མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་གྱི་སེམས་པ་དང་གཅིག་གྱུར་གྱི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཆིག་སྒྲིལ་གྱི་སེམས་པ། གཅིག་གྱུར་གྱི་ངོ་རྒོལ། བདེན་དོན་གྱི་གཟི་བརྗིད། རྒྱལ་ཁ་ཡི་རེ་བ།

ཆབ་བྲག་ཕོ་ཉ།

ལོ་རྒྱུས་ཀྱི་གོད་ཆག་ཅི་འདྲ་ཞིག་བྱུང་བ་ལ་མ་ལྟོས་པར་མགོ་ནག་རྩམ་གཟན་ནམ་གདོང་དམར་བོད་པ་ཚང་གི་བུ་རབས་ཚ་རྒྱུད་དག་གིས་མི་རིགས་ཤིག་གི་ལར་ཞེན་དང་རིག་གཞུང་ཞིག་གི་སྤོབས་པ། བདེན་དོན་ཞིག་གི་སྙིང་སྟོབས་དང། ཡིད་ཆེས་ཤིག་གི་རེ་སྨོན་བཅས་ལ་བརྟེན་ནས་འཕག་འཚག་རྒྱུན་མར་བྱས་ཏེ་འགྱེལ་ས་ནས་ལངས་པར་ལན་དགུ་ཆད་དུ་འབད་ཡོད་ལ་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད། མ་མཐར་ཡང་ངས་བལྟས་ན་གཉིད་ལས་སད་དང་སད་བཞིན་པ་རེད། ད་དུང་མང་པོ་ཞིག་གིས་རེ་བ་ཆེ་ས་ཞིག་ལ་དམིགས་ཏེ་བློས་གཏོང་ཡང་ཆེན་པོ་ཞིག་གི་མགོ་ཚུགས་ཡོད།  འདི་ནི་ཚེ་སྲོག་ཅིག་གི་ངོས་ནས་བལྟས་ན་ཡ་ང་བ་དང་སྙིང་རྗེ་བ་ཕངས་སེམས་ཆེ་བ་ཞིག་ཡིན་པར་མ་ཟད། ཆེས་གཟི་བརྗིད་དང་རླབས་ཆེན་ཞིག་ཀྱང་ཅི་ལ་མིན། ལྷག་པར་དུ་རང་རིགས་ལ་མཚོན་ན་དྲན་སྐུལ་ཟབ་མོ་ཞིག་དང་དགྲ་ཕྱོགས་ལ་མཚོན་ན་ངོ་རྒོལ་མཐུ་ཆེན་ཞིག་ཡིན་ངེས་པས། གངས་ཅན་པ་ཞེས་པ་དང་གདོང་དམར་བོད་པ་ཞེས་པ། ཆོས་ལྡན་བོད་མི་ཞེས་པ། འཚེ་མེད་ཞི་བ། བདེན་པའི་ཨུ་ཚུགས་ཟེར་བའི་ཁྱད་ཆོས་ཚང་མ་ཕྱོགས་བསྡུས་ཀྱིས་མཚོན་པའི་རྒྱ་མཚོའི་རླབས་དང་རླུང་གི་ཤུགས་བཞིན་བཟློག་ཏུ་མེད་ལ་ཡལ་དུ་མེད་པའི་ལས་འགུལ་ཞིག་ཏུ་འགྱུར་བཞིན་ཡོད།

སྤྱིར་ཡིན་ན་དཔའ་རྟུལ་ཁོང་རྣམས་པས་ཀྱང་དྲག་པོའི་ཐབས་རྩལ་ཅི་རིགས་ལ་བརྟེན་ནས་དགྲ་ཕྱོགས་ལ་འཇིགས་སྣང་དང་ཆག་སྒོ་དུ་མ་ཞིག་འབྱུང་འཇུག་ཐུབ་རྒྱུར་ཐེ་ཚོམ་སྤུ་ཙམ་མེད་ན་ཡང། འདི་ལྟར་གཞན་ལ་འཚེ་བ་དོར་ནས་རང་ལ་འཚེ་བའི་སྤྱོད་ཚུལ་ཐུན་མོང་མ་ཡིན་པ་འདི་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་གང་གི་རླབས་ཆེའི་དགོངས་དོན་ལ་དད་འདུན་གུས་བརྩི་གནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་དང་བཅས་པའི་སླད་དུ་ཡིན་པར་ཐག་གཅོད་ཐུབ་པ་ཞིག་རེད།

བདེན་པའི་སྟོབས་དང་ཞི་བའི་ཐབས་ཀྱི་རྒྱལ་ཐབས་དེ་ཡང་ཆིག་སྒྲིལ་གྱི་བསམ་བློའི་ནུས་པ་ཞིག་གིས་རྨང་གཞི་བྱས་ཏེ་གཅིག་གྱུར་གྱི་ལས་འགུལ་ཞིག་གིས་གཡོ་འགུལ་བསླངས་ན། ད་གཟོད་བདེན་པའི་གཟི་བརྗིད་ཅིག་གིས་རྒྱལ་ཁའི་རེ་བ་ཞིག་མཐོང་བར་འགྱུར་རྒྱུར་བདག་ནི་ཡིད་ཆེས་ཟབ་མོ་ཡོད། དེ་ཡང་་རྒྱལ་སྤྱིའི་རྒྱབ་སྐྱོར་དང་རྒྱལ་ནང་གི་རུལ་སུངས་དང་ངོ་རྒོལ་ཅི་རིགས་ཀྱིས་པེ་ཅིང་གཞུང་གི་རྒྱལ་སྲིད་ནི་ཡུན་རིང་བརྟན་དཀའ་ལ་གུང་ཁྲན་ཏང་གི་ཚེ་སྲོག་ཀྱང་ལོ་བརྒྱ་ལས་གནས་དཀའ་བའི་གནས་སྟངས་ཤིག་ཆགས་ཀྱིན་ཡོད་པས། བོད་དང་ཡུ་གུར། སོག་པོ་དང་རྒྱ་ནག་དམངས་གཙོ་པ་བཅས་པས་རང་གི་མི་རིགས་ཀྱི་ཚེ་སྲོག་སྲུང་སྐྱོབ་ཀྱི་གོ་སྐབས་དམ་འཛིན་གྱིས་མཚམས་མི་འཆད་པའི་ལས་འགུལ་ཅི་རིགས་མཉམ་སྤེལ་གྱི་མཛུབ་མོ་ལྔ་བཅངས་ནི་་སྲིད་དོན་གྱི་དམག་འཐབ་གལ་ཆེན་ཞིག་ཏུ་ཚོར།

རྒྱུ་མཚན་དེས་ན་བདག་གིས་འདིར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་བཀུར་འོས་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སྤྱི་དངབྱེ་བྲག་བོད་མི་ཡོངས་ལ་གཞེན་སྐུལ་འགའ་ཞིགཞུ་རྒྱུ་ལགས་ན་ཅིས་ཀྱང་དགོངས་བཞེས་གནང་རྒྱུ་མཁྱེན་མཁྱེན།

ཀ༽ ཡུ་གུར་དང་སོག་པོ། རྒྱ་རིགས་སོགས་དམངས་གཙོ་དོན་གཉེར་ཅན་ཚང་མར་འབོད་སྐུལ་གྱིས་རྒྱལ་ཁབ་གང་རུང་ཞིག་ཏུ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས་ནས་མི་རིགས་མནའ་འབྲེལ་གྱི་ཚོགས་པ་ཆེན་པོ་ཞིག་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཉམ་སྤེལ་གང་མང་བྱེད་རྒྱུ། (བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བློན་ཆེན་གྱིས་གཙོ་འགན་གནང་འོས་སྙམ)

ཁ༽ གཅིག་གྱུར་གྱི་ངོ་རྒོལ། འདི་ལ་གཅིག་ནས་གོང་གསལ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་མཉམ་འབྲེལ་ལས་གཞི་དག་གི་འཆར་གཞི་གཏན་འབེབས་བྱ་རྒྱུ་དང། གཉིས་ནས་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་སྐབས་བསྟུན་ངོ་རྒོལ་དུས་གཅིག་གམ་རྣམ་འགྱུར་ལྷན་སྤུངས་ཀྱི་ཐབས་ཚུལ་ཏེ། དཔེར་ན། ངོ་དེབ་དང་གནམ་ཡིག་སོགས་ཀྱི་པར་རིས་ལ་མཆོད་མེ་ལྟ་བུ་གཅིག་གྱུར་བཞག་ནས་མྱ་ངན་དང་གུས་འདུད་མཚོན་པ་དང། ཡང་ན་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ཁ གཡང་གཅིག་གྱུར། སྦྱར་རྒྱུ་དང་འདོགས་རྒྱུ་ལ་སོགས་པ་བཟོ་བ། ཡང་ན་ཉིན་གཅིག་དུས་གཅིག་ལ་དཔའ་བོར་གུས་འདུད་དང་མྱ་ངན་གྱི་ངག་བཅད་ཞུ་བ་དང། ཉིན་གཅིག་ལ་སྙུང་གནས་སྲུང་བ། དུས་གཅིག་ལ་མཆོད་མེ་སྦོར་བ། གསོལ་བ་སྨོན་ལམ་འདེབས་པ་ལ་སོགས་པ། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་ཏེ་དུས་ནས་དུས་སུ་གསར་འགོད་གསལ་བསྒྲགས་དང་བཅས་ཏེ་གསལ་བརྡ་གནང་ན་དོན་ཕན་འབྱུང་ངེས་སྙམ།

ག༽ ཡིད་བཞིན་ནོར་བུའི་ཐབས་མཁས་ཐུགས་རྗེའི་གཟིགས་སྐྱོང་འོག་བོད་ཆོལ་ཁ་གསུམ་པོའི་ཆིག་སྒྲིལ་གྱི་སེམས་པ་སྔར་བྱུང་མ་མྱོང་བ་ཞིག་འབྱུང་བཞིན་པ་འདི་ང་ཚོའི་རྒྱལ་ཁའི་གཞི་རྩ་ཡིན་པས། དམ་ཚིག་གཙང་མ་མི་ཉམས་གོང་སྤེལ་ཆེད་དུ་དུས་འཁོར་དབང་ཆེན་སྐབས་སུ་བོད་མི་ཡོངས་ཀྱིས་མནའ་གན་ཆེན་པོ་ཞིག་ངེས་པར་འཇོག་གལ་ཆེ་བར་མཐོང། དེ་ཡང་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་དང་ལྷན་མ་འོངས་རྗེས་རབས་རྣམས་ལ་དྲན་གསོའི་རྟེན་དུ་མནའ་གན་རྡོ་རིང་ཆེན་མོ་ཞིག་བཞེངས་ཐུབ་ན་ལེགས། (འདི་ལ་ཆོལ་གསུམ་དབུས་སྤྱི་ཁྱབ་ཁང་དང་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་རྣམ་པས་དབུ་ཁྲིད་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཆུང་ཚང་མ་མཉམ་འབྲེལ་གྱིས་ནུས་པ་འདོན་ཐབས་ཀྱི་ལས་འགུལ་སྤེལ་འོས)

ང༽ བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་ཡོད་དོ་ཅོག་ལྷན་བཞུགས་ཀྱིས་ལོ་རེ་བཞིན་དུ་བོད་དོན་བདེན་མཐའ་མྱུར་གསལ་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ། (ཆོས་དོན་ལས་ཁུངས་ཀྱིས་ཐུགས་འགན་རྐང་ལེན་གནང་འོས་སྙམ།)

ཅ༽ སྔོན་གཤེགས་དཔའ་བོ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིའི་འཚོ་སྣོན་སོགས་ཀྱི་ཆེད་དུ་ལོ་རེ་བཞིན་དུ་བཙན་བྱོལ་བོད་མི་ཡོད་དོ་ཅོག་ནས་དང་བླང་ཞལ་འདེབས་འབུལ་རྒྱུ། (བདེ་སྲུང་ལས་ཁུངས་ནས་ཐུགས་འགན་གནང་འོས་སྙམ)

ཞོར་དུ། ཁ་སང་ནས་ངོ་དེབ་དང་གནམ་ཡིག་དག་གི་ནང་ལ་མཆོད་མེའི་པར་རིས་བཞག་ནས་བོད་ནང་གི་རང་སྲོག་བློས་གཏོང་གི་རྒྱལ་གཅེས་པ་རྣམ་པར་གུས་འདུད་དང་མྱ་ངན་ཞུ་བའི་མཚོན་རྟགས་ཤིག་སྤེལ་བཞིན་པ་འདི་ངོ་དེབ་དང་གནམ་ཡིག་ཡོད་པའི་བོད་མི་ཡོད་དོ་ཅོག་ནས་ཁྱབ་སྤེལ་གནང་རྒྱུའི་རེ་སྐུལ་དང་བཅས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཧྥ་རན་སིའི་རྒྱལ་ས་དཔལ་རིས་ནས་༢༠༡༡་༡༠་༩་ཞོགས་པའི་ཆུ་ཚོད་གཉིས་པར་གུས་ཕུལ།

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 59

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཅ༽ ཁྱོད་ཀྱིས་མ་གཞི་ནས་ལས་དོན་ཅང་སྒྲུབ་རྩིས་མེད་པ་འདྲ། མ་དངུལ་བསྡུས་ན་མ་འགྲིགས་པ་ཅི་ཡང་མེད། འདས་ཟིན་པ་མང་པོར་ཁ་གསབ་བྱེད་མ་ཐུབ་ན་ཡང་ཡོང་བཞིན་པ་དག་ལ་གང་ལ་གང་འཚམ་གྱི་རོགས་རེ་ཐུབ་ན་ཡང་བཟང་ག ཀུན་ལ་ཆ་སྙོམ་གྱིས་གྲྭ་བ་ཚོར་འགྱེད་རྒྱག་རྒྱག་རང་ད་བྱེད་དགོས་གི་མ་རེད། འདིའི་ཐད་ལ་གཞུང་གིས་སྟངས་འཛིན་འོག་ཕྱི་རྒྱལ་རོགས་ཚོགས་ཁག་ལ་མཉམ་འབྲེལ་གནང་ན་བོད་ནང་ལ་འབྲེལ་བ་བྱེད་ཐུབ་ངེས་རེད། དེང་སང་འཛམ་གླིང་ཆུང་བས་ཐབས་ཤེས་མང་ནི་རེད། གཞི་རྩའི་བོད་མི་ཚང་མས་ལོ་རེར་དང་བླང་ཞལ་འདེབས་འབུལ་རྒྱུར་ཆབ་སྲིད་དང་མི་རིགས་ཀྱི་ཆིག་སྒྲིལ་གཉིས་ཐད་ནས་དོན་སྙོིང་ལྡན་ཡོད། དེའི་ཐོག་ལ་ཐབས་ཤེས་ཀྱིས་མ་དངུལ་ཇོ་མང་གཏོང་ཐབས་ལ་ཐབས་ཤེས་ཅི་ཡང་བྱེད་ཆོག་ད་ཆོག དོན་ཚན་འདི་དག་བསྡེབས་གཅིག་ཏུ་བཀོད་ན་མང་འགྲོ་བས་ཚན་པ་རེ་རེ་བཏང་བ་ཡིན། ཨ་བཱེ་ར་་མཚན་འདི་དག་བཏགས་རྗེས་མི་རང་ག་ཞིག་བྱེད་མི་འོས་པས་་་་ད་དུང་བསམ་ཚུལ་ཡོད་ན་འབྲི་རོགས། བཀའ་དྲིན་ཆེ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ང༽ དེ་ལ་ཁག་མེད། ནང་ཆོས་ཀྱི་གོ་རྟོགས་དམའ་བས་ཡིན་རྒྱུ་རེད། ཡང་ན་དད་པ་མེད་པས་་་་་བསྔོ་བ་དང་སྨོན་ལམ་ཟེར་བ་འདི་དག་ནང་པའི་ཆོས་ཀྱི་རྟེན་ཅིང་འབྲེལ་འབྱུང་གི་ངོས་ཀྱང་ཧ་ཅང་གལ་ཆེ་ཚུལ་་་་་ད་གཡུག་ཞོག་གོ་རྒྱུ་མ་རེད།།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ག༽་གཞི་རྩའི་ཆིག་སྒྲིལ་གྱི་རྨང་གཞི་ཞིག་མེད་ན་མནའ་གན་ཞིག་འཇོག་ཐབས་མེད་པ་རེད། སྔོན་ཆད་ཀྱི་གནས་སྟངས་ལས་དེང་སང་ལྡབ་དུ་མས་ཆིག་སྒྲིལ་ཡག་པོ་ཆགས་ཡོད། ད་དུང་མ་འདང་ས་དང་ཉམས་ཆག་འགྲོ་བཞིན་པ་དང་འགྲོ་ཉེན་ཡོད་པ་མི་ཉུང་བ་ཞིག་ཡོད། དེ་བས་རང་སྐྱོན་ཁས་ལེན་དང་ལྷན་དུ་མ་འོངས་པར་བསམ་པ་སྔར་ལས་ཆིག་སྒྲིལ་དང་ནུས་པ་སྔར་ལས་ཆིག་སྒྲིལ་ཡོང་བ་བྱ་རྒྱུར་མནའ་གན་རྡོ་རིང་བཞེངས་ན་ཕན་ལས་གནོད་པ་ཅི། དཔེར་ན་ཁྱེད་རང་དང་མི་ཞིག་ངོ་ཤེས་རེད་ཡང་ན་གྲོགས་པོ་རེད། ཁྱེད་གཉིས་ཀྱིས་རྨང་གཞི་དེའི་ཐོག་ནས་མནའ་བཅད་གྲོགས་པོའམ་སྤུན་ཞིག་བསྒྲིགས་ན་དེ་ཇེ་བཟང་ལ་འགྲོ་བར་ཕན་ནམ་ཇེ་ངན་འགྲོ་བར་ཕན། རང་བཞིན་གཅིག་པ་རེད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁ༽བོད་པ་ནང་ཁུལ་ལ་དྲིལ་བསྒྲགས་བྱེད་དགོས་པའི་དོན་མ་རེད། གཅིག་གྱུར་གྱི་ངོ་རྒོལ་གྱི་རྣམ་འགྱུར་འདི་ཤུགས་ཆེ་བ་ཡོད། ང་ཚོའི་ལས་དོན་ཚང་མ་དྲིལ་སྒྲོག་རང་གི་ཆེད་དུ་མིན་པ་ཧ་གོ་དགོས། ། གཉིས་་ནས་བོད་མི་སྤྱི་དང་ལྷག་པར་བོད་ནང་ལ་སེམས་ཤུགས་ཆེར་སྐྱེད་ལ་ཕན་ཐོགས་ཡོད། གསུམ་ནས་གཅིག་གྱུར་གྱུ་ངོ་རྒོལ་དེ་ཕྱི་ནང་ཚང་མས་མཐོང་སླ་བ་དང་ཚོར་སྣང་ཡང་དམིགས་བསལ་བ་སྐྱེ་འཇུག་ཐུབ་པ་ཞིག་ཡིན

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཨ་བཱེ་ར་ལགས། ཀ༽ འདི་རིགས་ཚང་མས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཅུང་མི་འདྲ་ཙམ་ལས་གུང་ཁྲན་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ལ་དགའ་བོ་མེད་པར་དམངས་གཙོ་ངོ་མ་ཞིག་ཆགས་རྒྱུ་དེ་ཚང་མའི་དམིགས་ཡུལ་ཡིན། དེའི་འོག་ནས་མི་རིགས་སོ་སོའི་བྱེ་བྲག་གི་མདོན་འདོད་དང་རེ་བ་འགའ་རེ་འཇོག་ཆོག ལས་དོན་སྤེལ་དུས་ཀྱང་གཅིག་གཅིག་ལ་རྒྱབ་སྐྱོར་གྱིས་མཉམ་ཞུགས་བྱེད་དགོས། དཔེར་ན་མི་རིགས་སོ་སོའི་དུས་དྲན་དམིགས་བསལ་བ་རིགས་དང་་མི་རིགས་སོ་སོའི་ནང་ལ་ཆག་སྒོ་ཅི་རིགས་བྱུང་དུས་་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགན་རིགས་མཉམ་དུ་སྤེལ་འོས། མ་གཞིའི་དེའི་སྐོར་ཚོགས་འདུ་རང་ནས་བགྲོ་གླེང་གནང་གིས་གྲོས་ཆོད་འཇོག་དགོས་པ་ཞིག་རེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ནད་པ་ལགས་ཀྱིས་བསམ་འཆར་ལྷུག་བརྗོད་གནང་བ་དགའ་བོ་བྱུང། མི་རིགས་སྐྱིད་སྡུག་ལྷན་ཚོགས་ཀྱི་གྲུབ་ཆའི་ཐད་ལ་ཚོགས་ཐོག་ནས་གླེང་མོལ་གནང་འོས། གང་ལྟར་ཐོག་མར་དེ་འདྲ་ཞིག་འཚུགས་པར་ཕྱི་དྲིལ་ནས་འགན་ཞིག་ཁུར་ན་ལས་དོན་ལམ་ལྷོང་ཐད་ལ་ཕན་ཐོགས་ཆེ་བསམས། ངས་བལྟས་ན་འཛམ་གླིང་ཞི་བདེའི་དེད་དཔོན་ཁ་ཤས་རེ་སློབ་སྟོན་དུ་སྤྱན་འདྲེན་ཞུ་རྒྱུ་གལ་ཆེ་སྙམ་གྱིན་ཡོད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དུས་དེབ་ཚད་ལྡན་བཅུ་ལབ་མེད། རྩོམ་ཡིག་ཚད་ལྡན་བཅུ་གྲངས་ལབ་ཡོད། དུས་དེབ་ཚད་ལྡན་དག་ནི་ལྗང་གཞོན་དང། རྩམ་པ། ལྡུམ་ར། བློ་གསལ་རྩོམ་རིག་དགའ་ཚལ། ཁ་བ། གཞན་ཡང་ཤེས་རབ་དགའ་ཚལ་གླིང་དང་ས་ར་མཐོ་སློབ་ཁང། ནོར་གླིང་མཐོ་སློབ་སོགས་ཀྱི་རྩོམ་རིག་དུས་དེབ་ཁག་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ན་ཡང་གཙོ་བོ་རྩོམ་ཡིག་རང་ལ་ལྟ་གི་རེད། ཅི་ཞིག་བཤད་ཡོད་པར་ཡག་པོ་ཞིག་དོ་སྣང་ཡང་མི་བྱེད་པར་་་མི་འདི་ལ་ང་ཉོབ་སོང།

    Reply
  8. ནད་པ says:
    ལོ་ 14 སྔོན།

    ཆབ་བྲག་ལགས་ཀྱིས་དགོངས་ཚུལ་བཏོན་པ་ལྟར་དོན་ཚན་ཀ་པའི་ནང་དུ་ཡུ་གུར་དང་། སོག་པོ། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ། ངེད་ཅག་བོད་རིགས་ལ་སོགས་པ་ཚང་མས་ཐོག་མར་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་འཚོགས་ཆེན་ཞིག་ཚོགས་ཐུབ་ན་ཞེ་དྲག་གི་ཡག་པོ་རེད།

    དེ་དུས་མི་རིགས་མི་འདྲ་བ་འདི་དག་མཉམ་འཛོམས་བྱས་ཏེ་མི་རིགས་སྐྱིད་སྡུག་མཉམ་འབྲེལ་ལྷན་ཚོགས་ཞིག་གསར་འཛུགས་བྱེད་དགོས།

    ལྷན་འཚོགས་དེ་བརྒྱུད་དེ་རྒྱ་ནག་དང་། བོད་ལྗོངས། ཡུ་གུར། སོག་ཡུལ་བཅས་ཀྱི་ནང་དཀའ་ངལ་གང་ཞིག་འཕྲད་ཀྱང་ཕྱི་སྡོད་ཀྱི་ལྷན་ཚོགས་འདུ་བསྐོང་བྱས་ཏེ་དུས་ཐོག་འཛམ་གླིང་སྟེང་གསལ་བསྒྲགས་སྤེལ་ཏེ་སྐབས་བབ་ཀྱི་མི་རིགས་མཉམ་འབྲེལ་གྱི་ལས་འགུལ་མེ་ལྟར་ཚ་ཐག་ཆོད་དུས་བབ་ལྟར་སྤེལ་ཐུབ་པ་དགོས།

    ཡིན་ནའང་ལྷན་ཚོགས་འདིའི་ནང་དུ་ཆབ་བྲག་ལགས་ཀྱིས་གསུངས་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་འཁུར་ཐུབ་ན་དགེ་མཚན་ཆེ་བ་བཤད་པ་དེར་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད།

    གང་ཡིན་ཟེར་ན་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བཤད་ན་མི་རིགས་མཉམ་འབྲེལ་སྐྱིད་སྡུག་ཚོགས་པ་དེའི་འགན་འཁུར་བླངས་ན་དགེ་ལས་སྐྱོན་ཆེ་བའི་གནས་སྟངས་ཆགས་སྲིད་པ་རེད།

    དེར་བརྟེན་ལྷན་ཚོགས་དེའི་གཙོ་འཛིན་མི་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་སུ་མང་མོས་ཀྱིས་འོས་འདེམས་བྱེད་དགོས་ལ་ལྷན་ཚོགས་དེའི་ནང་གི་འོས་གཞིར་བོད་ཀྱི་གཞོན་ནུ་ལྷན་ཚོགས། དགུ་བཅུ་གསུམ། བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གང་རུང་ཞིག་གི་འོས་མི་བཞུགས་དགོས།

    ང་ཚོས་ཤ་དང་རུས་པའི་འབྲེལ་ཐག་དམ་པོར་བཅིངས་པའི་ཤ་རུས་གཅིག་པའི་བོད་མི་རིགས་ཀྱི་སོ་སོའི་སྤུན་ཟླའི་མི་རིགས་ཀྱི་གཅེས་པའི་ཚེ་སྲོག་མེ་ལ་སྒྲོན་པའི་དུས་དེར་ཕྱི་ནང་བོད་རིགས་ཡོངས་ཀྱིས་ཀྱང་ངུ་སྐད་གཅིག་ལས་བརྒྱབ་མ་ཐུབ་ནའང་གནས་ཡུལ་གྱི་རྒྱལ་ཁབ་གང་ཞིག་གི་ཁྲིམས་དང་མཐུན་པའི་འོག་ནས་ངར་གི་མི་རིགས་ཀྱི་ཐོབ་ཐང་རྩོད་དགོས་ལ་འཛམ་གླིང་མི་དམངས་ཀྱིས་ཤེས་རྟོགས་ཐུབ་པ་བྱེད་དགོས།

    ཉེ་བའི་ཆར་གཞོན་ནུའི་དབུ་འཁྲིད་འོག་ལྡི་ལིའི་མཐོ་རིམ་བོད་རིགས་སློམ་མ་འགས་རྒྱ་ནག་གི་གཞུང་ཚབ་ནང་ཞི་བའི་སྐད་འབོད་དུས་ཐོག་ཆར་པ་ལྟར་བབས་ཐུབ་པ་དེས་ང་ཚོའི་ངོས་ནས་བཤད་ན་ཆེས་རླབས་ཆེན་གྱི་གཟི་བརྗིད་གཅིག་རེད་ལ་ངོ་ཚ་མེད་པའི་རྒྱ་ནག་དམར་གཞུང་འདིར་མཚོན་ན་འཛམ་གླིང་སྤྱི་དང་ལྷག་དོན་ཆེན་པོ་རྒྱ་གར་རྒྱལ་ཁབ་འདི་ནང་ཅུང་ཟད་ངོ་ནོམ་དགོས་པའི་གདོང་འབག་དེ་ཤུས་ཐུབ་ཡོད།

    བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་གཞུང་འདིས་དུས་ལྟར་བྱ་མ་འདྲོགས་པར་ང་ཚོར་དགོས་པའི་སྒོ་ངའང་ལེན་ཐུབ་པའི་ཐབས་ཇུས་བཏོན་ཐུབ་པ་བྱེད་དགོས། མི་རིགས་འདི་གནད་དོན་ཐད་སྤྱི་ཚོགས་ནང་དུས་བབ་ལྟར་བསྟུན་ནས་འགྲོ་ཐུབ་པ་བྱེད་དགོས་ལ། གནས་ཚུལ་གསར་པར་དབྱེ་ཞིབ་དང་། གནད་དོན་གསར་པར་ཐག་གཅོད། ལས་དོན་འགངས་ཆེར་ཐབས་ཇུས་བཅས་ཀྱི་བསམ་བློ་གཏོང་དགོས། སྐད་ཆ་བཤད་དགོས། བྱ་བ་བྱེད་དགོས། ལས་འགུལ་སྤེལ་དགོས། ཐབས་ཤེས་བཏོན་དགོས། མི་དམངས་སྣེ་འཁྲིད་བྱེད་ཐུབ་པ་དགོས།
    བོད་རྒྱལོ།།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་ཞབས་ཆབ་བྲག་ལགས།
    ཁྱེད་ཀྱིས་མ་མཐའའི་ཆ་རྐྱན་དུ་བཏོན་པའི་ཚད་ལྡན་གྱི་དུས་དེབ་བཅུ་དེ་གང་ཡིན་ནམ།
    ངས་ཀྱང་དུས་དེབ་ཚོའི་ནང་དུ་རྩོམ་ཡིག་མང་པོ་བྲིས་མྱོང་ཡང་ཚད་ལྡན་གྱི་དུས་དེབ་གང་ཡིན་ཤེས་མ་སོང།
    ཁྱེད་ཀྱིས་རྩོམ་པ་པོ་ཡིན་མིན་གྱི་ས་མཚམས་དེ་གང་ཞིག་ལ་འཇོགས་ཀྱི་ཡོད་གཅིག་གསུངས་རོགས་ཞུ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese