག་བློས་གཏོང་གནང་ངེས་ན་རང་གི་དགོས་དོན་དང་རེ་བ་སོགས་གསལ་བོ་ཞིག་བསྒྲགས་རྒྱུ་ཧ་ཅང་གལ་ཆེ། དཔེར་ན་དར་ཡིག་དང་སྦྱར་ཡིག ཡིག་ཆ་གཏོར་བ་བཅས། ད་དུང་པར་རྒྱག་མཁན་ཡང་གྲ་སྒྲིག་དགོས། དེ་འདྲ་བྱུང་ན་རྒྱལ་སྤྱིའི་ཐོག་ལ་གསལ་བསྒྲགས་བྱེད་པར་ཕན་ནུས་ཆེན་པོ་ཐོན་ཐུབ།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།

    Reply
  17. རོ་ལངས། says:
    ལོ་ 14 སྔོན།

    ངོ་མ་རྔ་བའི་མི་མང་གི་འགྲན་ཟླ་མེད་པའི་འགུལ་སྐྱོད་མཛད་སོང་ལ་བློས་གཏོང་ཡང་གནང་སོང་། འོན་ཀྱང་ད་དུང་ང་ཚོའི་བློས་གཏོང་གི་འདང་ཡང་འཆར་བཞི་ཡིས་མི་འདང་ས་མང་བས། མགོ་འགུལ་དུས་རྔ་མ་འགུལ་ཐུབ་ཀྱི་མི་འདུག་པའི་གནས་སྟངས་འདི་རེད་ལ། གྲ་སྒྲིག་གིས་མ་འདང་བས་བློས་གཏོང་གི་སྟོབས་ཤུགས་ཡོངས་སུ་རྫོགས་མི་ཐུབ་པ་འདི་ཡིན། འདི་ནི་ཡིང་རང་དང་གདུང་སེམས་མཉམ་སྐྱེད་ཀྱི་ཟུར་ནས་ཕངས་སེམས་ཀྱི་ཟུར་གཅིག་ཀྱང་མངོན་ཡོང་བ་ཡིན་པ་རེད། འདི་ཡི་ལེ་ཁག་ནི་ངས་རང་ཁོ་ན་ལ་ཟློ་གིན་ཡོད། ད་ནི་འགའ་རེ་མེ་ཡིས་ཚིག་འགྲོ་དུ་འགའ་རེ་ལྟད་མོ་ལ་གཡེངས་ནས་མི་འདུག་པར་གཅིག་སྒྲིལ་ཞེས་པའི་ཐ་སྙེད་སྙན་པོ་དེ་ཚོ་ལག་ལེན་དུ་འགེལ་རན་སོང་ལ། རན་པ་མ་ཚད་ཕྱི་དྲག་འདུག་གོ

    Reply
  18. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    གཞིས་ལུས་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེ་བསྲེག་གི་ལས་འགུལ་སྤེལ་དུས་རང་དབང་ལུང་བར་ཡོད་མཁན་གྱི་བོད་པ་ཚོས་ཡིད་རིང་རེ་དང་མར་མེ་ཁྲོམས་སྐོར་གྱི་མཛད་སྒོར་གཏམ་བཤད་རེ་སྤེལ་བ་མ་གཏོགས་བསམ་གྱི་དྲན་གྱི་མེད་པ་འདི་ངོ་གནོང་དགོས་པ་ཞིག་མ་རེད་དམ

    Reply
  19. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    བདག་གི་ཕ་ཡུལ་གྱི་གནས་སྟངས་འདི་ནི། ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད་ཡ། བདག་གི་ཕ་ཡུལ་ཨ་མདོ་རྔ་བ་ཞེས་པ་འདི་སྔོན་མ་ཞིག་ལ་ཚོང་པ་མང་ས་ཞིག་ཡིན་ནའང་། ད་སྐབས་དེ་ལས་འགྱུར་ཏེ་ཚེ་སྲོག་མེ་ལ་སྒྲོན་མཁན་མང་ས་ཞིག་ཏུ་གྱུར་འདུག་ཨང་། ཕ་ཡུལ་གྱི་གནས་སྟངས་འདི་སྙམ་ནས་འོང་ན། ངོ་མ་ཕ་ཡུལ་ལྷག་ཏུ་དྲན་ཡོང་གི་ལ། ཕ་ཡུལ་གྱི་ཡུལ་མི་དཀྱུས་མ་ཚོ་ངོ་མ་བླ་ལྷག་ཏུ་དྲན་བཞིན་འདུག། ཕ་ཡུལ་མི་མང་ཚོ། ངོ་མ་ཁྱེད་ཅག་ངར་སོང་། བཟང་སོང་། བདག་གི་སེམས་དབུས་ན་ཁྱེད་ཅག་ནམ་ཡང་རྡོ་བརྐོས་རི་མོ་དེ་ལེགས་སོ།།

    Reply
  20. འཇམ་ཚུལ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་འདྲ་གཅིག་རྗེས་གཉིས་མཐུད་དུ་ཐོས་སྐབས་སྔངས་སྐྲག་ཅིག་དང་ཕངས་སེམས་ཤིག་ལས་ཅི་ཞིག་བཤད་དགོས་པ་དང་། ཅི་ཞིག་བསྒྲུབ་དགོ་བ། མཐའ་ན་ཁོང་རྣམ་པར་སྔགས་བརྗོད་དང་ཡི་རིང་གི་ཚིག་ཅིག་འབྲི་བར་ཡང་སྤོབས་པ་ཕྲ་ཙམ་ཞིག་ཏུ་གྱུར། གང་གིས་ཤེ་ན། རང་དབང་གི་འཁོར་ཡུག་ཏུ་ལྷག་པའི་བོད་པ་ཆེས་ཉུང་ཤས་ཤིག་ལས་མ་གཏོགས་ང་རང་ཚུད་པའི་བོད་རིགས་ཡོད་ཏོ་ཅོག་གིས་གཞན་གྱིས་རྒྱབ་སྐྱོར་དང་། རོགས་རེམ་ལ་རེ་བའི་འདུ་ཤེས་ཤིག་ལས་རང་འགུལ་གྱིས་དོན་ནུས་ལྡན་པའི་མི་རིགས་འཐབ་རྩོད་དང་། རྒྱལ་སྐྱོབས་བྱ་བཞག་ལས་གཡོ་གང་ཐུབ་ཀྱིས་རང་གི་ཁ་རྒྱབ་ཙམ་གྱི་ཆེད་དུ་ཧུར་ཐགས་འབད་ཐགས་བྱེད་བཞིན་པ་འདི་རེད།
    གང་ལྟར་ངའི་ཕ་ཡུལ་དང་ཕ་ཡུལ་གྱི་སྤུན་ཟླ་རྣམ་པ། ཁྱེད་ཅག་གི་དཀའ་སྡུག་དང་མནར་གཅོད། འགྲན་བྲལ་གྱི་བློས་བཏང་དག་གིས། དཔལ་འབྱོར་གྱིས་བྲན་གཡོག་ཏུ་ཚུད་པའི་རིགས་མཐུན་དག་དང་། རྒྱལ་བཙོང་ནང་རིལ་མཁན་གྱི་བོད་པ་དག་ལ་མི་རིགས་འཐབ་རྩོད་ཀྱི་འདུ་ཤེས་གསོན་པོ་ཞིག་དང་། རང་མི་རིགས་ལ་ཞེན་པ་དཀར་བའི་རྣམ་ཤེས་ལ་གསོན་ཤུགས་རྒྱས་པར་སྨོན།

    Reply
  21. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    རྔ་བའི་ལ་རྒྱ་དང་ཆོད་སེམས་ལ་སྙིང་ནས་གུས་འདུད་ཞུ། འདས་པོ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་་་་་་་་མ་ཎི་ཡི་གེ་དྲུག་མས་སྐྱེལ་མ་ཡོད། ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ཨོྃ་མཎི་པདྨེཧཱུཾཿ ་་་་ཤུལ་ལུས་རྒྱལ་གཅེས་ཕུལ་བྱུང་དཔའ་བོ་དང་རིགས་བཟང་དཔའ་མོ་རྣམས་ཀྱི་བསམ་དོན་ཇི་བཞིན་འགྲུབ་པ་དང་། ངེད་ཅག་ནི་ནམ་ཡང་ཁྱེད་ཅག་དང་ལྷན་དུ་སེམས་པའི་ནང་སེམས་པ་བཞག་ནས་ཡོད། ཤུགས་རྒྱོབ་་་་་རེམས་་་་་་་་རེམས་་་་་་་རེམས་་་་་་་་་་

    Reply
  22. ཟུངས་ཁྲག says:
    ལོ་ 14 སྔོན།

    བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བཤད་པ་བདེན་པ་རེད་མོད་འོན་ཀྱང་རང་ཉིད་ཀྱིས་འཛམ་གླིང་སྒུལ་བའི་ལས་འགལ་གྱི་མགོ་རྩོམ་དང་མཇུག་མཐུད་མཁན་རང་དོན་རང་གཅེས་ཀྱི་ཚོགས་པ་ཁག་ཡོད་ཡོད་པ་རེད་ལགས།

    Reply
  23. སྒྲོན་འོད ། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན་་་་་་ ཨ་མདོ་རྔ་བ་ཚང་མ་མེ་བྲེག་བཏང་ནས་ཚར་རྒྱུ་ཉེན་འདུག་་་་་། ཡིན་ནའང ་ས་གནས་གཞན་ཟླ་ཚང་མ་བདེ་བོ་རེད་བ ། བོད་པའི་བདེ་སྡུག་ཡོད་ཚད་ཨ་མདོ་རྔ་བའི་ཆེད་དུ་ཡིན་ནམ་བསམ་གི་འདུག་་་་ ཨ་་ཨ་་ཁོ་ཚོ་ལ་སྙིང་རྗེ་་་་་་་

    Reply
  24. གྲྭ་རྒོད says:
    ལོ་ 14 སྔོན།

    facebook ནང་དུ་གནས་ཚུལ་འདི་འདྲ་ཞིག་ཐོན་འདུག་་་་་་་་

    ཕྱི་ཟླ་༡༠ ཚེས་༧ ཉིན།
    ད་ལྟ་རང་བོད་ནས་འབྲེལ་ཡོད་མི་སྣ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཚོུད་༡༢ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་ཐོག་གི་ཁྲོམ་སྲིང་དུ་གློ་བུར་དུ་མི་སྐྱ་གཉིས་ཀྱིས་སྐུ་ལུས་མེར་བསྲེགས་ཏེ།
    བོད་ལ་རང་དབང་དགོས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་ཚང་མ་ལོངས་ཤོག་ཅེས་པའི་སྐད་འབོད་ཤུགས་ཆེན་བྱས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་། མཐར་མི་གཅིག་དེ་མ་ཐག་འདས་གྲོངས་དང་མི་གཅིག་གི་ལུས་ཡོངས་རྫོགས་མེས་ཤུགས་ཆེན་ཚིགས་ཏེ་ད་ལྟ་ཤི་གསོན་གནས་སྟངས་གསལ་ཁ་མི་འདུག
    ཨ་ཁ་ཧང་སེང་དགོས་པ་ཞིག་རེད། བོད་མི་ཚོ་ལྟོས་དང་????????????

    Reply
  25. རྣམ་རྒྱལ། says:
    ལོ་ 14 སྔོན།

    ངས་མང་པོ་ལ་བཀའ་འདྲི་ཞུས་ཀྱང་། བོད་བསྟན་པ་ཆབ་སྲིད་གི་དོན་དུ་རེད་གསུང་པ་ཙམ་ལས། དམིགས་ཡུལ་ངོ་མ་འདི་རེད་ཟེར་བཤད་མཁན་མི་འདུག

    ང་ཚོ་བོད་གཞིས་བྱེས་གཉིས་ནས་རྒྱ་དམར་གུང་ཁྲན་དང་བརྩོད་གཞི་ངོ་མ་གང་ཡིན་ཤེས་འདོད་འདུག

    Reply
  26. རྣམ་རྒྱལ། says:
    ལོ་ 14 སྔོན།

    བོད་ནང་གཅིག་རྗེས་གཉིས་ཐུད་ནས་རང་ལུས་མེར་བསྲེགས་བཏང་དང་བཏང་བཞིན་པ་འདི་རྣམས་ཀྱི་དམིགས་ཡུལ་ངོ་མ་བོད་རང་ཙན་མཆེད་དུ་ཡིན་དང་ཡང་ན་རང་སྐྱོང་མཆེད་ཡིན། ད་ཆ་ང་ཚོ་བོད་ཀྱི་རྒྱ་དམར་མཉམ་དུ་རྩོད་གཞི་ངོ་མ་གང་ཡིན་ཤེས་འདོད་འདུག
    རང་རིགས་གདོང་དམར་བོད་ཀྱི་མི་རིགས། ཤ་ཁྲག་གཅིག་པའི་རིགས་བརྒྱུད། སངས་རྒྱས་སྟན་པའི་རྗེས་འཇུག མ་ནོར་ལམ་བཟང་ཡོངས་སྨོན།

    Reply
  27. རིན་འཕེལ། says:
    ལོ་ 14 སྔོན།

    རྐང་གསུམ་གྱི་བཤད་པ་བདེན་པ་རེད། ཀླུ་མཁར་ལྟ་བུ་ཡིན་ན་རྒྱུན་དུ་བོད་མི་རིགས་འཐབ་བརྩོན་བྱེད་དགོས་ན་ཁྲག་དང་རྣག་གི་འགྲོ་སོང་མ་བཏང་བར་ལམ་དབུ་མའི་ངང་ནས་འགྲུབ་ཐབས་ཁྱོན་ནས་མེད་ཟེར་མཁན་ཞིག་ཡིན་ཙང་།. ད་ཡིན་ན་ཁ་བཤད་དོན་ལ་འབབ་རན་འདུག. ད་ཐག་མ་ཆོད་ན་དགུ་བཅུ་གསུམ་གྱིས་གོ་གནས་ཆུང་ཆུང་འདི་བློས་བཏང་མ་ཐུབ་པ་རེད།

    Reply
  28. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    སང་ཉིན་ནས་འཛམ་གླིང་བསྒུལ་བའི་ལས་འགུལ་ཞིག་མི་སོ་སོའི་ཐད་སྤེལ་རོགས. ༢༠༠༨ ནང་བཞིན
    གངས་ཅན་པ་ཚོ. ཕ་བཟང་གི་མི་བུ་ཚོ་. གཡང་བཟང་ཀོ་བ་ལྟར
    ཡིན་ད. ཡིན་ད་་་་་་. ཡོད་ད་ཡོད.

    Reply
  29. རྐང་གསུམ། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ཉིད་མཆོད་མེ་རུ་སྒྲོན་མཁན་གྱི་རྒྱལ་གཅེས་དབའ་བོ་དག་ལ་སྙིང་ནས་བཀའ་དྲིན་དང་སྨོན་ལམ་ཡོད།
    དེ་མིན་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མ་འགྲིག་ཚུལ་བརྗོད་མཁན་ཚོ་ད་མདུན་དུ་ཡོང་རན་རེད་ཡ།

    Reply
  30. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 14 སྔོན།

    ཨོྃམཎིཔདྨེཧཱུཾཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese