མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་ལམ་གྱི་ཉི་མར་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp


བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་ ༼དབུས་ལམ་གྱི་ཉི་མ། ༽ ཞེས་པར་ཁེ་ན་ཌ་ཝན་ཁོ་ཝར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟག་འབྲུག་སྡེ་ཚན་གྱི་ཁོངས་ནས འཁྲབ་ཁྲིད་པ་གསར་པའི་གློག་བརྙན་གྱི་ཨང་དང་པོའི་བྱ་དགའ་ཐོབ་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ནས་བཟུང་སྐབས་ ༣༠ པའི་ཁེ་ན་ཌ་ཝན་ཁོ་ཝའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཉིན་ ༡༦ རིང་ཚོགས་ཡོད་པ་དང་། འདི་ལོའི་གློག་བརྙན་དུས་ཆེན་སྟེང་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༧༥ ཡི་གློག་བརྙན་ ༣༧༠ ལྷག་འགྲེམ་སྟོན་དུ་ཞུགས་ཏེ། གློག་བརྙན་ཐེངས་ ༦༠༠ བསྟན་ཡོད་ཅིང་། དེའི་ཁྲོད་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་ ༼དབུས་ལམ་གྱི་ཉི་མ། ༽ ཞེས་གློག་བརྙན་ལ་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་སྟག་འབྲུག་སྡེ་ཚན་གྱི་ཨང་དང་པོའི་གཟེངས་རྟགས་དང་ཌོ་ལིར་ཁྲི་ ༡ གི་བྱ་དགའ་ཐོབ་ཡོད་འདུག

༼ དབུས་ལམ་གྱི་ཉི་མ ༽ ཞེས་པའི་གློག་བརྙན་དེ་ནི། འདི་ལོ་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་ནས་བཟུང་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱི་སྣེ་འཁྲིད་འོག  མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་བརྙན་ཕབ་བྱས་ཡོད་འདུག  གློག་བརྙན་གྱི་བསྟན་དོན་གཙོ་བོ་ནི། ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་བསྐོར་བའི་བོད་ཀྱི་ན་གཞོན་ཉི་མས་སེམས་ཆུང་མ་བྱས་པར་རང་གི་ཨ་མ་འདྲུད་འཐེན་འཁོར་ལོས་བརྒྱབ་ནས་བསད་སྟབས། ཁོས་རང་གི་ནང་སེམས་ཀྱི་སྡུག་བསྔལ་དང་ནོངས་འགྱོད་བཟོད་ཐབས་མ་བྱུང་བར། གནས་མཆོག་ལྷ་སར་མཇལ་སྐོར་དུ་འགྲོ་བའི་ལམ་དུ་ཞུགས་ཤིང་། ལྷག་བསམ་རྣམ་དག་གིས་ལྷ་དང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་འགྱོད་བཤག་བྱས་ཀྱང་ནང་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཐབས་མ་བྱུང་བའི་སྐོར་བཀོད་ཡོད་པ་དང་། མི་སྣ་གཙོ་བོའི་དམིགས་བསལ་གྱི་མྱོང་བ་བརྒྱུད་ནས་འཚོ་བའི་ཁ་ཕྱོགས་བོར་ཞིང་ནང་སེམས་སྟོང་བར་གྱུར་བའི་མིའི་འཚོ་བའི་རིན་ཐང་དང་ཚེ་སྲོག་གི་འདུ་ཤེས་འཚོལ་ཞིབ་བྱས་ཡོད་པ་མ་ཟད། བྱེ་ཐང་གི་རང་བྱུང་ཡུལ་ལྗོངས་ཁྱད་པར་བ་ལ་བརྟེན་ནས་མཐོ་སྒང་གི་གནམ་སའི་བར་གྱི་རྣམ་ཤེས་ཀྱི་གཏིང་རིམ་དུ་ཟུག་པའི་སེམས་ཀྱི་བཞུད་ལམ་དང་།   བོད་མིས་དགའ་སྐྱོ་འདུ་བྲལ་དང་འཆི་བའི་ངོ་བོ་ལ་བཟུང་བའི་རྣམ་འགྱུར་གསལ་བོར་མཚོན་ཡོད་འདུག


ཝན་ཁོ་ཝའོ་རྒྱལ་སྤྱིའི་གློག་དུས་སྟོན་ནི།
༡༩༨༢ ལོར་གསར་དུ་བསྐྲུན་པའི་མེ་གླིང་བྱང་མའི་གློག་བརྙན་དུས་སྟོན་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ད་ལྟའི་བར་དུས་སྟོན་འདིས་རྒྱ་ཆའི་གློག་བརྙན་ལྟ་མཁན་རྣམ་པར་ Hollywood དང་འཛམ་གླིང་ཡུལ་གྲུ་སོ་སོའི་ཚབ་མཚོན་དང་ཕུལ་བྱུང་གློག་བརྙན་འདོན་སྤྲོད་བྱེད་པ་དང་མཉམ་དུ་གློག་བརྙན་ལས་རིགས་ཀྱི་གསར་བྱུང་མི་སྣ་དག་ལ་སྟེགས་བུ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། སྟག་འབྲུག་སྡེ་ཚན་ནི། ཁེ་ན་ཌའི་རྒྱལ་ས་ཝན་ཁོ་ཝའོ་རུ་ཚོགས་བཞིན་པའི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་གློག་བརྙན་དུས་སྟོན་གྱི་སྡེ་ཚན་ཞིག་ཡིན་འདུག  སྡེ་ཚན་འདིས་ད་ལྟའི་བར་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་དང་ས་གནས་ཁག་གི་གློག་བརྙན་བརྩམས་ཆོས་མང་པོ་ཞིག་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་ཏེ། ཁེ་ན་ཌ་དང་ཞི་བདེ་རྒྱ་མཚོའི་གླིང་གི་རྒྱལ་ཁབ་བར་གྱི་རིག་གནས་འབྲེལ་བར་ཡར་དང་གློག་བརྙན་འཁྲབ་ཁྲིད་པ་གསར་བའི་གསར་གཏོད་རང་བཞིན་གྱི་བརྩམས་ཆོས་དག་བྱ་དགའ་གནང་སྟེ། མདུན་ལམ་དང་རྣམ་དཔྱོད་ལྡན་པའི་ཨེ་ཤ་ཡའི་འཁྲབ་ཁྲིད་པ་གསར་པར་སྐུལ་ལྕག་གི་ནུས་པ་འདོན་གྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 5

  1. གཡག says:
    ལོ་ 15 སྔོན།

    ཨ་མདོའི་ཕོ་རྒོད་ལ་ཡི་རངས་ཡོད། ཐུགས་རྗེ་ཆེ།

    Reply
  2. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    སེམས་གཏིང་ནས་དགའ་ནི་ཞིག་རེད། དབུས་ལམ་གྱི་ཉི་མ་དང་ཁྱི་རྒན་ཞེས་བའི་གློག་བརྙན་དེ་གཉིས་ཀྱི་མཚན་སྙན་ནི་འཛམ་གླིང་སྟེང་ན་མེ་ལྕེ་བཞིན་འབར་བཞིན་འདུག། འདི་ཡང་བོད་པ་ཚང་གི་གཟི་བརྗིད་ཅིག་ཏུ་བརྩི་ཆོག།

    Reply
  3. tata says:
    ལོ་ 15 སྔོན།

    བསྟོད་བསྔགསཡོད་ རྗེས་སུ་ཡིད་རང་ཡོད་ དགའ་སུ་ཡོད། གཞན་བོད་པ་ཚོང་གི་མི་ཞིག་འབུར་དུ་ཐོན་ན་ས་འོག་ནས་ཐག་པ་ཞིག་བརྐྱང་ཏེ་རྐང་པ་འཐེན་ཅང་བྱེད་རེད། གཟབ་གཟབ་གནང་རོག།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བདག་གིས་གློག་བརྙན་དེའི་དོན་སྙིང་སྔོག་ན་འདོད། གཅིག་བལྟ་དགོས་རྒྱུ་རེད། གང་ལྟར་གཟེངས་རྟགས་ཐོབ་པར་དགའ་བསུ་ཞུ་འོས་ལ། གློག་བརྙན་གྱི་ལས་རིགས་ཁྲོད་ང་ཚོ་གང་མང་ཧུར་ཞུགས་བྱེད་དགོས། སྐུ་ཞབས་ལྗང་བུ་ལགས་དང་པད་མ་ཚེ་དབང་ལགས་སོགས་ལ་མིག་དཔེ་བལྟ་འོས།

    Reply
  5. མྱི་ནག་ཚང་། says:
    ལོ་ 15 སྔོན།

    མེ་གླིང་བྱང་མ་ཞེས་པ་དེར་ང་ཚོས་དུས་རྟག་ཏུ་བྱང་ཨ་རི་ཅེས་འབོད་གི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese