མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུ་ཚོགས་པར་ཞུཊ་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ ༤༢ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཏེ། ངྷ་ས་ས་གནས་གཞོན་ནུའི་ཚོགས་གཞོན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་པ་གང་མང་གཞོན་ནུའི་ཚོགས་ཁོངས་སུ་ཞུགས་རོགས་ཟེར།

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ཁྱོན་མི་ལོ་ཧྲིལ་པོ་ ༤༢ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་ཅིང་། མཛད་སྒོེར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གཙོས་པའི་གཞོན་ལྷན་གྱི་ཚོགས་གཙོ་ཟུར་པ་རྣམ་པ་དང་། རྒྱུན་ལས། ས་གནས་མི་མང་བཅས་ཁྱོན་མི་ ༢༥༠ ལྷག་འདུ་འཛོམས་བྱུང་སོང་ལ། མཛད་སྒོའི་ཐོག་མར་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། གཞོན་ལྷན་གྱི་འདས་པའི་ལོ་རྒྱུས་དང་བྱས་རྗེས་སོགས་མང་ཚོགས་ལ་ངོ་སྤྲོད་དང་སྦྲགས། མ་འོངས་པར་བོད་པ་གང་མང་མང་གཞོན་ལྷན་སྒྲིག་འཛུགས་ནང་འཛུལ་ཞུགས་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། ས་གནས་གཞོན་ནུ་ཁག་གི་ལས་འགུལ་གྱི་ནུས་ཤུགས་ཆེ་རུ་གཏོང་ཆེད། མི་འགྱང་བར་ནོར་གླིང་གཙོས་པའི་ས་གནས་ཁག་ཅིག་ཏུ་གཞོན་ལྷན་ས་གནས་ཡན་ལག་གསར་འཛུགས་རྒྱུ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་དུས་དྲན་སྲུང་གཙིའི་གནས་ཚུལ་སྒྲོག་སྦྱང་གནང་ཡོད་ཅིང་། བསྒྲགས་ཡིག་དེའི་ནང་།  “ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་ངོ་ ༤༢ རིང་བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་འཆང་མདུན་སྐྱོད་དང་དམངས་གཙོ་གོང་འཕེལ། ཆོས་རིག་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ། བོད་མིའི་རྡོག་རྩ་གཅིག་སྒྲིལ་སོགས་ཀྱི་ཐད་རླབས་ཆེན་གྲུབ་འབྲས་མི་དམན་པ་བཞག་ཡོད་པ་ནི། མང་ཚོགས་ཀྱི་རྒྱབ་སྐྱོར་དང་བཙན་བྱོལ་གཞུང་གི་རང་དབང་དམངས་གཙོའི་ཁོར་ཡུག གཞོན་ལྷན་དབུས་སའི་རྒྱུན་ལས་དང་ཚོགས་མི་ཚོའི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དེ་ནི་ང་ཚོ་ཐུན་མོང་གི་གཟི་བརྗིད་དང་རིན་ཐང་ཡིན་སྟབས་མུ་མཐུད་ནས་གཅེས་སྤྲས་རྩོད་ལེན་གནང་དགོས།  ” ཞེས་འཁོད་འདུག

བསྒྲགས་ཡིག་ནང་མུ་མཐུད་དུ།  “ ལོ་མི་ཞེ་གཉིས་རིང་དགྲ་བོའི་བཙན་འཛུལ་གཉའ་གནོན་འོག་གཞིས་ལུས་སྤུན་ཟླའི་རྒྱལ་ཞེན་སྙིང་སྟོབས་ལ་འགྱུར་བ་མེད་པར། བོད་རྒྱལ་ཁབ་སླར་གསོའི་འཐབ་རྩོད་རྒྱུན་འཆང་གནང་བ་མ་ཟད། ལྷག་པར་དུ་  ༡༩༨༧ ནས་དབུ་བཙུགས་ཏེ། ༢༠༠༨ ལོ་ནས་གངས་ཅན་མི་རབས་གསར་པ་ཚོས་རང་གི་རྒྱལ་ཁབ་ཀྱི་བདག་དབང་དང་། བླ་ན་མེད་པའི་དབུ་ཁྲིད་ལ་གུས་བཀུར་བྱས་ཐོག་བོད་རང་བཙན་སླར་གསོའི་འཐབ་རྩོད་ཚད་མཐོར་གཏོང་འདོད་གནང་བ་ནི། ང་ཚོ་གངས་ཅན་པའི་གཟི་བརྗིད་དང་མདུན་ལམ་གྱི་འོད་ཟེར་ཡིན་ཞིང་། འདི་ལོར་དེ་བས་ཀྱང་བོད་རྔ་པ་དང་དཀར་མཛེས་སོགས་བོད་ཀྱི་ས་ཁུལ་མང་ཆེ་བར། རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོས་རླབས་ཆེན་གྱི་ཞི་བའི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། དེ་དག་ནི་རྒྱ་ནག་གི་དབང་བསྒྱུར་དེ་བོད་ལ་དགོས་མཁོ་མེད་པའི་བཙན་ཤེད་ཀྱི་དབང་སྒྱུར་ཞིག་ཡིན་པ་གསལ་པོར་བསྟན་པ་རེད།  ” ཅེས་འཁོད་འདུག

མཐའ་མར་བསྒྲགས་ཡིག་དེར།  “ ང་ཚོའི་འགྱུར་བ་མེད་པའི་རྟག་བརྟན་གྱི་སྟོབས་ཤུགས་ནི། ལོ་རྒྱུས་ཀྱི་བདེན་དབང་དང་བླ་ན་མེད་པའི་དབུ་ཁྲིོད། རང་གཞུང་ལ་གུས་བཀུར་དང་ཡིད་ཆེས། བོད་ཀྱི་ངོ་བོ་སྲུང་སྐྱོབ། བོད་མིའི་ཆོག་སྒྲིལ་གྱི་ནུས་པ་བཅས་ཡིན་པས་དེ་དག་རྩ་འཛིན་གཅེས་སྤྲས་བྱ་རྒྱུ་ཧ་ཅང་གལ་ཆེ་ལ། ལྷག་པར་དུ་གཞོན་སྐྱེས་ཚོས་ཆོད་སེམས་དང་ཁ་ཕྱོགས་མ་ནོར་བར་མི་ཚེ་མདུན་སྐྱོད་དང་མི་ཚེའི་རིན་ཐང་འཚོལ་དགོས་ཤིང་། དེའི་ཆེད་དུ་གནའ་དེང་ཤེས་ཡོན་སློབ་སྦྱོང་དང་། བོད་དང་རྒྱལ་སྤྱིའི་ལོ་རྒྱུས་ལ་སློབ་སྦྱོིང་བྱས་ཏེ། རང་ཉིད་སུ་ཡིན་པ་དང་། གང་དུ་ཡོད་པ། མ་འོངས་པར་ཇི་ལྟར་བསྒྲུབ་དགོས་མིན་ངོས་འཛིན་དང་ཁ་ཕྱོགས་གསལ་པོ་བཟོ་དགོས་རྒྱུ་དག་ནི། ང་ཚོ་ཐུན་མོང་གི་ལས་འགན་ཆགས་ཡོད  ” ཅེས་འཁོད་འདུག

མཇུག་ཏུ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཞོན་ལྷན་རྒྱུན་ལས་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་བསྟོད་བསྔགས་དང་འབྲེལ། མ་འོངས་པར་ཡང་འབྲེལ་ཡོད་ལས་བྱེད་ཚང་མས་མུ་མཐུད་བོད་རང་དབང་ཆེད་འབད་བརྩོན་གནང་དགོས་སྐོར་གྱི་འབོད་སྐུལ་བཅས་ཞུས་སོང་།  

མཛད་སྒོ་གྲུབ་རྗེས་ས་གནས་གཞོན་ནུའི་གོ་སྒྲིག་ལྟར། ཉེ་ལམ་ནས་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ་རྩེ་བཞིན་པའི་ཕོའི་རུ་ཁག་ངྷ་ས་རུ་ཁག་དང་འབྲོག་པ་རུ་ཁག་དང་། མོའི་རུ་ཁག་ཤེས་རབ་དགའ་ཚལ་སློབ་གླིང་རུ་ཁག་དང་སུ་ཇཱ་བོད་ཁྱིམ་རུ་ཁག་གཉིས་ཀྱིས། ཐེངས་འདིའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་མགོ་འཛུགས་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་ཤིག་ཡིན་ལ། ཚོགས་པ་འདིར་ད་ཆར་འཛམ་གླིང་གང་སར་ཚོགས་མི་ ༢༠༠༠༠ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥

མཆན། 12

  1. འདྲེ་མགོ་རྡོ། says:
    ལོ་ 15 སྔོན།

    ད་ཀློག་དགོས་རྒྱུ་མི་འདུག པར་དེ་ལ་ཅིག་ལྟ་དུས། གཞོན་ནུ་ལྷན་ཚོགས་གང་དུ་སླེབས་མིན། ག་ཚོད་འཇོན་མིན་ཧ་ཅང་གསལ་བོ་རེད། འདི་ཚོས་སྐུ་མགྲོན་མི་སྤུས་ཅན་ཞིག་རེག་གི་མེད་དུས་ད་གཞན་པ་བཤད་དགོས་དོན་མི་འདུག

    ཟླ་བ་ཕུན་སྐྱིད་ཕུད། རིམ་པར་ཅིག་གྲངས་ཀ་བརྒྱབས་ན། འདི་ཚོས་རང་བཙན་ལོན་རྒྱུ་རེད་དམ་མ་རེད། མི་འདི་ཚོས་རང་སྲོག་ཕར་ཞོག ད་བར་རང་ཁེ་ཙམ་པོ་ཞིག་དོར་མྱོང་མེད་ལ། རང་ཁེ་དེའི་ཆེད་དུ་བྱེད་རྒྱུ་མེད་པ་མ་གཏོགས་མ་བྱས་པ་གཅིག་ཀྱང་མེད་པ་ཀུན་ལ་གསལ་ཚོད་ཡིན་པས། ད་ཚོགས་པར་ཞུགས་རོགས་ཟེར་ན་ཐང་ཆད་འགྲོ་བ་ཞིག་མིན་ནམ།

    གཞོན་ནུ་ལྷན་ཚོགས་འདི་ཕ་རྒོད་པོའི་བུ་སྐྱག་ཟའི་ལག་ཏུ་ཟགས་ཐ་ཡ། བོད་རང་བཙན་ལགས།

    Reply
  2. མི་ཆུང་། says:
    ལོ་ 15 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཚོགས་མི་ག་ཚོད་ཀྱིས་མང་བ་དེ་ཚོད་ཀྱི་ལས་འགུལ་སྔར་རྒྱུན་ལྟར་མིན་པ། སྒྲིག་འཛུགས་ཡོད་པ། འཆར་གཞི་ཡོད་པ། ནུས་པ་ཡོད་པའི་སྒོ་ནས་སྤེལ་ཐུབ་ཀྱི་ཡོད་ན། བཙན་བྱོལ་བ་འབུམ་གཅིག་ཙམ་ཚོགས་པར་ཞུགས་ཐུབ་ངེས་རེད།
    འོན་ཀྱང་གཞོན་ནུ་ལྷན་ཚོགས་ལ་ཚོགས་མིའི་གྲངས་ཚད་ཀྱིས་ཕོངས་མེད། ཚོགས་མི་ཆོད་སེམས་དང་། ལྷག་བསམ། ཤེས་ཡོན། ཆིག་སྒྲིལ་མེད་པ་དེས་ལན་པ་རེད།

    Reply
  3. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    གཞོན་ནུ་ཚོགས་པ་ལ་ཁ་ཞེ་མཉིས་མེད་ཀྱི་རང་བཙན་གྱི་ལྟ་བ་ཞིག་དང་བཅོས་མིན་གྱི་ལངས་ཕྱོགས་ཤིག་ཡོད་པ་དང། ལྟ་བ་དང་ལངས་ཕྱོགས་དང་མཐུནཔའི་ནུས་པ་དངར་ཆ་ལྡན་པའི་ལས་འགུལ་དང་བོད་ས་ཡོངས་རྫོགས་དང་བོད་མི་ཡོངས་རྫོགས་ལ་རང་བཙན་སྒྲུབ་བྱེད་ཀྱི་འཆར་ཞིག་དང་ལྡན་པའི་ལས་འགུལ་སྤེལ་ཐུབ་པ་ཡིན་ན།བོད་ཀྱི་གཞོན་ནུ་ཚོགས་པར་མི་བཞུགས་མཁན་གདོང་དམར་རྩམ་ཟན་སུ་ཞིག་ཡོད།
    བོད་ཀྱི་གཞོན་ནུ་ཚོགས་པ་ནས་ཁ་ནས་རང་བཙན་སྟོང་བཤད་བྱས་པ་ཙམ་དང་སྡ་སའི་སྲང་ལམ་ཐོག་མར་མེ་ཁྲོམ་སྐོར་རེ་དང་རྒྱ་ཆེ་ས་ནས་བཤད་ན་རྒྱལ་ས་ལྡི་ལིལ་སྐད་འབོད་རེ་དང་། བོད་རང་བཙན་ཁ་ལ་ཁུར་ནས་ཕྱི་རྒྱལ་ལ་འགྲོ་བའི་གོ་སྐབས་རེ་འཚོལ་རྒྱུ་ཙམ་ལས་མེད་པ་ཡིན་ན་གཞོན་ནུ་ཚོགས་པ་ནང་བཞུགས་དགོས་དོན་གང་མ་མཐོང་།
    མ་ཟད་ཚོགས་པ་དེ་ལ་མ་བཞུགས་ན་དགེ་མཚན་ཆེ་བ་དང་༸་གོང་ས་མཆོག་དང་བོད་མི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་
    ཕྱག་ལས་ལ་ཞུགས་ན་དགེ་མཚན་ཆེ་སྙམ།
    བོད་གཞོན་ནུ་ཚོགས་པ་དབུ་བརྙེས་ནས་མི་ལོ་40་ལྷག་ཕྱིན་འདུག་པས་དེའི་རྒྱུད་རིང་ནང་བོད་ནང་ཡང་ན་ཕྱི་རྒྱལ་ཁག་ཏུ་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་དང་མཐུན་པ་དང་།
    བོད་བཙན་བྱོན་སྒྲིག་འཛུགས་ནས་སྤེལ་ཐབས་མེད་པའི་ལས་འགུལ་སྣ་གཅིག་སྤེལ་མེད་པ་ནི་ཕྱིར་མིག་ཞིག་བལྟས་ན་ཤེས།བོད་ཀྱི་གཞོན་ནུ་ཚོགས་པ་དེ་ལྟ་བ་དང་
    ལངས་ཕྱོགས་དང་མཐུན་པའི་ཚོགས་པ་ཞིག་ཡིན་ན་རྒྱ་ནག་གཞུང་ནས་བོད་ལ་ཆབ་སྲིད་ཀྱི་འཛུགས་བསྐྲུན་དང་བོད་དང་རྒྱལ་སྤྱིའི་སྟེང་ཆབ་སྲིད་ཀྱི་ནུས་ཤུགས་དང་ལས་དོན་གང་ཡིན་ཐམས་ཅད་བགེགས་མེད་ལམ་ལྷོང་དང་བསམ་པ་དོན་ཐོག་ཁེལ་དགོས་དོན་གང་ཡིན་ཤེས་པར་བགྱིས།
    བོད་ཀྱི་གཞོན་ནུ་ཚོགས་པ་ལ་ཚོགས་དངུལ་སྤྲོད་པ་ཙམ་གྱི་བོད་རང་བཙན་ཉོས་ཐུབ་ན་ངེས་པར་དུ་ཚོགས་དངུལ་སྤྲོད་དགོས་པ་རེད།དེ་མིན་གང་།

    Reply
  4. བཀྲ་ཤིས། says:
    ལོ་ 15 སྔོན།

    གཞོན་ནུ་ཚོགས་པ་རྒྱལ་གྱུར་ཅིག

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རེད། བསྟན་འཛིན་བརྩོན་འགྲུས་ཀྱིས་གསུངས་པ་བདེན་པ་རེད། བོད་མི་རྣམས་གང་མང་ཚོགས་པ་འདིར་ཞུགས་ཐུབ་ན་ཡག་པོ་རེད། སྤྱིར་ཚོགས་པ་འདིའི་ཚོགས་མིའི་གྲས་སུ་མི་གྲངས་ཉིས་ཁྲི་ལྷག་ཡོད་པར་བཤད་མོད། དོན་ངོ་མར་བཤད་ན་རང་བཙན་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་ནི་དེ་བས་ཀྱང་མང་། བྱས་ཙང་། ལྟ་གྲུབ་གཅིག་གི་ངོ་བོའི་ཐོག་ནས་ཞུགས་དགོས་པ་རེད། གལ་སྲིད་ཁྱེད་རང་ལམ་དབུ་མར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ན་དབུ་མའི་ལས་འགུལ་ཚོགས་པ་ལ་འཛུལ་ཞུགས་བྱེད་དགོས་པ་ཡིན། འདི་ནི་ལྟ་གྲུབ་ཀྱི་མིང་ཐོག་ནས་ཚོགས་པ་ཞིག་ཏུ་གྱུར་པ་ཡིན་པས་དམངས་གཙོའི་ཡར་ཐོན་གྱི་རྣམ་པར་བསྐྱོད་པའི་རྟགས་མཚན་རེད།

    Reply
  6. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 15 སྔོན།

    དེ་སྔོན་ཡིན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལབ་དུས་སེམས་ནང་རྩིས་འདང་ཞིག་ཡོད་ཀྱང་། ཕྱི་ལོ་༢༠༠༨ལོ་ནས་རེ་བ་དེ་སྦད་དེ་རླག་སོང་། ད་དུང་བོད་རང་བཙན་འཐབ་རྩོད་ཀྱི་ཁ་ཕྱོགས་བཟུང་པ་ཙམ་ལས། རང་བཙན་ལེན་རྒྱའི་འཆར་གཞི་མེད་པ་དང་། ཕར་དགྲ་བོ་རྒྱ་དམར་ལ་ཁ་གཏད་མི་གཅོག་པར་བཙན་བྱོལ་ནང་། བོད་གཞུང་གི་མིང་དོན་བརྩོད་གླེང་ཤུགས་ཆེ་བྱས་པའི་སྙོག་སློང་འདི་ཚོ་མཐོང་ཡོང་དུས། རྒྱའི་སློབ་དེབ་ཅིག་གི་ནང་བྱི་ལ་ཉ་འཛིན་སྤུན་གཉིས་ཀྱི་
    སྒྲུང་དེ་ཡོད་ལ་དྲན་ཡོང་གི་འདུག དེ་ལྟར་འདྲེ་ཤར་སྒོ་ན་གནས་བཞིན། ཀླུད་ནུབ་སྒོར་གཏོང་བ་ཟེར་པའི་དཔེར་འགྱུར་ཉེན་ཡོད་པས་དེ་འདྲ་མ་གནང་ན་ལེགས་སྙམ། ལྷག་པར་དུ་ངས་འབོད་སྐུལ་ཞིག་ཞུ་རྒྱུ་ལ། རང་གཞུང་ལ་མཛད་དཀའ་མ་བཟོ་རོགས་གནང་ཞུ་རྒྱུ་དང་། བོད་མི་ས་ཡ་དྲུག་གི་རེ་བའི་མི་ཟུང་གྱེན་དུ་བཏེགས་ནས་ལ་རྒྱའི་ཁུ་ཚུར་གནམ་ལ་ཕྱར་དོན་ནི། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། ཁོང་གིས་བཙུགས་པའི་གཞུང་གི་སྒྲིག་འཛུགས་འདི་ལ་རྒྱབ་སྐྱོར་དང་འདིའི་ཕྱོགས་ནས་གཏམ་སྙན་མོ་ཞིག་ཡིན་ནའང་ངང་སྒུག་བྱས་ནས་ཡོད་པའི་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དངོས་གནས་དེ་མཁྱེན་པའི་ཐོག་ནས་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ངྷ་ས་ས་གནས་གཞོན་ནུའི་ཚོགས་གཞོན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་པ་གང་མང་གཞོན་ནུའི་ཚོགས་ཁོངས་སུ་ཞུགས་རོགས་ཟེར། ཞེས་འབོད་བསྐུལ་བྱ་དགོས་དོན་རྒྱུ་རྐྱེན་གང་ལ་ཐུག་གམ། དབུ་མའི་ལྟ་གྲུབ་སེམས་ནང་མེད་པེ་ཡིན་ནམ། རང་བཙན་འཁྲེགས་འཛིན་ཁ་ལ་འཁྱེར་ནས་ཡིན་ནམ། ཡང་ན་དོན་རྐྱེན་གཞན་ཞིག་ཡོད་རེད།

    Reply
  8. ཐུབ་བསྟན། says:
    ལོ་ 15 སྔོན།

    བླ་མ་མཁྱེན། ད་ག་རེ་རེད། འོག་ལ་གཞོན་ནུས་ཚོགས་མིར་ཞུགས་རོགས་ཞེས་སྐད་ངན་ཤོར་ཤོར་དང་། སྒང་གི་སྐུ་མགྲོན་གཙོ་གྲས་ནི་མི་ངན་མགོ་བདེ་རྫུན་མ་ཤ་སྟག་སླེབས་པར་ལྟོས་དང་། ༡ ཟླ་ཕུན། ༢་ཀར་ཡེས། ༣་ཀར་ཆོས་ར་བཟི། ༤ཁམས་རྫུན་གསེར་རྟ་པ། ད་ཚར་འདུག་ དངོས་གནས་ཚར་བཞག

    Reply
  9. ཏ་ལའི་ཕོ་ཉ། says:
    ལོ་ 15 སྔོན།

    ཚོགས་པ་གང་ཡིན་ཡང་རང་གི་རིན་ཐང་ལ་གུས་པ་ཞུས་འོས་པ་རེད་་་་ཡིན་ཡང་གཞོན་ནུ་ཚོགས་པའི་རང་གི་རིན་ཐང་རང་གི་མེད་བ་བཟོ་གི་འདུག་གང་ཡིན་ཟེད་ན་ང་ཚོས་ཚོགས་ལ་ཞུ་རོགས་ཞེས་སྐད་ངན་ཤོར་འདུག་གལ་སྲིད་ཚོགས་པ་འདི་ཡག་པོ་ཡོད་ན་དེ་འདྲ་སྐད་ངན་རྒྱབ་དགོས་ཡ་ཡོད་མ་རེད་་་་་མི་མང་ཆུ་རྒྱུག་བ་ནང་ཞིག་གཞོན་ནུ་ཚོགས་པ་ནང་འཛུལ་ཡོང་གི་རེད།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གཞོན་ནུ་ཚོགས་པའི་སེམས་ཤུགས་དང་ལར་ཞེན་དེ་ཚོ་སྤྱིར་བཏང་མི་རིགས་ཤིག་ལ་ཡོད་ངེས་པ་དང་དགོས་ངེས་ཤིག་ཀྱང་ཡིན་པ་འདྲ། ད་དུང་ལས་དོན་སྣ་མང་སྤེལ་བ་དང་ཕན་ནུས་ཐོན་པ་ཡང་བཤད་ཅི་ལ་དགོས། འོན་ཀྱང་གཞོན་ནུ་ཚོགས་པའི་གྲུབ་ཆའི་ཐད་ལ་དོགས་པ་ཁ་ཤས་རེ་ཡོད་པས་གསལ་བཤད་ཡོང་བའི་རེ་བ་ཡོད།
    ༡༽ མ་གཞི་གཞོན་ནུའི་ཚོགས་སྡེ་ཟེར་བ་དེ་ལོ་ཚོད་ཅིག་གི་ངོས་ནས་འཇོག་དགོས་པ་འཇིག་རྟེན་སྤྱི་སྲོལ་ཡིན་ན་ཡང་ངའི་མིག་ལམ་ཚོགས་སྡེ་འདིར་དར་མ་དང་རྒན་རྒོན་ཡང་གང་མང་ཞིག་མཐོང་ལ་ཡང་སེམས་གཞོན་ན་ལུས་གཞོན་མི་དགོས་ཟེར་བ་ཞིག་ཀྱང་ཐོས་པས་དེ་བདེན་མིན།
    ༢༽རྒྱ་དམར་གྱི་གུང་གཞོན་ཚོགས་པར་ཞུགས་ན་ཆ་རྐྱེན་མང་དག་ཅིག་འཛོམས་དགོས་མོད། བོད་ཀྱི་གཞོན་ནུ་ཚོགས་པར་ཞུགས་ན་ཆ་རྐྱེན་གང་ཡང་དགོས་པ་མ་རེད་ཐོ་བརྒྱབ་ནས་ཚོགས་དངུལ་སྤྲད་པ་གཅིག་པུས་འགྲིག་གི་རེད་ཟེར་བས་དེ་ཡང་བདེན་མིན།
    ༣༽ ད་ལྟ་མང་པོ་ཞིག་གིས་ཚོགས་དངུལ་སྤྲོད་ཀྱིན་མེད་ན་ཡང་ཚོགས་མི་རང་ལ་བརྩི་གིན་འདུག་ཟེར་བས་དེ་ཡང་བདེན་མིན།
    ༤༽ ཚོགས་མི་ཁྲི་གཉིས་ལྷག་ཡོད་ཟེར་བ་དེག་ཚང་མས་ཚོགས་དངུལ་སྤྲོད་ཀྱི་ཡོད་མེད་དང། དེ་དག་ཚང་མའི་ཆབ་སྲིད་ལྟ་བ་བོད་རང་བཙན་རང་ཡིན་མིན།
    ༥༽ བདག་གིས་བལྟས་ན་གཞོན་ནུ་ཚོགས་པའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུར་མི་ཤུགས་གཅིག་པུ་མིན་པར་ལངས་ཕྱོགས་དང་ལས་དོན་གྱི་ཐད་ནས་ལེགས་བཅོས་རེ་གནང་དགོས་པར་མཐོང་བའི་བསམ་ཚུལ་ཞིག་དང་བཅས་སོ།

    Reply
  11. མང་ཐོས། says:
    ལོ་ 15 སྔོན།

    ཉིས་སྟོང་བརྒྱད་ལོར་རྒྱ་གཞུང་གིས་གཞོན་ནུ་ཚོགས་པ་དྲག་སྤྱོད་པ་རེད་ཅེས་ཁྱབ་བསྒྲགས་བྱས་པ་ན།
    གཞོན་ལྷན་སྐྲག་ཐག་ཆོད་ནས་ང་ཚོ་དྲག་སྤྱོད་པ་མིན་ང་ཚོ་ཞི་བདེ་ལ་དགའ་ཞེས་རྒྱ་གཞུང་ལ་དཀར་འདོན་བྱེད་གང་ཐུབ་བྱས་ཡོད།
    ཧ་ཅང་གི་སྡར་མའི་ངང་ཚུལ་འདིས་ཡིད་ཆད་དུ་བཅུག་སོང་སྡར་མ་ཁྱུ་གཅིག་ནང་ལ་ཞུགས་དང་མ་ཞུགས་གཅིག་རེད་དོ། །

    Reply
  12. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    རང་བཙན་གཙང་མ་རྩོད་ལེན་བྱེད་མཁན་ཡིན་ཚེ་གཞོན་ནུ་ལྷན་ཚོགས་སུ་འཛུལ་ཞུག་དགོས་ངེས་ཡིན་པས་རང་གི་ལང་ཕྱོགས་ལྟར་ཚོགས་ཞུག་གནང་རོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese