མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལབ་རྒྱུ་གླེང་རྒྱུ་ཆུང་བ་དང་ལས་འགུལ་ནུས་པ་ཆེན་པོ་ཞིག

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༨ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

སེར་སྦྲེངས་ སྙན་སྐུལ་ཞི་བའི་གོམ་བགྲོད་འདིས་ལས་འགུལ་ནང་ཞུགས་མཁན་དང་། ལས་འགུལ་གོ་སྒྲིག་ཞུ་མཁན་གཞན་མང་པོ་ཞིག་གི་མིག་དབང་ཕྱེས་སོང་། བློ་སྐྱེད་སྦྱིན་སོང་། ཡིད་དབང་འཕྲོགས་སོང་། ལས་འགུལ་འདིའི་ཐོག་མའི་དགོས་འདུན་ནས་མཐའ་མའི་མཇུག་བསྡོམས་བར། མི་སུ་ཞིག་གིས་མཐོང་ཡང་སེམས་འགུལ་ཐེབས་པ་དང་། གདུང་སེམས་འཆོར་བའི་ལས་འགུལ་ནུས་ལྡན་ཞིག་ཆགས་ཡོད། ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཁྲོད། སྐྱ་བོ་དང་སེར་མོ་མ་འདྲེས་བར་དགེ་འདུན་པའི་ལས་འགུལ་ཁེར་རྒྱུག་ཅིག་དང་། འབོད་ཚིག་དང་རེ་འདུན་ཁྲོད་རང་བཙན་དང་དབུ་མ་མ་བསྲེས་པར་རང་དབང་གི་འབོད་ཚིག་ ཁེར་གཙང་ཞིག་ཆགས་ཡོད།

   ཐེངས་ འདིའི་དགོས་འདུན་དོན་ཚན་གསུམ་ལས་དང་པོ། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་དང་སྲིད་གཞུང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་དང་། ཁྱད་པར་དུ་སྟོན་པ་དང་བསྟན་པ་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་ནང་པ་ཡོངས་ཀྱིས་ རྔ་པ་ཀིརྟི་དགོན་པ་རྒྱ་ནག་གི་དྲག་གནོན་འོག་ནས་མྱུར་དུ་སྐྱོབ་ཐབས་ལ་ཛ་དྲག་ གི་ལས་འགུལ་སྤེལ་དགོས། གཉིས་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་མཆོག་གིས་གཙོས་པའི་བཙོན་འོག་ཏུ་ཡོད་པའི་བོད་མི་ ཆབ་སྲིད་བཙོན་པ་རྣམས་དང་། རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་དགོས། གསུམ་པ། རྒྱ་གཞུང་གིས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཆོས་དད་རང་མོས་བཅས་ཀྱི་ཐོབ་ཐང་སྤྲད་དེ། རིས་མེད་དགོན་སྡེ་ཁག་གི་ཆོས་ལུགས་བྱེད་སྒོ་ཁག་གུ་ཡངས་གཏོང་དགོས་པ་བཅས་རེད།

   ནམ་ རྒྱུན་བོད་པ་ཚོའི་ལས་འགུལ་རེ་རེའི་སྐབས་ཀྱི་དགོས་འདུན་ཁག་ནི་ཉ་དང་ཉུང་མ་ མཉམ་སྲེས་བྱས་ཤིང་། འབོད་ཚིག་གི་ནང་དོན་ཁག་ཀྱང་སྔ་འགལ་ཕྱི་འཁྲུལ་དང་། ཞི་དྲག་གོ་འཛོལ་གྱི་ཞན་ཆ་མི་ཉུང་བ་ཞིག་ཡོང་གི་ཡོད་ཀྱང་། ཐེངས་འདིའི་དགོས་འདུན་ཁག་མདོར་བསྒྲིལ་ན། ཀིརྟི་དགོན་གྲོང་གཉིས་མྱུར་སྐྱོབ་ཆེད་རྒྱལ་སྤྱིས་གནོན་ཤུགས་ཡོང་བའི་འབོད་ སྐུལ་དང་། རྔ་པ་ས་ཁུལ་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་བའི་རེ་ འདུན། བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་མོས་དགོས་པའི་ཞུ་སྐུལ་བཅས་རེད། འདི་ནི་རྒྱ་གཞུང་གིས་དང་ལེན་བྱ་མི་ཐུབ་པ་མེད་ལ། རྒྱལ་སྤྱིས་རྒྱབ་སྐྱོར་གནང་མ་བདེ་བ་དེ་བས་ཀྱང་མིན།

   དགེ་ འདུན་པའི་འདུལ་ཁྲིམས་དང་མཐུན་པར་སྐད་ཅོར་དང་ཟང་ཟིང་མེད་པར་ཁུ་སིམ་སིམ་འཇམ་ ཐང་ཐང་བཞུགས་སྒར་ངྷ་རམ་ས་ལས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བའི་བར་ བསྐྱོད་དེ། ལབ་རྒྱུ་དང་གླེང་རྒྱུ་མེད་པར་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྡུས་ཡོད་ལ། ལས་འགུལ་འདིའི་གོ་རིམ་ཁྲོད་བོད་པའི་རྩ་དོན་སྤྱི་དང་། ཡང་སྒོས་རྔ་པའི་དཀའ་ངལ་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་པའི་ཞི་དུལ་སྤྱོད་བཟང་གི་ཚུལ་ཁྲིམས་ཁྱབ་བསྒྲགས་དང་། ཆོས་ལུགས་འཆམ་མཐུན་གྱི་མཛའ་གཅིགས་ལག་རྡང་མཉམ་སྒྲིལ་གྱི་ལས་དོན་ཞིག་ཀྱང་ འགྲུབ་ཡོད།

གོམ་ བགྲོད་ཀྱི་བརྒྱུད་རིམ་ཁྲོད་དུ་གནས་ཚུལ་མཁོ་གཏོང་བ་ཚོས་དུས་ནས་དུས་སུ་སྐད་ ཡིག་འདྲ་མིན་ཐོག་དཔར་དང་གནས་ཚུལ་དུས་ཐོག་ཏུ་ཁྱབ་སྤེལ་གནང་བ་དང་། འབྲེལ་མཐུད་པ་ཚོས་ས་ཚིགས་རེ་རེ་བཞིན་གསར་འགོད་གསལ་བསྒགས་དང་། གནད་ཡོད་མི་སྣ་འབོད་འགུག་གིས་རྩོ་དོན་ཁྱབ་བསྒྲགས་དང་བོད་དོན་ལ་རྒྱབ་སྐྱོར་ ཡོང་བའི་རེ་འབོད་ཞུས་ཡོད། ཐེངས་འདིའི་ལས་འགུལ་ལ་སློབ་སྦྱོང་བྱས་ཏེ། འབྱུང་འགྱུར་ཡང་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་འདི་ལྟ་བུའི་ལས་འགུལ་བསྟུད་མར་ སྤེལ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་དུ་མཐོང་སོང་།།

 

 

 

 

 

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

ཆུ་ཚོད་ ༦ སྔོན་ལ།
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༥/༡༢/༡༥
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

༢༠༢༥/༡༢/༡༥
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

༢༠༢༥/༡༢/༡༥
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

༢༠༢༥/༡༢/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese