མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་དང་གྲོས་ཚོགས་ཀྱི་ཐ་དད་པའི་དགོངས་ཚུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་མེད་ཚེ་རིང་།

ཕྱི་ཟླ་ ༩ ཚེས་ ༡༦ ཉིན་རྒྱབ་གྲོས་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་གི་སྟེང་གྲོས་འཆར་མ་འདྲ་བ་གཉིས་ལ་ རྒྱབ་སྐྱོར་མ་ཐོབ་པའི་གནས་ཚུལ་<<བོད་ཀྱི་དུས་བབ་>>དྲ་བ་ལས་ཤེས་རྟོགས་བྱུང་། གནད་དོན་འདི་གཉིས་ནི་བཙལ་བྱོལ་བོད་མིའི་ཁྲོད་གྲགས་འགུལ་ཅུང་ཆེ་བའི་གཞུང་གི་མིང་དང་། བཀའ་བློན་ཁྲི་བའི་མིང་གི་འདོག་ཐད་ཀྱི་གནད་དོན་ཞིག་རེད། གཞུང་གི་མཚན་གནས་ཐད་ཀྱི་འགྱུར་བ་འདི་ནི་ཁྲིམས་མཐུན་གྱི་དགོས་མཁོ་ལ་བརྟེན་ནས་འགྱུར་བ་སོང་བ་ཞིག་དང་། གཞུང་གི་སྤྱི་འབྲེལ་ (Public Relations ) ཐད་སྲུང་སྐྱོབ་ཀྱི་ལས་འགུལ་གང་ཡིན་ཡང་ང་ལ་དེའི་གནས་ལུགས་ཞིབ་བརྗོད་བྱེད་ཐུབ་པའི་རྗེས་དཔག་གི་གཏན་ཚིགས་ཅི་ཡང་མེད་པར་བརྩེ་དུང་གིས་ཉར་བའི་མཚན་གནས་ཤིག་འགྱུར་བ་ཐེབས་པ་དེ་ལྟར་ལགས་ཟེར་ཀྱང་མ་ཆོག་པ་མེད། 

 

འོན་ཀྱང་།  མཚན་གནས་བརྗེ་འགྱུར་གྱི་རིམ་པའི་ནང་དུ་ངའི་ཚོར་སྣང་ལ་སྔ་མོའི་བོད་ཀྱི་ཆབ་སྲིད་པའི་སྤྱོད་ཚུལ་དྲངས་པ་དེ་ནི་བོད་ཀྱི་རིག་གཞུང་གི་གནད་དོན་ཞིག་ཡིན་ཡང་སྲིད། གང་ལྟར་དེ་སྔ་དགའ་ལྡན་ཕོ་བྲང་གི་ཆེ་དྲག་ཁྲོད་དུ་ལས་དོན་བསྐོར་འཕེན་གྱི་གཤིས་ཀ་ཧ་ཅང་གཏིང་ཟབ་ཏུ་ཡོད་ཅིང་། ལས་དོན་གནང་སྟངས་འདི་སྐབས་དེའི་ཆབ་སྲིད་པའི “ དམིགས་གཏད ” འགྲུབ་ཐབས་ཀྱི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡིན།  འདིའི་ཐད་རྒྱུ་མཚན་གཉིས་ཡོད་པའི་དང་པོ།  སྐབས་དེའི་མི་སྒེར་གྱི་སྤྱི་འབྲེལ་ནུས་པར་ཚད་མཇལ་ཏེ་ལས་དོན་བྱེད་པ་དང་།  གཉིས་པ། སྐབས་དེའི་ཆབ་སྲིད་པའི་ལས་དོན་སྤྱི་དམངས་ལ་ལྟོས་མེད་ཡིན་པས་ཡིན། དེ་ལྟ་བུའི་རྒྱུ་རྐྱེན་འོག་ཁུ་སིམ་སིམ་གྱིས་ལས་དོན་གྱི་མཇུག་འབྲས་ཐག་གཅོད་གནང་ཐུབ་པ་ནི་དེང་གི་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་བ་འདིའི་ཁྲོད་འོས་འཚམས་མིན་ཡང་། མགོ་ཁྲིད་ཀྱི་དམིགས་གསལ་ནུས་པས་ཁ་ཕྱོགས་ཤིག་ཏུ་ཁྲིད་ཐུབ་པའང་ངོ་མཚར་ཆེ་བ་ཞིག་ཡིན་ཆོག

 

 དེ་ཡིན་ཡང་། ཚེས་ ༡༦ ཉིན་གྱི་བཀའ་ཁྲིའི་མཚན་གནས་ཀྱི་གནད་དོན་ནི་གཞན་ཞིག་སྟེ་བཀའ་བློན་ཁྲི་བའི་མཚན་གནས་ཀྱི་གནད་དོན་ཙམ་ལས་བརྒལ་ཏེ་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲིད་དབང་གི་གནད་དོན་ལ་ཐུག་ཡོད་པ་རེད། གྲོས་ཚོགས་ཀྱི་བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་བགྲོ་གླེང་གནས་ཚུལ་སྤྱི་འཐུས་རྨོག་རུ་བསྟན་པས་ངོ་སྤྲོད་གནང་བ་ལྟར་ན། བཀའ་བློན་ཁྲི་པ་སྲིད་སྐྱོང་གི་མཚན་གནས་ཐོག་བདམས་མེད་པ་ནི་ཐེངས་འདིའི་བཀའ་ཁྲིའི་མཚན་གནས་བརྗེ་བསྒྱུར་ཐད་ཀྱི་འགོག་རྐྱེན་ཆེ་ཤོས་ཆགས་ཡོད་པ་དང་། རྒྱུ་མཚན་གཞན་དེ་ནི་སྔ་མོའི་ལོ་རྒྱུས་ལ་རྒྱུས་མེད་ཀྱི་གནས་ཚུལ་ཞིག་ཡིན་པས་དོ་སྣང་བྱེད་རན་མེད་པ་རེད།  གཅིག་བྱས་ན་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་བཀའ་ཁྲིའི་མཚན་བརྗེ་ཐད་ཀྱི་དགོངས་ཚུལ་འདི་འཕྱི་དྲགས་ཡོད་སྲིད། དེ་སྔ་བཀའ་བློན་ཁྲི་པའི་འོས་བསྡུ་ཆེན་མོའི་སྐབས་སུ་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པའི་འགན་དབང་ནི་བཅའ་ཁྲིམས་ལས “ གོང་ས་ ༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འགན་ཁུར་རྐང་ལེན་བྱེད་པོ་བཀའ་ཤག་ལྷན་ཚོགས་དང་། དེའི་མགོ་འདོམས་བཀའ་བློན་ཁྲི་པ་ཞིག་དགོས་པ་ཡིན ” ཞེས་འཁོད་ཡོད་པ་འདི་ཡིན་ཞིང་། ཚིག་བརྗོད་འདི་གཞི་ལ་བཞག་ནས་འོས་ཐོན་བྱུང་བའི་བཀའ་བློན་ཁྲི་པར་སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་རྩིས་སྤྲོད་གནང་བ་ཧེ་བག་ཆེན་པོ་མིན་པས་རྒྱུ་མཚན་ཁག་པོ་ཡིན། གྲོས་ཚོགས་ཀྱིས་ཐག་གཅོད་ནི་དབང་ཚད་ལྡན་པའི་ཐག་གཅོད་དུ་སོང་བས་ལས་སླ་བོར་འགྱུར་བ་འགྲོ་མི་ཐུབ་པའང་རྒྱུན་ལྡན་ཞིག་ཡིན་མོད།  ངས་སྐད་ཆ་འདི་རྗེས་ལུས་ཐེབས་པ་དང་ནུས་པ་ལྡན་མིན་ལ་མ་བལྟས་པར་བཤད་འདོད།

 

༸གོང་ས་མཆོག་གིས་སྲིད་སྐྱོང་སྟག་བྲག་ནས་བརྒྱུད་པའི་སྲིད་དབང་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བར་གསོལ་བསྩལ་གནང་བ་གྲོས་ཚོགས་ཀྱིས་བཀག་ཡོད་པ་འདི་གླེང་དགོས་པ་ཞིག་རེད། འདིའི་ཐད་རྒྱུ་མཚན་གཉིས་ལ་བསམ་བློ་བཏང་ཆོག་པ་སྟེ་དང་པོ། ༸གོང་ས་མཆོག་གི་ལ་བཅའ་ཁྲིམས་ལས་གནང་བའི “ བླ་ན་མེད་པའི་དབུ་ཁྲིད ” ཀྱི་མཚན་གནས་ཕུལ་ཡོད་པ་རྒྱལ་ཁབ་བམ་སྒྲིག་འཛུགས་ཀྱི་འགན་འཛིན་ལ་ངོས་འཛིན་བྱེད་པ་དང་། གཉིས་པ།  དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་མཐུད་གཞུང་ལ་ངོས་འཛིན་མ་གནང་བའི་གནད་དོན་འདི་གཉིས་རེད།  ང་ཚོས་ཤེས་གསལ་ལྟར་ན་དེ་གཉིས་ཀྱི་གང་ ལའང་ཁ་གསལ་གྱི་ཡིག་ཆ་མེད་པ་མ་ཟད་བཅའ་ཁྲིམས་ལས་སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་བཀའ་བློན་ ཁྲི་པར་ཡོད་པ་ངོས་ལེན་བྱས་ཡོད་པ་དང་།  མགོ་ཁྲིད་ཀྱི་གཏམ་བཤད་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་མ་ཉམས་པར་བོད་མིའི་སྒྲིག་འཛུགས་སུ་སིམ་ཡོད་པ་བསྟན་ཡོད། དེ་སྔ་བོད་རྒྱལ་ཁབ་ཀྱི་འཛིན་སྐྱོང་སྒྲོམ་གཞི་ལྟར་ན་༸གོང་ས་མཆོག་སྐུ་འཚོ་བཞུགས་མིན་པའི་སྐབས་སུ་རྒྱལ་ཚབ་དང་སྐུ་ན་སོན་རྗེས་ཆོས་སྲིད་ཀྱི་ཐུགས་འགན་མ་བཞེས་པར་དུ་སྲིད་སྐྱོང་གིས་བོད་ཀྱི་ཆབ་སྲིད་སྐྱོང་བཞིན་ཡོད་པས་སྲིད་སྐྱོང་གི་མཚན་གནས་འདི་བོད་ལ་མཚོན་ན་རྩ་དོན་གྱི་ཟབ་སར་ཡོད་པ་ཞིག་རེད། དེའི་རྐྱེན་གྱིས་ངོ་བོ་རིམ་འགྱུར་གྱི་སྲིད་སྐྱོང་དབང་ཆ་འདི་༸གོང་ས་མཆོག་གིས་མི་མང་གིས་འོས་འདེམས་ཞུས་པའི་སྒྲིག་འཛུགས་ཀྱི་འགན་འཛིན་ལ་གནང་ཡང་གྲོས་ཚོགས་ཀྱིས་སྐབས་བཅུ་བཞི་བའི་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལ་མཚན་གནས་འདི་མ་ཕུལ་བར “ དབྱིངས་འཇོག ” བྱས་ཡོད།

 

གྲོས་ཚོགས་ཀྱིས་ཅིའི་ཕྱིར་འདི་ལྟ་བུའི་ཐ་དད་པའི་ལངས་ཕྱོགས་བཟུང་ཡོད་པའི་ཐད་ཡང་བསྐྱར་བསམ་གཞིགས་བྱེད་པའི་དགོས་པ་ཧ་ཅང་ཆེ་ཞིང་།  རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་༸གོང་ས་མཆོག་གིས་ཞལ་དྲོན་མོ་ནས་གསུངས་པའི “ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས ” ཞེས་པ་དེའང་སྐུ་སྒེར་ཡིག་ཚང་གི་ལས་ཤོག་སྟེང་འགྱུར་བ་ཐེབས་པའི་གནས་སྟངས་དེའི་རྗེས་སུ “ བོད་མིའི་སྒྲིག་འཛུགས “ ཞེས་པ་འདི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་གི་བཀའ་མངགས་སུ་བསྐྱལ་བཞིན་པའིསྣང་ཚུལ་ཡོད་པ་རྩོམ་ཡིག་ཅིག་ཏུ་གསལ་འདོན་ཞུས་འདུག  སྲིད་སྐྱོང་གི་མཚན་གནས་ལ་འདི་ལྟ་བུའི་ཉེན་ཁ་འབྱུང་མི་སྲིད་པར་སྙམ་ནའང་།  གྲོས་ཚོགས་ཀྱིས་འགལ་ཟླ་འདི་ཁས་ལེན་མི་བྱེད་པ་ཧ་ཅང་གསལ་བོ་ཡིན།  ཁས་ལེན་བྱས་མིན་ལ་མ་ལྟོས་པར་༸གོང་ས་མཆོག་གིས་གནང་བ་དེ་གྲོས་ཚོགས་ཀྱིས་བཀག་ཡོད་པ་འདི་འགལ་ཟླ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་ཡིན་པ་མ་ཟད།   གྲོས་ཚོགས་ཀྱི་འགོག་དགོས་པའི་ཐད་ཀྱི་རྒྱུ་མཚན་དེ་གཉིས་ཀྱང་ཡ་མཚན་པ་ཞིག་ཡིན།

 

ང་ཚོ་སུས་ཀྱང་གྲོས་ཚོགས་ཀྱི་ཆེ་མཐོང་དེ་རང་ཉིད་ཀྱི་ལ་རྒྱ་ཡིན་པ་ཁས་ལེན་ཐུབ་པ་མ་ཟད། དེའི་གཟི་བརྗིད་ ཀྱིས་མི་དམངས་ཀྱི་མངོན་འདོད་འཁྱེར་བཞིན་པ་ལ་བརྩི་བཀུར་ཡང་བྱེད་འོས། འོན་ཀྱང་། བླ་ན་མེད་པའི་དབུ་ཁྲིད་ཀྱིས་གནང་བའི་མཚན་གནས་འདི་ལྗིད་ཁོག་མེད་པའི་གཏན་ཚིགས་འདི་ལྟ་བུས་བཀག་པ་ཡིན་ན། དེ་ནི་དང་ལེན་དཀའ་བ་ཞིག་ཡིན་པ་མ་ཟད། བོད་གཞུང་དགའ་ལྡན་ཕོ་བྲང་ནས་བརྒྱུད་པའི་མཚན་གནས་འདི “ དབྱིངས་འཇོག ” བྱས་ཏེ་ནུས་ཤུགས་ལྡན་པའི་མཚན་གནས་སུ་འགྱུར་བར་བཀག་འགོག་བྱས་པ་ཅིའི་ཕྱིར་ཡིན་ནམ་ཞེས་དོགས་པ་ཡོང་ངེས།  དབྱིངས་འཇོག་གི་གནད་དོན་འདིས་ང་ཚོར་ཕོག་པའི་གྱོང་གུད་ནི་རྒྱ་ནག་པར་གོང་མའི་རྒྱུད་པ་གར་སོང་ཆ་མེད་དུ་གྱུར་ཏེ་རྒྱལ་ཁབ་རྙིང་བའི་ངོ་སོའི་མཚོན་རྟགས་མེད་པར་གྱུར་བ་ལས་ཀྱང་ཚབས་ཆེ་བ་ཡོད་པ་དང་། ལྷག་པར་ཏུ།  བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པ་ནི་མི་མང་གི་ངོས་ལེན་གཅིག་བུར་བརྟེན་པ་ལས་ལོ་རྒྱུས་ཀྱི་རྒྱུན་མཐུད་གཞུང་གི་ངོ་བོ་དང་ཁ་བྲལ་ཏེ། བོད་ཀྱི་འཐབ་རྩོད་ལ་བརྟན་བརླིང་མེད་པའི་བྱུང་རབས་ཀྱི་དཀྱོགས་མཚམས་ཤིག་འཇོག་སྲིད།  

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. ཤར་མདའ། says:
    ལོ་ 15 སྔོན།

    སྤྱིར་བཅའ་ཁྲིམས་ལ་འགྱུར་བ་གཏོང་མ་ཐུབ་པ་འདི་ནི་དམངས་གཙོའི་ནུས་པ་ཞིག་ཡིན་ཟེར་ན་ཐང་འོན་ཀྱང་དེ་དངོས་འཛིན་བྱེད་འོས་པ་ཞིག་ཡིན་མིན་མི་ཤེས་ད་དུང་དགོས་པ་དང་དགེ་མཚན་ལ་བལྟ་དགོས་པ་ལས་ལར་ཞེན་ཙམ་ལ་གྱི་ཆེད་ཡིན་ན་དགེ་མཚན་མཐོང་མ་སོང་།

    Reply
  2. མིག་གསུམ་པ། says:
    ལོ་ 15 སྔོན།

    ཀློག་ཁོམ་བྱུང་མ་སོང་། རྩོམ་ཡིག་ཚང་མ་ཀློག་ཚར་དུས་བསམ་ཚུལ་འདོན་ངེས་ཡིན།

    Reply
  3. རས་པ། says:
    ལོ་ 15 སྔོན།

    གྲོས་ཚོགས་འཐུས་མི་ཚོར་༸གོང་ས་མཆོག་གི་རྒྱབ་དཔུང་ལས་ལྷག་ཅིག་རེག་རྒྱུ་ཁག་པོ་ཡིན་རྒྱུ་རེད། ༸གོང་ས་མཆོག་གིས་སྲིད་སྐྱོང་སྟག་བྲག་ནས་བཞེས་པའི་སྲིད་དབང་ མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བར་ཕུལ་པ་དེ་བཀའ་ལུང་གི་བརྒྱུད་པ་བར་མ་ཆད་པའི་རྒྱབ་དཔུང་རྩ་ཆེན་ཞིག་མ་ཡིན་ནམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ལ་ཡང་དགོས་ཡ་འདི་ནི།

    གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་ཀྱི།
    སྲིད་སྐྱོངས།
    ནང་སྲིད་བློན་ཆེན།
    ཕྱི་སྲིད་བློན་ཆེན།
    ཤེས་རིག་བློན་ཆེན།
    འཕྲོད་བསྟེན་བློན་ཆེན།
    བདེ་སྲུང་བློན་ཆེན།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ངས་ད་དུང་གྲོས་ཚོགས་རྗེས་མའམ་ཡང་ན་རྗེས་མའི་ཡང་རྗེས་མ་གང་རུང་ཞིག་ལ་བཅའ་ཁྲིམས་འདི་ཉིད་བཅའ་ཁྲིམས་ཀྱི་་དགོངས་དོན་དང་ཡོངས་སུ་མཐུན་པའི་པ་ཞིག་བཟོས་ནས་མིང་དོན་གཉིས་ལྡན་གྱི་བོད་མིའི་སྒྲིག་འཛུགས་ཤིག་ཆགས་རྒྱུར་རེ་བ་བྱས་ཡོད།
    མ་གཞི་ནས་གནད་དོན་ག་རེའི་སྐོར་ཡིན་ན་ཡང་གྲོས་ཚོགས་མ་འཚོགས་གོང་ལ་མང་ཚོགས་རང་བཞིན་གྱི་བསམ་ཚུལ་ཤུགས་ཆེར་འབུལ་ཐུབ་ན་གྲོས་ཚོགས་འཐུས་མི་ཚོས་མི་དམངས་ཀྱི་རྒྱབ་དཔུང་ལ་བསམ་བློ་གཏོང་གི་རེད། དེ་མིན་དེང་སང་དམངས་གཙོའི་ལར་ཞེན་འཛིན་མཁན་མང་པོས་ཡིད་བཞིན་ནོར་བུ་ལ་ཡང་རྣམ་འགྱུར་རེ་བསྟན་ན་དམངས་གཙོ་བའམ་དཔའ་བོར་རློམ་བཞིན་པས་བཅའ་ཁྲིམས་དང་སྒྲིག་འཛུགས་འདི་ཡང་ཆ་མཚུངས་ལ་མི་མཚུངས་པ་ལྟ་བུར་ལྷག་ཉེན་ཆེའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese