མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་སྟོང་བགྲོ་གླེང་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་ལ། ༼ དཔལ་རྒྱལ་བ་ཇོ་ནང་པའི་གཞན་སྟོང་བགྲོ་གླེང་ཆེན་མོ་ཐེངས་བདུན་པ ༽ཞེས་པ་དེ་ཕྱི་ཟླ་ ༩ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་ཉིན་བཅོ་ལྔ་རིང་མགོ་ལོག་གཙང་སྐོར་ཞོལ་མའི་དགོན་པ་བཀྲ་ཤིས་ཆོས་གླིང་དུ་འཚོགས་བཞིན་ཡོད་ཅིང་། སྤྱིར་ད་ལོའི་བགྲོ་གླེང་དེ་རྔ་པ་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་དུ་འཚོགས་གཏན་ཁེལ་ཡོད་ཀྱང་། ད་ལྟའི་རྔ་ཡུལ་གྱི་གནས་སྟངས་དང་། རྒྱ་གཞུང་གིས་རྔ་ཡུལ་དགོན་སྡེ་ཐམས་ཅད་ལ་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་སྟབས། རྩི་ནང་དགོན་དུ་འཚོགས་མ་ཐུབ་པར་བཀྲ་ཤིས་ཆོས་གླིང་དགོན་དུ་འཚོགས་དགོས་བྱུང་ཡོད་པ་རེད། 

ཐེངས་འདིའི་བགྲོ་གླེང་ཐོག་རྒྱལ་བ་ཇོ་ནང་པའི་དགོན་ཆེན་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དང་བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་། ཡར་ཐང་དགོན་ངེས་དོན་བཤད་སྒྲུབ་གླིང་། ལུང་སྐྱ་དགོན་ངེས་དོན་མི་འགྱུར་བདེ་ཆེན་གླིང་། གཙང་བཀྲ་ཤིས་ཆོས་འཁོར་གླིང་སོགས་ཇོ་ནང་དགོན་ཆེན་བདུན་གྱི་གཙོས་ཇོ་ནང་དགོན་སྡེ་ ༧༠ ཙམ་གྱི་དགེ་འདུན་པ་ ༢༠༠༠ བརྒལ་བ་དང་། བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་གནད་ཡོད་མི་སྣ་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་ཡོད་འདུག

བགྲོ་གླེང་ཐོག་དགོན་སྡེ་སོ་སོའི་བཤད་གྲྭ་བ་རྣམས་ཀྱིས་རྩོད་རྒྱུགས་དང་བློ་རྒྱུགས། འཆད་འཁྲིད་བཅས་ཀྱི་རྒྱུགས་སྤྲོད་མཛད་རྗེས། གཞུང་ཆེན་བཀའ་བོད་ལྔའི་ཐོག་བགྲོ་གླེང་ངམ་རྩོད་པ་ཕུལ་ཕྱིན་གནང་ཡོད་པ་དང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་ཆེན་འདིར་རྒྱ་སྒོར་འབུམ་བདུན་ ༧༠༠༠༠༠ གྱི་འགྲོ་གྲོན་དེ་དགོན་པ་རང་གི་ལྷ་སྡེ་གཙང་ཞོལ་མར་དུད་ཚང་གཅིག་སྟོང་ལྷག་ཡོད་པ་དེས་མཐུན་འགྱུར་ཁས་ལེན་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༠ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཉིན་བཅོ་ལྔ་ལ་གྲྭ་བ་ཉིས་སྟོང་ལ་སྒོར་འབུམ་བདུན་ཡིན་ན་མང་པོ་མ་རེད། གྲ་བ་རེ་ལ་ཆ་སྙོམ་སྒོར་༣༥༠དང་ཉིན་རེར་ཆ་སྙོམ་སྒོར་༢༣་ལྷག་ཙམ་རེད།
    བདག་གིས་ཤེས་འདོད་པ་གཅིག་ནི་ཇོ་ནང་བར་བོད་ཕྱི་ནང་གཉིས་བསྡོམས་ན་གྲྭ་བ་ཅི་ཙམ་ཡོད་པ་དང། བླ་ཆེན་དང་དགེ་བཤེས་ཅི་ཙམ་ཡོད་པ་དེ་ཡིན།
    མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི། །
    ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི།།
    ལུངས་་རྟོགས་བཀའ་བབས་བུ་ཇོ་ལུགས་ཟུང་གི།
    གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག།

    Reply
  2. ཆོས་བཟང་། says:
    ལོ་ 15 སྔོན།

    ༡༽ བགྲང་ཡས་བསྐལ་བར་ཐུགས་བསྐྱེད་ལེགས་གོམས་པས།།
    མཐའ་ཡས་འགྲོ་བའི་རེ་སྐོང་དམ་ཆོས་ཆར།།
    འབེབས་མཁས་མཉམ་མེད་ཤཱཀྱའི་དབང་པོ་ཡིས།།
    འགྲོ་འདི་དགེ་ལེགས་དཔལ་གྱིས་བསྐྱང་དུ་གསོལ།།

    ༢༽ རིམ་གསུམ་ཆོས་ཀྱི་འཁོར་ལོའི་དགོངས་པའི་དོན།།
    མཁས་དང་གྲུབ་བརྙེས་དུ་མས་བཀྲལ་བ་ལས།།
    ཆོས་ཀྱི་སྒོ་མང་རབ་དབྱེའི་ཡ་གྱལ་གཅིག།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༣༽ གངས་ལྗོངས་རྒྱལ་བསྟན་པདྨའི་ཚལ་ཡངས་པོར།།
    བཤད་སྒྲུབ་ཆོས་ཚུལ་འདབ་བརྒྱ་གྲོལ་བའི་ཁྲོད།།
    འཁོར་ལོ་ཐ་མའི་དགོངས་པ་རྩལ་བཏོན་པའི།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༤ ༽ མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།།
    ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
    མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༥༽ ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ།།
    དོལ་བུ་བ་དང་ཀུན་དགའ་གྲོལ་བའི་མཆོག།
    རྗེ་བཙུན་སྒྲོལ་མགོན་སོགས་ཀྱིས་ལེགས་སྤེལ་བའི།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༦ ༽ སྙིང་པོའི་མདོ་དང་ཀླུ་སྒྲུབ་གཞུང་གི་དོན།།
    གཞི་འབྲས་དབྱེར་མེད་རྟག་བརྟན་བདེ་གཤེགས་སྙིང༌།།
    ཡེ་ནས་བཞུགས་པའི་དོན་དམ་འགྲེལ་བའི་ཚུལ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༧༽ མདོ་ཡི་ལྟ་བ་གཞན་སྟོང་དབུ་མ་དང༌།།
    རྒྱུད་དོན་རྣལ་འབྱོར་དྲུག་གི་ཉམས་ལེན་གྱིས།།
    ཆོས་སྐུ་མངོན་དུ་མཛད་པའི་བཞེད་སྲོལ་ཆེ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

    ༨ ༽ སྐྱབས་གནས་རྒྱལ་དང་རྒྱལ་སྲས་བྱིན་ཆེན་དང༌།།
    ཆོས་ཉིད་དོན་དམ་འགྱུར་བ་མེད་པའི་སྟོབས།།
    དཀར་ཕྱོགས་ལྷ་དང་བདག་ཅག་མོས་གུས་མཐུས།།
    སྨོན་ལམ་འདི་བཏབ་ཇི་བཞིན་འགྲུབ་པར་ཤོག།

    ཅེས་པ་འདི་ཡང་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་གསོལ་འདེབས་ཤིག་དགོས་ཞེས་མཁན་པོ་ངག་དབང་རྡོ་རྗེས་གཙོས་གཞིས་བྱེས་ཇོ་ནང་པ་སེར་སྐྱ་མི་མང་ཐུན་མོང་ནས་རྟེན་བཅས་བསྐུལ་བ་ལྟར་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རྒྱལ་ལོ་ ༢༡༢༨ རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༠ ཚེས་ ༨ ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༣ ཉིན་འཕགས་ཡུལ་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁོངས་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།

    Reply
  3. བསྟན་འཛིན། says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཀློག་མཁན་རྣམ་པར་གསལ་བཤད་ཚིག་གཅིག་ཞུ་འདོད་བྱུང་།
    གཞན་སྟོང་བགྲོ་གླེང་ཆེན་མོའི་སྐབས་ཀྱི་སྦྱིན་བདག་གཙང་སྐོར་ཞོལ་མའི་སྲས་མཆོག་ཚང་ནང་མི་གཅིག་པོ་རེད། ཡིན་ན་ཡང་གཙང་ཞོལ་མའི་སྡེ་བ་ཡོངས་ཀྱིས་མཐུན་འགྱུར་ཞུས་པ་རེད་ཅེས་བཤད་ན་མ་འགྲིག་པ་མེད་པར་མངོན།
    གཡག་རོག་ལགས་ཀྱིས་གསུང་པ་བདེན་པ་རེད་མོད། མི་ཁྱིམ་འབྱོར་ལྡན་རྣམས་ཀྱིས་དགེ་འདུན་པའི་སྡེ་ལ་འཚོ་བ་སྦྱོར་རྒྱུའི་ལུགས་སྲོལ་བཟང་པོ་དེ་སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་ནས་ཡོད་པ་རེད། དཔེར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་བཞེངས་ཏེ། དགེ་འདུན་ལྔ་སྟོང་ལྷག་ལ་འཚོ་བ་སྦྱར་བ་ལྟ་བུ་རེད།
    ད་དུང་གཞན་སྟོང་བགྲོ་གླེང་འདིའི་སྐབས་ཀྱི་སྦྱིན་བདག་ཆེན་མོ་སྲས་མཆོག་ཚང་གིས་རང་ངོས་དང་ལེན་ཞུས་ཏེ། སྦྱིན་བདག་ཞུ་ཆོག་པའི་རེ་སྐུལ་ཞུས་པ་དགེ་འདུན་པས་ཞལ་བཞེས་གནང་བ་ཞིག་ཡིན་པ་ལས། དེང་དུས་ཀྱི་དགོན་སྡེ་ཕལ་མོ་ཆེའི་སྦྱིན་བདག་འཚོལ་སྟངས་ལྟར། གོ་རིམ་དང་དམིགས་ཡུལ་ངེས་ཅན་ཅི་ཡང་མེད་ལ། སྦྱིན་བདག་སྲས་མཆོག་ནང་མིས་ཀྱང་ལན་དང་རྣམ་སྨིན་ལ་མི་རེ་བའི་ཐོག་ནས་ལྷག་བསམ་རྣམ་དག་གིས་དད་པའི་མཆོད་སྤྲིན་བསྟར་བ་ཡིན་པས། འདི་ལས་ལྷག་པའི་ཀུན་རྫོབ་རྣམ་དཀར་གྱི་དགེ་བ་ཞིག་གཞར་ཡང་མེད་དོ༎

    Reply
  4. རྣམ་རྒྱལ། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་ཞུ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག

    Reply
  5. རོ་ལངས། says:
    ལོ་ 15 སྔོན།

    བོད་གངས་རིའི་ཁྲོད་དུ་འཁོར་ལོ་བར་པའི་དགོངས་རྩལ་དུ་གཏོང་ནས་འཆད་ཉན་བྱེད་མཁན་མང་མོད། འཁོར་ལོ་ཐ་མའི་དགོངས་པ་རྩལ་དུ་གཏོང་ནས་འཆད་མཁན་དེ་ནི་གཙོ་བོ་༧དཔལ་རྒྱལ་བ་ཇོ་ནང་པ་གཅིག་པུ་ཡིན། དེའི་ཕྱིར་བར་ལམ་དབུས་ཕྱོགས་ཉམས་ཆགས་ཆེ་རུང་མདོ་སྨད་ཕྱོགས་འདིར་གང་འཚམས་དར་རྒྱས་ཡོད་པ་ནི་ཆེས་དགའ་འོས་པའི་དོན་བཟང་ཞིག་ཡིན། ལུགས་འདི་ནི་བོད་རྒྱུད་ནང་བསྟན་གསེར་གྱི་མཆོད་སྡོང་མཛེས་པར་བྱེད་པའི་ཕྲ་ཚོམ་དུ་ཤེས་དགོས་ལ། ངེས་དོན་དབུ་མ་ཆེན་པོ་ཕྱོགས་ཀུན་དུ་དར་ཞིང་རྒྱས་པའི་སྨོན་འདུན་དང་བཅས།

    Reply
  6. གཡག་རོག says:
    ལོ་ 15 སྔོན།

    གཞན་སྟོང་ཆེན་མོར་བགྲོ་གླེང་གནང་བ་གལ་ཆེན་རེད་ལ་དེ་ལས་ཀྱང་ཆོས་ཆོས་སུ་འགྲོ་ཆེན་སྦྱིན་བདག་ཚོར་དཀའ་ལས་མ་གཏད་ན་བཟང་ གདན་ས་ཁག་འཚོག་དུས་་གྲག་་ཚོགས་ཆིག་ཁྲིར་ཉེ་བ་བྱུང་གི་ཡོད་ཀྱང་འགྲོ་སོང་ཅི་ཡང་ཡོད་པ་མ་རེད། དཔལ་འབྱོར་གྱི་རྒྱས་སྤྲོས་འདི་ངོམ་འོས་པ་ཞིག་དང་ངོམ་རིན་ཆོག་པ་ཞིག་མ་རེད

    Reply
  7. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    ཇོ་ནང་ཆོས་འབྱུང་ཆེན་མོ་ཟླ་བའི་འོད་ཟེར་ལན་འགར་བཀླགས་པའི་རྗེས་ནས་བཟུང་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་མི་ལྡོག་པའི་དད་པ་བརྟན་པོ་ཞིག་རྙེད་སོང་། ཁོང་དག་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་གང་མྱུར་ཐོབ་པའི་སྨོན་འདུན་དང་བཅས།

    Reply
  8. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    ཉིན་བཅོ་ལྔ་རིང་ལ་རྒྱ་སྒོ་ཁྲི་བདུན་བཅུའི་འགྲོ་གྲོན་བཏང་ཡོད་ན་ཧ་ལས་དགོས་པའི་གྲ་རྒྱས་པོ་ཞིག་བྱུང་ཡོད་ཐག་ཆད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese