མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་བཙོན་པ་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འབར་མའི་གཞུང་གིས་བཙོན་པ་མང་པོ་ཞིག་ཉེས་ཡང་ཀློད་གྲོལ་གཏོང་མགོ་ཚུགས་ཡོད་ཅིང་། དེ་དག་ཁྲོད་ཆབ་སྲིད་བཙོན་པ་ཅི་ཙམ་ཡོད་མེད་ཁ་གསལ་བྱུང་མི་འདུག  

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འབར་མ་དམག་མིའི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། སྲིད་འཛིན་ཐེན་སེན་(Thein Sein)མཆོག་གིས་བཀའ་འཁྲོལ་ཐོབ་པ་ལྟར། འབར་མའི་བཙོན་འོག་གི་བཙོན་པ་ ༦༣༥༩ ཙམ་ཉེས་ཡང་བཙོན་གྲོལ་གཏོང་རྒྱུའི་ཐག་གཅོད་དེ་བྱུང་བ་ཞིག་ཡིན་ཞིང་། དེ་དག་ཕྱི་ཚེས་ ༡༢ ཉིན་འབར་མའི་ཆོས་ལུགས་དུས་ཆེན་དང་བསྟུན་ཏེ་བཙོན་གྲོལ་གཏོང་རྒྱུ་ཡིན་ཚུལ་བསྒྲགས་ཡོད།  

ཐེངས་འདིར་འབར་མའི་གཞུང་གིས་བཙན་པ་མང་པོ་ཞིག་ཀློད་གྲོལ་བཏང་བ་འདི་ནི། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འབར་མ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་ཀྱིས་སྲིད་འཛིན་ལ་གཞུང་གི་སྲིད་ཇུས་སྔར་ལས་གུ་ཡངས་དང་དམངས་གཙོ་བཅོས་སྒྱུར་གྱི་ཕྱོགས་སུ་གོམ་སྟབས་བསྒྱུར་ཆེད། འབར་མའི་བཙོན་ཁང་ཁག་གི་བཙོན་པ་མང་པོ་ཞིག་ཉེས་ཡང་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་ལེན་བྱས་པ་ཞིག་ཡིན་འདུག

ཀློད་གྲོལ་གྱི་ཆོག་མཆན་ཐོབ་ཡོད་པའི་བཙོན་པ་དེ་དག་ཁྲོད་ཆབ་སྲིད་བཙོན་པ་ཅི་ཙམ་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་། ཆབ་སྲིད་བཙོན་པ་ ༢༠༠༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། དེ་སྔོན་ ༢༠༠༧ དང་ ༢༠༠༨ བཅས་སུ་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཁག་ཅིག་ཀྱང་ཡོད་འདུག

གནད་དོན་འདིའི་ཐད་ཨང་སན་སུའུ་ཀེའི་རྒྱལ་ཡོངས་དམངས་གཙོ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཝེན་(Nyan Win) གྱིས། “ཆབ་སྲིད་བཙོན་པ་ཀློད་གྲོལ་བཏང་པ་དེ་གཞུང་གི་སྲིད་ཇུས་ལ་དམངས་གཙོ་བཅོས་སྒྱུར་བྱེད་པའི་ཆ་ཤས་གཅིག་ཡིན་པ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་སོགས་གནད་དོན་ཕྱོགས་ཡོངས་ནས་གུ་ཡང་ཡར་རྒྱས་གཏོང་དགོས་པ་རེད། ”ཅེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 8

  1. དམག་ལོག་ says:
    ལོ་ 15 སྔོན།

    འབར་མའི་དམངས་གཙོ་དོན་གཉེར་བ་ཆེན་མོ་ལྕམ་ཨང་སན་སུའུ་ཀེའི་དཀའ་ལས་རྒྱབ་པའི་འབྲས་བུ་མིན་ནམ་སྙམ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བཙོན་མ་འབོར་ཆེན་ཞིག་གློད་ཀྱིན་འདུག ད་དུང་ཅི་ཙམ་ལྷག་ཡོད་དམ། བཙོན་མ་འདི་རིགས་ཀྱི་ཉེས་པ་ཆེ་ཆུང་ཅི་འདྲ་ཡིན་ནམ། ཕྱི་ཚུལ་མིན་ནམ། གང་ལྟར་སྲིད་དོན་བཙོན་མ་མང་པོ་བཏང་ཡོད་ན་དགའ་འོས་པའི་རེ་བ་ཞིག་ཡིན་སྲིད།

    Reply
  3. གངས་ཅན། says:
    ལོ་ 15 སྔོན།

    འབར་མ་འདི་དེང་སང་རྒྱལ་སྤྱི་ལ་ཁ་ཕྱོགས་ཏེ་འགྲོ་གི་འདུག འབར་མའི་རང་དབང་དང་མང་གཙོ་དར་རྒྱས་འགྲོ་ཡོང་བར་ཤོག

    Reply
  4. samten says:
    ལོ་ 15 སྔོན།

    དེ་འདྲ་ཡག་བ་ལགས། སེམས་པ་དགའ་བ་ལགས།

    Reply
  5. རོ་ལངས། says:
    ལོ་ 15 སྔོན།

    འདི་ནི་དགའ་འོས་པའི་དོན་བཟང་ཞིག་རེད་ལ། རྒྱ་ནག་གིས་ཀྱང་འདི་ལྟ་བུའི་གུ་ཡངས་ཀྱི་བསམ་བློ་ལ་མིག་དཔེ་ལྟ་འོས་པ་ཡིན་པར་འདོད། གང་ལྟར་བཙོན་པ་ཞིག་ཡིན་ཕྱིན་གློད་གྲོལ་བྱུང་ན་དགའ་བསུ་ཞུ་གིན་ཡོད་ལ། རྗེས་སུ་ཡི་རང་ལས་ཀྱི་ཡོད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་འདི་འཛམ་གླིང་ཀུན་ཏུ་དར་ཁྱབ་དང་ཡུན་བརྟན་ཤོག །

    Reply
  7. བཀྲ་ཤིས། says:
    ལོ་ 15 སྔོན།

    ཆབ་སྲིད་ཀྱི་བཙོན་པ་ཡོད་མེད་ཇི་ལྟར་ཡང་། གནས་ཚུལ་འདི་ནི་གློད་དཀྲོལ་བཏང་བའི་བཙོན་པ་ཚོས་མཚོན། རང་གཞན་སུས་བལྟས་ཀྱང་ཤིན་ཏུ་དགའ་འོས་པ་ཞིག་དང། འབར་མ་གཞུང་ལ་སེམས་ཐག་པ་ནས་ཡི་རང་དང་བསྔགས་བརྗོད་ཞུ་འོས་པ་ཞིག་དང་ཞུ་དགོས་ངེས་རེད་སྙམ་བཞིན་ཡོད།
    ཕྲན་ལྟ་བུ་ཞིག་ལ་མཚོན་ན་ཆབ་སྲིད་པ་དང་ཆབ་སྲིད་ཀྱི་བཙོན་པ་ཚོ་ནི། འཛམ་གླིང་གི་ཞི་བདེ། མི་མང་གི་བདེ་སྐྱིད། མི་རིགས་འཆམ་མཐུན། སྤྱི་ཚོགས་ལྷིང་འཇགས་སོགས་གཏོར་བཤིག་གཏོང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ན། དེ་ལྟ་བུའི་བཙོན་པ་ཞིག་དེ་རིང་གློད་དཀྲོལ་བཏང་མེད་ཀྱང་། དེ་ལ་སེམས་ཕམ་མེད་ཅེས་ཞུ་རྒྱུ་ཡིན།

    Reply
  8. འཇམ་བཟང་། says:
    ལོ་ 15 སྔོན།

    འབར་མའི་སྲིད་འཛིན་ལ་མངོན་པ་བསྟོད་དོ། ཁྱེད་ཀྱིས་མི་རིགས་དང་རྒྱལ་ཁབ་བཅས་འཚེ་མེད་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཐུབ་པར་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese