མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་གཞོན་སྐྱེས་ཚོའི་སློབ་ཡོན་ཐོག་རོགས་རམ་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་ལ་ཕེབས་ཏེ། ༧གོང་ས་མཆོག་དང་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་བཅས་ལ་མཇལ་འཕྲད་གནང་ཡོད་ཅིང་། ༧གོང་ས་མཆོག་གིས་ཁོང་ཅག་ལ། བོད་རིགས་གཞོན་སྐྱེས་ཚོར་ཕྱི་རྒྱལ་གཙུག་ལག་སློབ་གྲྭ་ཁག་ཏུ་སློབ་ཡོན་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ནས་ཕྱི་ཚེས་ ༧ བར་དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Tibet Society)གོ་སྒྲིག་འོག དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ ༥ བཞུགས་སྒར་ངྷ་སར་གཟིགས་སྐོར་དུ་ཕེབས་ཏེ། ༧གོང་ས་མཆོག་དང་བཀའ་ཁྲི། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས་ཁག་ཅིག་བཅས་ལ་མཇལ་འཕྲད་དང་གྲོས་བསྡུར། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དབུས་སྣེ་ལེན་ཁང་། བོད་ཁྱིམ་སློབ་གྲྭ དེ་བཞིན་ངྷ་ཁུལ་གྱི་རིག་གཞུང་བསྟི་གནས་ཁང་ཁག་ཅིག་བཅས་ལ་གཟིགས་སྐོར་གནང་ཡོད་འདུག་ལ། ངྷ་སའི་ཀིརྟི་དགོན་དུ་ཀིརྟི་རིན་པོ་ཆེ་དང་མཇལ་འཕྲད་གནང་སྟེ་ཉིན་འདི་གར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་སྐོར་ལ་གླེང་མོལ་བཅས་གནང་ཡོད་འདུག  

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རེ་ཀེ་(Rike Hyde-Chambers)ལགས་དང་ཚོགས་མི་གཅིག་བཅས་ཕེབས་ཏེ་རྒྱ་གར་དང་བོད་རིགས་གསར་འགོད་པ་ཚོར། དབྱིན་བོད་འབྲེལ་ལམ་དང་རྗེས་ཕྱོགས་བོད་དོན་ཐད་རྒྱབ་སྐྱོར་རྒྱ་ཆེར་གཏོང་རྒྱུ། དེ་བཞིན། ཐེངས་འདིའི་གཟིགས་སྐོར་སྐབས་ཀྱི་མྱོང་ཚོར་དང་། ཁོང་ཚོ་ཕྱིར་ལོག་རྗེས་རྗེས་ཕྱོགས་ལས་དོན་ག་རེ་བསྒྲུབ་འདུན་ཡོད་པ་དང་གཞུང་ལ་གྲོས་གཞི་འབུལ་རྒྱུའི་ལས་འཆར་གཏན་འབེབ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་མཐར། གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པ་ངོ་སྤྲོད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག ཕྱི་དྲིལ་ལས་ཁུངས་བཅས་ཀྱིས་དུས་ནས་དུས་སུ་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཀྱི་གྲོས་ཚོགས་འཐུས་མི་གདན་འདྲེན་ཞུ་བཞིན་པ་ལྟར། འདས་པའི་ཉིན་བཅོ་ལྔ་ཉི་ཤུའི་རིང་ཉི་ཧོང་དང་ཨི་ཊ་ལི་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་སྔ་ཕྱིར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། ཐེངས་འདིར་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ལྔ་ཕེབས་ཡོད་སྐོར། ༢༠༠༥ ལོ་ནས་བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མི་དབྱིན་ཡུལ་དུ་གཟིགས་སྐོར་ལ་ཕེབས་པ་དང་། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚུར་གཟིགས་སྐོར་དུ་ཕེབས་པའི་ལས་གཞི་མགོ་འཛུགས་གནང་སྐོར་སོགས་ངོ་སྤྲོད་གནང་བྱུང་།

དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ཧྥེ་ལེ་པཱ་(Philippa )ལགས་ཀྱིས་བརྗོད་པ་ལྟར་ན། ཕྱོགས་གཉིས་པར་གྲོས་ཚོགས་འཐུས་མི་ཕར་འགྲོ་ཚུར་ཡོང་གི་ལས་གཞི་འདིའི་དམིགས་ཡུལ་ནི། བོད་མིའི་དམངས་གཙོ་ལ་རྒྱབ་སྐྱོར་གོང་འཕེལ་དང་། དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མིའི་བར་ཐད་ཀར་འབྲེལ་ལམ་གོང་འཕེལ་སྲ་བརྟན་བཟོ་རྒྱུ། ཕན་ཚུན་གྱི་གྲོས་ཚོགས་ལ་རྒྱུས་ལོན་ཤེས་རྟོགས་ཡོང་ཐབས་བཅས་ལ་དམིགས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྟེང་དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧཱ་མེལ་ཊོན་(Fabian Hamilton) ལགས་ཀྱིས། “དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་གོང་འཕེལ་སྲ་བརྟན་ཡོང་རྒྱུ་གྲོས་ཚོགས་འཐུས་མི་གལ་ཆེན་ཆགས་ཡོད་སྟབས། དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་ཁྲོད་བོད་དོན་ཤེས་རྟོགས་དང་གླེང་སློང་གི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་ཡིན་”ཞེས་བརྗོད་བྱུང་། ཧཱ་མེལ་ཊོན་ད་སྔ་བོད་དང་ངྷ་ས་བཅས་སུ་ཕེབས་མྱོང་ཡོད་ཅིང་། འཐུས་མི་གཞན་བཞི་བོ་ངྷ་སར་ཕེབས་པ་ཐེངས་དང་པོ་ཆགས་ཡོད་འདུག

ཕྱི་ཚེས་ ༤ ཉིན་གྲོས་ཚོགས་འཐུས་མི་རྣམས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་ཀྱང་། སྐབས་དེར་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུ་དེ་གལ་ཆེ་ཤོས་ཡིན་སྟབས། དབྱིན་ཡུལ་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བོད་རིགས་ཚོར་སློབ་ཡོན་སྤྲོད་རྒྱུའི་འབོད་སྐུལ་དང་། ལྷག་པར་དུ་བོད་ནང་གི་བོད་རིགས་གཞོན་སྐྱེས་ཚོར་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཁག་ཏུ་སློབ་ཞུགས་ཀྱི་གོ་སྐབས་སྤྲོད་རྒྱུར་འབད་བརྩོན་གནང་རྒྱུ། ཁོར་ཡུག་སྲུང་སྐྱོབ་ལ་དོ་ཁུར་བྱ་རྒྱུ། དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་ཚོ་འདོད་རྔམ་དང་དབང་ཤུགས་ཀྱི་དབང་སྒྱུར་འོག་མ་ཚུད་པར་བཟང་སྤྱོད་ཀྱི་རྩ་འཛིན་སྟེང་ལང་ཕྱོགས་བརྟན་པོ་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག དབྱིན་ཇི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ(All Party Parliamentary Group for Tibet) ནི་དབྱིན་ཇིའི་ཆབ་སྲིད་ཚོགས་པ་གཙོ་བོ་གསུམ་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་ཅིང་ཕྱི་ལོ་ ༡༩༨༦ ལོར་ཚུགས་པ་ཞིག་ཡིན་འདུག ཚོགས་པ་འདིའི་ལངས་ཕྱོགས་ནི། དབྱིན་ཡུལ་གྱི་རྒྱལ་མོའི་གཞུང་ལ་གནོན་ཤུགས་སྤྲད་དེ། བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་བར་འབྲེལ་མོལ་བྱེད་དུ་འཇུག་རྒྱུ། བོད་ནི་བཙན་འཛུལ་འོག་ཤོར་པའི་རྒྱལ་ཁབ་ཅིག་དང་དེའི་རང་བཙན་ནི་དབྱིན་གཞུང་ལ་འབྲེལ་པ་ཡོད་པར་ངོས་འཛིན་བྱ་དགོས་པ་བཅས་ཡིན་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༩ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 8

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཁོ་བོས་ང་ཚོ་བོད་མི་རིགས་སྤྱི་ལ་དམིགས་ནས་བཤད་ཀྱིན་ཡོད། བཀའ་ཁྲི་བློ་བཟང་སེང་གེའི་དམིགས་ཡུལ་གཅིག་ནི་རང་ཁ་རང་གསོ་ཟེར་བ་དེ་རེད། འདི་ནི་རྒྱུ་མཚན་གཞན་གང་ཡང་མ་ཡིན་པར་ཕྱི་རྒྱལ་དང་རྒྱ་རིགས་ཀྱི་དངུལ་གྱི་རོགས་དངུལ་ལ་བརྟེན་པ་མ་ཡིན་པར་རང་ཉིད་ཀྱིས་ཁྲག་དངུལ་གྱིས་འབད་བརྩོན་བྱེད་ནས་རང་གི་རྐང་སྟེང་ལ་ལངས་ཐུབ་པ་བྱེད་དགོས་ཟེར་བ་འདི་ཡིན། འདི་ནི་གལ་ཆེན་པོ་རེད། སྤྱིར་བཏང་ང་ཚོ་བོད་མི་རིགས་རྣམས་ནི་ཕྱི་རྒྱལ་གྱི་རྒྱབ་སྐྱོར་ལ་བརྟེན་དགོས་པ་རེད་དེ། རོགས་རམ་མེད་ན་ལས་ཀ་གང་ཡང་བྱེད་མི་ཐུབ་པའི་རྣམ་རྟོག་གི་འཆིང་བ་དེ་ལས་གྲོལ་དགོས་པ་ཡིན། ཐ་ན་རྒྱ་ནག་དག་རྒྱ་གར་ཡང་ཨ་རིའི་རོགས་རམ་ལ་བརྟེན་གིན་ཡོད། འདི་ལ་ཧང་སང་རྒྱུ་ཅང་མེད།

    Reply
  2. འཇམ་དབྱངས། says:
    ལོ་ 15 སྔོན།

    སྐབས་འདིར་བོད་ཡིག་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དེ་དག་ལ་ “རོགས་རམ་” གནང་རོགས་ཞེས་བརྗོད་མཁན་དེ་༧གོང་ས་མཆོག་རེད། ༧གོང་ས་མཆོག་གིས་རང་བཙན་ཤོར་ཉིན་ནས་ད་བར་བཙན་བྱོལ་གཞུང་སྒེར་གཉིས་ཀྱི་ཆེད་དུ་རོགས་རམ་བཙལ་བའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། རང་ས་སྤར་མཐིལ་ཙམ་མེད་པའི་ས་ཆ་ཞིག་ནས་རང་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་བ་འདི་ང་ཚོས་ནམ་ཡང་བརྗེད་མི་ཉན། སྐབས་འདིར་སྐུ་ཉིད་ཀྱིས་ “བོད་མི་རིགས་འདི་” ཞེས་མ་རངས་པའི་བརྡ་སྟོན་ས་དེ་༧གོང་ས་མཆོག་ཡིན་པ་ཤེས་ཡོད་ངེས། བཙན་བྱོལ་བ་འབུམ་གཅིག་ལྷག་ཡོད་པ་རྣམས་ “རོགས་རམ་” ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་པའི་ཐབས་ལམ་ཡག་པོ་འདྲ་ཡོད་ན་ལམ་སྟོན་གནང་རན་རེད། ཡིན་ན་ཡང་ཁ་ཕོ་སྒྲོག་མཁན་རྣམས་ཀྱི་མི་གཤིས་ཀྱི་ཆ་ནས་བལྟས་ན། མི་འདིའི་རིགས་ “རོགས་རམ་” མེད་ན་འཚོ་མི་ཐུབ་མཁན་ཤ་སྟག་ཡིན།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རོགས་རམ། རོགས་རམ། རོགས་རམ། ཆིག་འདི་བེད་སྤྱོད་བཏང་ནས་ལོ་ངོ་ལྔ་བཅུ་ལྷག་འདས་སོང་། ད་དུང་ཡང་གཞན་ལ་ལག་པ་བརྐྱངས་ནས་ལོ་ངོ་ཇི་ཙམ་སྡོད་ཀྱི་ཡོད་ན། བོད་མི་རིགས་འདི།

    གྲྭ་བ་རྣམས་ནི་ཕྱི་རྒྱལ་དང་རྒྱ་མིའི་རོགས་སྐྱོར་ལ་བརྟེན་ནས་འཚོ་བ་དང་། སྐྱ་བོ་རྣམས་ནི་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ལ་བསྙད་ནས་འཚོ་བར་བྱེད། རང་ཁ་རང་གསོ་གཅིག་ཡ་སྤྲོས་བྲལ་རང་རེད།

    Reply
  4. བློ་དགའ། says:
    ལོ་ 15 སྔོན།

    གང་ལྟར། གྲོས་ཚོགས་འཐུས་མི་འདི་དག་གིས་བོད་པ་ཚོར་རྒྱབ་སྐྱོར་གྱི་སྐད་ཆ་རེ་བཤད་ཡོད་ན་ཐུགས་རྗེ་ཆེ། ངས་སྔོན་མ་གོ་ཐོས་ལ་དབྱིན་ཇུ་གཞུང་དང་། དེ་སྔོན་གྱི་རྒྱལ་བོ་རྒྱལ་སྲེས་བཅས་ཀྱིས་བོད་རང་བཙན་ཡིན་མིན་གྱི་ཐོག་ལ་ལངས་ཕྱོགས་མ་འདྲ་བ་ཞིག་བཟུང་ཡོད་པ་གོ་སོང་། གནས་ཚུལ་འདིའི་སྐོར་ཤེས་མཁན་ཡོད་ན་དྲ་བ་འདི་བརྒྱུད་དེ་ང་ལ་འགྲེལ་བཤད་ཅིག་བསྐྱོན་རོགས།

    Reply
  5. ཉི་མ་ཚེ་རིང་། says:
    ལོ་ 15 སྔོན།

    དབྱིན་ཇུའི་གྲོས་ཚོགས་འཐུས་མི་དེ་དག་གིས་བཙན་བྱོལ་བོད་མི་ཚོར་སྐྱོ་རོགས་བྱེད་དུ་ཕེབས་པར་ཐུགས་རྗེ་ཆེ། འོན་ཀྱང་བློ་ཕམ་སྐྱེ་གཞི་ཞིག་ལ། བན་ཏེ་སྐྱབས་ཀྱིས་གསར་འགྱུར་ཡག་པོ་འབྲི་ཐུབ་མི་འདུག རྒྱ་གར་གྱི་གསར་འགྱུར་ནང་དབྱིན་ཇུ་གྲོས་ཚོགས་སྐུ་ཚབ་དག་ངྷ་རམ་ས་ལར་ཕེབས་ཏེ་( བོད་མིའི་རང་སྲིད་རང་སྐྱོང་ ) ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད། ) ཞེས་བཀོད་འདུག གྲོས་ཚོགས་འཐུས་མི་གཞན་ཞིག་གིས་དབྱིན་ཡུལ་གྱི་སྦེ་སྦེ་སེ་BBCགསར་ལམ་ནང་བོད་སྐད་ཀྱི་སྡེ་ཚན་ཞིག་འཛུགས་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད་འདུག

    Reply
  6. དམ་སྲི་འབྱུང་པོ། says:
    ལོ་ 15 སྔོན།

    བོད་ནང་དུ་སྐུ་ཚབ་ཕེབས་རོགས། དངོས་ཡོད་གནས་སྟངས་གཟིགས་པ་ཕེགས་རོགས།

    Reply
  7. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ༄༅།ཐུགས་རྗེ་ཆེ་ང་ཚོའི་ནམ་བཇེད་ཐབས་མེད།

    Reply
  8. ཟླ་བ་བསྟན་འཛིན says:
    ལོ་ 15 སྔོན།

    ཡག་པོ་ཞེ་དྲག་རེད་ཤགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese