མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོཊ་གཙོའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ལྡི་ལི་ཇཱན་ཏར་མཱན་ཏར་དུ་བོད་མི་མང་སྤྱི་འཐུས་ ༣༣ ཡི་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་མགོ་འཛུགས་གནང་བ་དང་འབྲེལ་ཏེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་ལས་འགུལ་བ་ཡོངས་ཀྱིས་ཟས་བཅད་ངོ་རྒོལ་གནང་ཡོད།

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་གར་རྒྱལ་ཡོངས་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ། རྒྱ་གར་བྱང་ཤར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ། རྒྱ་གར་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཆེད་དུ་ཕེབས་ཏེ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་གཏམ་བཤད་དང་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་ལ།  ལྷོ་ཕྱོགས་དང་བཞུགས་སྒར་བཅས་ཕྱོགས་མཐའ་ཁག་ནས་དགེ་འདུན་པ་དང་མི་མང་ ༤༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག  ཕྱི་དྲོ་ཆུ་ཚོད་ ༣ དང་ཕྱེད་ཀའི་ཐོག་ཚོགས་གཙོ་མཆོག་གིས་རྒྱལ་སྤྱི་དང་རྒྱ་གར་བོད་པའི་གསར་འགོད་པ་བཅས་ལ་ཐེངས་འདིིའི་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དང་། དགོང་དྲོ་ཆུ་ཚོད་ ༥ པའི་སྟེང་མར་མེ་ཁྲོམ་སྐོར་བཅས་གནང་ཡོད།  



སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ཐེངས་འདིའི་ལས་འགུལ་སྐབས་ཀྱི་ཉིན་རེའི་ལས་རིམ་དང་འབྲེལ་ཏེ། ༼ གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་འབོད་སྐུལ ༽དོན་ཚན་ ༦ བསྒྲགས་ཡོད་ལ། ཚོགས་གཙོ་མཆོག་གིས།  འདས་པའི་དུས་ནས་བོད་ནང་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་།  ཁོང་ཚོས་བློས་གཏོང་དང་རེ་བ་ནུས་མེད་དུ་མི་འགྲོ་བར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་བསྒྲགས་བྱ་རྒྱུ་བོད་མིའི་སྒྲིག་འཛུགས་དང་མི་མང་གི་འགན་ཆགས་ཡོད་པ་ལྟར། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་ཆུ་ཚོད་ ༢༤ རིང་གི་ལས་འགུལ་མགོ་འཛུགས་བྱས་ཡོད་ཚུལ་དང་།  སང་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་ལྡི་ལིར་རྒྱ་བལ་གཉིས་ཀྱི་མི་མང་ ༣༠༠༠ རཱ་རྗི་གྷེ་ཁྲི་ནས་ཇཱན་ཏར་མཱན་ཏར་བར་གོམ་བགྲོད། བཞུགས་སྒར་དུ་༸གོང་ས་མཆོག་དབུས། རྒྱལ་བ་ཀརྨ་པ་དང་ཀིརྟི་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ། དེ་བཞིན་སང་ཉིན་ནས་ཉིན་གསུམ་རིང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་གནང་རྒྱུ་དང་། དེ་ཡང་འཛིན་སྐྱོང་བཀའ་ཤག་གིས་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ་དང་སྤྱི་འཐུས་ལྷ་ན་ཚོགས་ཀྱིས་རྒྱ་གར་ནང་ལས་འགུལ་སྤེལ་རྒྱུ་ཡིན་ཚུལ་ངོ་སྤྲོད་གནང་བྱུང་།



ཚོགས་གཙོ་མཆོག་གི་འབོད་སྐུལ་དེ་དག་ནི། དང་པོ། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ལ་སྲུང་བརྩི་ཞུ་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་པ་དང་། གཉིས་པ། རྒྱ་ནག་གཞུང་ནས་ད་ལྟའི་བོད་ཐོག་ལག་བསྟར་བྱེད་བཞིན་པའི་གཡོན་ཐལ་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱས་ཏེ། དོན་དམ་བོད་མིའི་མངོན་འདོད་དང་མཐུན་ལ་འཆམ་མཐུན་སྤྱི་ཚོགས་ཤིག་སྐྲུན་ཐུབ་པའི་གུ་ཡངས་སྲིད་བྱུས་ལག་བསྟར་ཡོང་བའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ། གསུམ་པ། རྒྱ་ནག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་དོན་དམ་སྲུང་བརྩི་དགོས་པ་རྒྱལ་ཁབ་ཁག་གི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ནས་སྐུལ་མ་ནན་པོ་གཏོང་དགོས་པ། བཞི་པ། བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ རྟོག་ཞིབ་ཚོགས་ཆུང་དང་གསར་འགོད་པ་བོད་དང་ལྷག་པར་རྔ་བ་ཀིརྟི་ཡུལ་དགོན་དུ་བསྐྱོད་ཆོག་པའི་ཆོག་མཆན་གནང་དགོས་པ། ལྔ་པ། བོད་རྔ་བ་ཀིརྟི་དགོན་པར་འགྲེམས་འཇོག་བྱས་པའི་དྲག་ཆས་ཉེན་རྟོག་དམག་མི་ཡོངས་རྫོགས་ཕྱིར་འཐེན་དགོས་པའི་འབོད་བསྐུལ་ཞུ་རྒྱུ། དྲུག་པ། རང་ལོ་ ༡༨ སོན་པའི་གྲྭ་བློ་བཟང་སྐལ་བཟང་དང་། རང་ལོ་ ༡༩ སོན་པའི་གྲྭ་བློ་བཟང་དཀོན་མཆོག རང་ལོ་ ༡༧ སོན་པའི་གྲྭ་སྐལ་བཟང་དབང་ཕྱུག རང་ལོ་ ༡༩  སོན་པའི་སྐྱ་བོ་ནོར་བུ་དགྲ་འདུལ་བཅས་ཀྱི་གནས་སྟངས་ཇི་ཆགས་དང་། ད་ལྟ་གང་དུ་ཡོད་པ་གསལ་པོ་བཟོ་དགོས་བཅས་བཏོན་སོང་།



དེ་རིང་གི་ལས་འགུལ་ནང་སྤྱི་འཐུས་ ༣༣ མཉམ་ཞུགས་གནང་ཡོད་ཅིང་། གཞན་སྤྱི་འཐུས་ ༩ ཞུགས་ཐུབ་མེད་པ་དག་ནི། བྱང་ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་བཞི་དང་།  མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་གངས་ལྷ་མོ། འཇུ་ཆེན་དཀོན་མཆོག གཡུང་དྲུང་རྒྱལ་མཚན། བོན་པོའི་སྤྱི་འཐུས་རྣམ་དག་གཙུག་ཕུད། དགེ་ལུགས་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས། བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་བཅས་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེངས་འདིའི་ལས་འགུལ་སྐབས་གསར་འགྱུར་འབྲེལ་མཐུད་པ་ཁག་ཅིག་ཆེད་འཛུགས་གནང་ཡོད་པ་དག་ནི།

ཧིན་སྐད་འབྲེལ་མཐུད་པ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱི་ཁ་པར་ཨང་( ༠༩༩༩༩༩༡༥༠༦༡)

བོད་སྐད་འབྲེལ་མཐུད་པ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱི་ཁ་པར་ཨང་( ༠༩༩༡༠༩༦༥༨༨༧ )

རྒྱ་སྐད་འབྲེལ་མཐུད་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་ཀྱི་ཁ་པར་ཨང་(༠༩༨༡༦༨༥༡༨༨༩ )

དབྱིན་སྐད་འབྲེལ་མཐུད་པ་སྤྱི་འཐུས་བུ་མོ་ཚེ་རིང་ལགས་ཀྱི་ཁ་པར་ཨང་(༠༩༤༡༨༧༩༢༨༡༠ ) བཅས་རེད།

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༨ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 23

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དོན་གྲུབ་བཀྲ་ཤིས་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་ཡོད།
    མིང་ཚིག་བེད་སྤྱོད་བཏང་སྟངས་ཀྱི་ཐད་ནས་ཀྱང་ལེགས་སོ་ཡིན།
    དྲ་ངོས་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཐ་སྙེད་མང་པོ་བེད་སྤྱོད་མ་བྱས་ན་ལེགས།
    བོད་མི་རིགས་ཟེར་བ་དེ་ཁྱིམ་ཚང་གཅིག་ལས་མཆེད་པའི་སྤུན་མཆེད་རེད་་་་་ཆོས་ལུགས་ཀྱི་ཐད་ནས་སངས་རྒྱས་ཤཀྱ་མུ་ནེའི་རིང་ལུགས་འཛིན་མཁན་གཅིག་པ་རེད་་་་་་་་་་་་འདི་ལ་བར་ཐག་གངཡང་་མེད་ཀྱང་་་་་་་་་་བཙན་བྱོལ་ནང་དུ་བསླེབས་ནས་བཟུང་མིང་ཚིག་འདིའི་རྐྱེན་བྱས་ནས་བཀྲ་མ་ཤིས་པའི་ལོ་རྒྱུས་ནག་པོ་དེ་འདྲ་བྲིས་འདུག
    དེ་བྲི་མཁན་གྱི་མི་རབས་རྒན་པ་ཚོ་ད་མུ་མཐུད་ནས་མཇུག་སྒྲིལ་གྱི་ཡོད།
    དེའི་བག་ཆགས་ཀྱི་གཡའ་ཅུང་ཙམ་ཡང་ང་ཚོ་མི་རབས་གསར་པ་ཚོ་ལ་འགོས་མི་ཉན་པ་གལ་ཆེ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དམངས་གཙོའི་ལམ་སྲོལ་ལྟར་ན་གནས་ཚུལ་གང་ཡིན་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་ཡིན་ཡང་། དོན་དག་ལ་ལ་ཞིག་གསལ་ཁ་མ་བྱུང་སྔོན་ལ་སྐྱོན་བརྗོད་བྱེད་པ་དེ་ཙམ་ཡག་པོར་མཐོང་མ་སོང་།
    ལྡི་ལིར་སྤྱི་འཐུས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་ནང་སྤྱི་འཐུས་ ༩ ཞུགས་ཐུབ་མེད་པ་དངོས་ཡོད་རེད། དེ་དག་ཁྲོད་ཀྱི་སྤྱི་འཐུས་སྐོར་ཞིག་ཕྱི་རྒྱལ་དུ་ཡོད། སྤྱི་འཐུས་ཁག་ཅིག་གིས་ས་གནས་ཁག་ཏུ་མི་མང་ལས་འགུལ་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།
    ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་ ༤ ཕེབས་ཐབས་ཡོད་པར་ས་གནས་མི་མང་གི་ལས་འགུལ་ལ་སྣེ་ཁྲིད་ལམ་སྟོན་གནང་གི་ཡོད་པ་རེད།
    སྤྱི་འཐུས་གངས་ལྷ་མོ་ལགས་ཚེས་ ༡༤ ཉིན་བདེ་ལེགས་སྨན་ཁང་དུ་མཐོང་བྱུང་། ཟླ་འགའ་གོང་ནས་ཁོང་མོའི་རྐང་པར་ཆག་སྐྱོན་ཆེན་པོ་ཞིག་བྱུང་ཡོད། ཉེ་སྔོན་སྤྱི་འཐུས་གྲོས་ཚོགས་སྐབས་སུའང་ཚོགས་འདུར་བཅར་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་དངོས་སུ་མཐོང་།
    སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཁ་སང་སྦེལ་ཀོབ་སེར་སྐྱ་མི་མང་ལ་སྣེ་ཁྲིད་དེ་ལས་འགུལ་སྤེལ་གྱི་ཡོད་པ་པར་ལས་མཐོང་སོང་།
    སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་ཀྱིས་ཁ་སང་ཝར་ན་མཐོ་སློབ་ཏུ་དགེ་ལས་སློབ་མ་དག་གི་སྣེ་ཁྲིད་དེ་ལས་འགུལ་སྤེལ་གྱི་ཡོད་པ་ད་ནངས་རླུང་འཕྲིན་ལས་གོ་སོང་།
    སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱི་ཕ་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་གྲོངས་ཏེ་རྒྱུན་རིང་ཕྱིན་མེད་སྟབས། ད་དུང་ཡར་མར་འགྲུལ་བཞུད་དང་ལས་འགུལ་རིགས་སུ་ཞུགས་ཐུབ་ཀྱི་མེད་པ་འདྲ།

    Reply
  3. ནད་པ says:
    ལོ་ 14 སྔོན།

    ད་རེས་བཀའ་སྤྱི་གཉིས་ཀྱིས་མཉམ་འབྲེལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བའི་སྐབས་སུ་བོད་མི་དམངས་སྤྱི་འཐུས་ཚོས་མི་དམངས་ཀྱི་སྣེ་འཁྲིད་དེ་ཞི་བའི་ངོ་རྒོལ་དང་། གདུང་སེམས་མཉམ་བསྐྱེད། རྒྱལ་སྤྱིར་འབོད་བསྐུལ་བཅས་གནང་བར་བསྔགས་བརྗོད་ཞུ།

    འོན་ཀྱང་མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག གངས་ལྷ་མོ། གཡུང་དྲུང་རྒྱལ་མཚན། ཚུལ་ཁྲིམས་བསྟན་འཛིན། རྣམ་དག་གཙུག་ཕུད། བསྟན་པ་ཡར་འཕེལ། རོང་པོ་བློ་བཟང་སྙན་གྲགས། བཅས་དུས་ཐོག་ཀུན་དང་མཐུན་པ་རྩ་བ་ཡིན་ཡང་ཟས་བཅད་ནང་མ་བཞུགས་པར་མི་དམངས་བློ་ཕམ་ཡོང་ངེས་ཡིན།

    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབུ་འཁྲིད་དང་ཀྲུང་གོའི་ཕྱི་འབྲེལ་གྱི་མགྲིན་ཚབ་པའི་ངོས་ནས་བརྗོད་ན་ད་རེས་ཁོང་ཚོའི་བྱ་བ་དེར་བསྔགས་བརྗོད་བྱེད་འོས་པ་ཞིག་ཆགས་འདུག

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་མདོ་སྟོད་དང་མདོ་སྨད་དབུས་གཙང་ཟེར་བའི་ཐ་སྙད་འདི་ཡང་སེ་བེད་སྤྱོད་མ་བྱས་ན་ལེགས་ཐ་སྙད་འདིས་རྐྱེན་གྱིས་མི་ལོ་ལྔ་བཅུའི་གོད་ཆགས་ལ་ལྟ་དང་ཐ་སྙད་འདི་ཁ་དྲོ་བོ་ཞིག་མ་རེད།
    སྤྱི་འཐུས་ཁ་ཤས་མེད་པ་མཐོང་གསལ་རེད་གྲོས་ཚོགས་ཚོགས་དུས་ཀྱང་སྤྱི་འཐུས་ཁ་ཤས་ཛ་དྲག་གི་ལས་དོན་འདྲ་ཐུག་ནས་བཅར་མ་ཐུབ་པ་བྱུང་གི་ཡོད་པ་རེད།
    མེད་མཁན་དེ་ཚོ་ལ་རྒོལ་རྡུང་བྱ་དགོས་ན་མིང་བེད་སྤྱོད་བཏང་སྟངས་ཁྱད་པར་ཆེན་པོ་ཡོད་བོད་མི་མང་སྤྱི་འཐུས་འདི་དང་དེ་ཟེར་ནས་མིང་འདོན་བྱ་ན་ལེགས།
    ཆོལ་ཁ་ཕྱོགས་རེ་བ་དང་ཆོས་བརྒྱུད་ཕྱོགས་རེ་བ་མིང་འདོན་མང་པོ་མ་བྱས་ན་ལེགས།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    མདོ་སྟོད་སྤྱི་མཐུས་ཚུལ་ཁྲིམས་བསྟན་འཛིན་ཨ་རི་ནེའུ་ཁུལ་མཉམ་འབྲེལ་རྒྱལ་ཚོགས་གི་མདུན་ཟས་བཅད་ངོ་ནང་མཉམ་ཞུག་གནང་ནས་གསུངས་ཡང་གནང་སོང་ དེ་མིན་འཇུ་ཆེན་དཀོན་མཆོག་གི་གཙོའི་པའི་གཞན་རྣམས་རྒྱབ་སྐྱོར་བྱེད་ས་ག་རེ་ཡིན་མིན་གསལ་བཤད་གནང་རོག

    Reply
  6. མི་ཆུང་། says:
    ལོ་ 14 སྔོན།

    ད་ཡང་ལུག་ཁྱུ་ནས་མདོ་སྟོད་ཀྱི་སྤྱི་འཐུས་ཚོ་གང་དུ་བུད་སོང་བ་རེད་དམ། མི་འདི་ཚོས་ནམ་ཡིན་ཡང་ལས་སྟངས་ཀྱོག་ཀྱོག་འདྲ་བྱེད་ཀྱི་འདུག གོང་ས་མཆོག་ཀྱང་མྱ་ངན་གྱི་དུས་མཆོད་ལ་བཞུགས་ཡོད།

    Reply
  7. གངས་རིའི་བུ། says:
    ལོ་ 14 སྔོན།

    སྤྱི་འཐུས་རྣམ་པས་ལས་འགུལ་སྤེལ་བ་བཟང་གི།་ཡིན་ནའང་མདོ་སྟོད་སྤྱི་འཐུས་བཞི་ཐམ་པ་ཡོང་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།་།མདོ་སྟོད་སྤྱི་འཐུས་བཞི་པོ་དེ་སྤྱི་སེམས་དང་ལྷག་བསམ་མེད་པ་ཡིན་ནམ་ཡིན་ཡང་ན་ལས་འགུལ་འདི་ལ་སྣང་ཆུང་བཏང་པ་ཡིན།་གང་ལྟར་མདོ་སྟོད་མི་མང་ལ་བསལ་བཤད་དགོས་ངེས་དང།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་རང་དབང་རྒྱལ་གྱིས་སྐད་ཆ་དེ་བརྒྱ་ཆ་བརྒྱ་བདེན་པ་རེད།
    ང་རང་ཡང་ཁ་སང་དགོས་མོ་མཉམ་ཞུགས་བྱ་ཆད་དུ་ཇཱན་ཏར་མཱ་ཏར་ཕྱིན་པས་སྤྱི་འཐུས་ཚོས་ཟས་བཅད་ངོ་རྒོལ་བྱ་སའི་གུར་ནང་དུ་གཅིག་བལྟས་པས་གནས་ཚུལ་ཡིད་སྐྱོ་བ་ཁ་ཤས་མཐོང་སོང་།

    གཅིག
    སྐབས་དེར་ས་གནས་དེར་སྤྱི་འཐུས་བཅུ་ཙམ་མ་གཏོགས་བཞུགས་མི་འདུག།
    གཉིས།
    བཞུགས་མཁན་རྣམས་ཀྱང་ཁ་ཤས་ཀྱིགློག་གློག་ཀླད་ནང་དུ་བལྟས་འདུག།།
    གསུམ།
    ཁ་ཤས་ཀྱི་གུར་གཡས་གཡོན་དུ་ངོ་གདོང་འཛུམ་གྱིས་ཁེངས་ནས་ལག་ཐོག་ཁ་པར་ནང་དུ་གཏམ་གླེང་བྱ་གིན་འདུག
    བཞི།
    ཁ་ཤས་ཤིག་མི་རེ་གཉིས་མཉམ་དུ་བསྡད་ནས་ཁ་བརྡ་འདྲ་བྱེད་ཀྱིན་ཀྱིན་འདུག
    ལྔ།

    ངའི་མིག་མདུན་དེ་ག་རང་སྤྱི་འཐུས་གསུམ་གཡས་ཕྱོགས་ཀྱི་ལམ་ཁ་དེ་བརྒྱུད་ནས་ཁྲོམ་ལ་ཕྱིན་སོང།
    གནས་ཚུལ་དེ་ཚོ་མཐོང་དུས་སེམས་ཀྱིས་མ་བཟོད་པས་དྲ་ངོས་དུ་བྲིས་བ་ལས་དཀྲུག་ཤིང་དང་མ་ཉེས་ཁ་གཡོག་སྣེ་གཅིག་ཀྱང་བྱས་མེད།
    ཁོང་ཚོ་བཞུགས་སྟངས་དེ་མི་རིགས་ཤིག་གི་ཛ་དྲག་གི་གནས་ཚུ་བྱུང་ནས་ཟས་བཅད་ངོ་རྒོལ་བྱ་གི་ཡོད་པ་ཞིག་ཕྱོགས་གང་ནས་ཀྱང་མཐོང་རྒྱུ་མི་འདུག།
    རྒྱལ་སྤྱིའི་གནམ་ཐང་ནས་གནམ་གྲུ་སྒུགས་མཁན་གྱི་མི་དེ་ཚོ་དེ་འདྲ་བྱས་ནས་བཞུགས་ཡོད་པ་རེད།

    Reply
  9. རང་དབང་རྒྱལ། says:
    ལོ་ 14 སྔོན།

    སློབ་གྲྭ་ནས་དགོངས་པ་ཆེད་ཞུས་བྱས་ནས། ད་ཐེངས་ཀྱི་གཞུང་མང་གི་ལས་འགུལ་དེ་རྩ་ཆེན་དོན་ཆེན་དུ་བརྩིས་ནས་མཉམ་ཞུགས་བྱེད་འདུན་གྱི་དབང་གིས། སེམས་ཐག་གཙང་བཅད་ཀྱི་སྒོ་ནས་མ་སྐུལ་དང་བླངས་ཀྱིས་ཡོང་བ་ཡིན།
    ཁ་སང་སྤྱི་འཐུས་རྣམ་པའི་སྣེ་ཁྲིད་འོག་ཟས་བཅད་ཞི་རྒོལ་ལ་ཞུགས་པ་ཡིན་ལ། སྐབས་དེར། ངས་གསར་འགོད་པ་སོགས་ཀྱི་རྣམ་འགྱུར་ཅི་ཡང་མ་བཟུང་བར་ལས་འགུལ་བ་དཀྱུས་མའི་ལུགས་སུ་བྱས་ནས་བསྡད་པ་ཡིན། དེ་དུས། མཐོང་སྣང་མི་བདེ་བ་ཁ་ཤས་བྱུང་སོང་།
    གཅིག སྤྱི་འཐུས་རྣམ་པ་ཟས་བཅད་ཞི་རྒོལ་ལ་བཞུགས་པའི་སྟེགས་བུ་སྟེང་དུ། སྟོང་བ་མ་སོང་ཙམ་གྱི་ཕྱིར་དུ། སྤྱི་འཐུས་གྲངས་འབོར་བཅུ་འདུན་ལས་ཡན་བཞུགས་མཁན་མི་འདུག
    གཉིས། གྲྭ་བཙུན་དང་མི་མང་འདུག་སར་ཉི་ཁེབ་ཙམ་ཡོད་པ་ལས་བོད་ཀྱི་རྒྱལ་དར་དང་པོ་གཅིག་ཀྱང་མི་འདུག རྗེས་སུ་སྤྱི་འཐུས་ཁག་གིས་ཡར་མར་ལ་འབྲེལ་བ་བྱས་ནས། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་དར་བཅུ་གྲངས་ཤིག་བཙུགས་སོང་།
    གསུམ། ཟས་བཅད་ཞི་རྒོལ་ལ་བཞུགས་པའི་སྤྱི་འཐུས་ཁག་ཅིག་གླེང་མོལ་གློད་པ་དང་། ཡང་རེ་ཤས་ཀྱིས་ཞལ་པར་བཀྱོན་པ། འགའ་ཤས་ཀྱིས་གློག་ཀླད་ཀྱི་ཁ་ཕྱེས་ནས་བཞུགས་རུང་། རྗེས་སུ་ཁོང་རྣམ་པའི་གསར་འགྱུར་ནི། རང་དང་འབྲེལ་བའི་འདྲ་པར་ཁག་ངོ་དེབ་ནང་ལ་ཁྱབ་བསྒྲགས་བྱས་པ་ཙམ་ལས་མཐོང་མ་སོང་། འགའ་ཤས་ནི་གསར་འགོད་པའི་རྣམ་པར་གྱུར་ནས་ཕྱག་ཏུ་པར་ཆས་རེ་བཞེས་ནས་ཡར་མར་ལ་འདུར་རྒྱུགས་རུང་། སྐད་ཡིག་གི་ཤེས་ཚད་ནི། བོད་ཀྱི་སྐད་ཡིག་གཅིག་པོ་མ་གཏོགས་མི་ཤེས་མཁན་དག་རེད། དེས་ན། ཁོང་ཚོས་བླངས་པའི་འདྲ་པར་དང་གནས་ཚུལ་ཁག་གང་ཞིག་ཏུ་སྤེལ་ཡོད་དམ།
    བཞི། ཁ་སང་གི་ཟས་བཅད་ཞི་རྒོལ་ལ་གསུང་དབྱངས་གཅིག་དང་བཞུགས་སྟངས་གཅིག རྣམ་འགྱུར་གཅིག་སྟོན་མཁན་ནི། གྲྭ་བཙུན་དང་མི་དམངས་རྣམས་རེད་མ་གཏོགས་སྤྱི་འཐུས་རྣམ་པར་ཆགས་སོང་།
    ལྔ། མ་གཞི་ནས། སྐྱོན་གྱི་ཁོ་ནར་འཇུས་པ་གཏན་ནས་མིན་མོད། གྲ་སྒྲིག་བྱེད་ཕྱོགས་དང་རང་ཉིད་ནས་འགོ་འཛུགས་སྟངས་རྒྱུས་ཡོད་མཁན་ཞིག་གི་བལྟས། ཡིད་ཆད་པའི་གནས་ཤིག་ཡིན་པས་ན། འདི་ལྟར་ཤོར་སོང་།

    Reply
  10. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    གངས་ལྷ་མོ་ལ་ཞུ་རྒྱུར།
    སྤྱི་འཐུས་གསར་པ་གངས་ལྷ་མོ་ལ་ལྷག་བསམ་དང་སེམས་ཤུགས་ཡོད་པ། ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པ།དྲང་བདེན་ལ་དགའ་བའི་ན་གཞོན་ཞིག་ལ་ཡིད་ཆེས་
    བྱས་ཡོད།
    ཡིན་ན་ཡང་ཕམ་དགོས་པ་ཞིག་ལ་སྤྱི་འཐུས་ཀྱི་གོ་གནས་བཟུང་ནས་གོམ་པ་དང་
    པོ་སྤོས་སྟངས་ནོར་སོང།ད་ནས་བཟུང་ཁྱོད་ལ་ལམ་ཁ་མེད་ལ་གོ་སྐབས་མེད།
    ཁྱོད་ཀྱིས་རང་ཉིད་ཕོངས་སོང་ཁྱོད་ཀྱི་རང་ཉིད་ལ་དབང་བའི་མདུན་ལམ་མེད་པ་
    བཟོས་སོང༌།མདོ་སྟོད་མ་མདམངས་སྐྱོ་སོང་། མདོ་སྟོད་མི་དམངས་ཕམ་སོང་།མདོ་མི་མདངས་ཡིད་ཆེས་རླགས་སོང༌།
    དེས་ན་མདོ་སྟོད་ཀྱི་སྤྱི་འཐུས་ཆགས་པ་ཐོག་མ་དེ་ཡིན་ལ་མཐའ་མ་དེ་ཡང་ཡིན་དགོས།
    ཨ་ཁ་ཁ་།

    Reply
  11. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་གངས་ལྷ་མོ། འཇུ་ཆེན་དཀོན་མཆོག གཡུང་དྲུང་རྒྱལ་མཚན་བཅས་སྤྱི་འཐུས་བཞི་ཕེབས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མི་
    དམངས་ལ་ངེས་པར་དུ་གསལ་བཤད་བྱ་དགོས།
    མདོ་སྟོད་མི་དམངས་ཀྱི་ངོ་ཚབ་རྣམ་པ་ཚོས་ཛ་དྲག་གི་ལས་འགུལ་ནང་མཉམ་ཞུགས་མ་བྱས་པ་ནི་ཧ་ཅང་བློ་ཕམ་ཡོད།
    མདོ་སྟོད་མི་དམངས་ཀྱིས་ཁྱེད་རྣམས་ལ་རེ་བ་བཅོལ་ཡོད། བོད་མི་སྒྲིག་འཛུགས་ནས་ཁྱེད་ལ་རེ་བ་ཡོད་པ་མ་ཟད་གསོལ་ཕོག་གནང་གིན་ཡོད།
    མདོ་སྟོད་མི་དམངས་ལ་ཞབས་འདྲེན་མ་ཞུ་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
    མདོ་སྟོད་མི་དམངས་ཀྱི་ཡ་གྱལ་ཞིག་གི་འགན་ཁུར་ནས་ཞུ་རྒྱུ་ཡིན།

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་པས་ངའི་མཆན་དེ་བཀོད་མི་འདུག་གནས་ཚུལ་ངོ་མ་ཡིན།
    སྤྱི་འཐུས་ཚོ་བཞུགས་སྟངས་དེས་ང་དང་ངའི་གྲོགས་པོ་དང་བཅས་པ་ཧང་སང་དུ་བཅུགས་སོང་་་་བློ་ཕམ་དུ་་་བཅུག་སོང་་་་་་་་རླངས་འཁོར་འབབ་ཚིག་ནས་སྤྱི་སྤྱོད་རླངས་འཁོར་སྒུག་བ་འདྲ་བོ་ལས་མི་རིགས་ཤིག་ལ་ཛ་དྲག་གི་གནས་ཚཱུལ་ཆགས་ནས་ཟས་བཅད་ངོ་རྒོལ་བྱ་གི་ཡོད་པའི་རྣམ་པ་མཐོང་མ་སོང་་་་་་་་་མི་རེ་གཉིས་་རེ་མཉམ་དུ་ཁན་བརྡ་བྱེད་པ་དང་་་མི་ར་ཟུང་གིས་དྲ་རྒྱ་བསློགས་པ་དང་་་མི་རེ་ཟུང་གིས་ལག་ཐོག་ཁ་པར་ནས་སྐད་ཆ་ཤོད་པ་སོགས་ལ་བལྟས་ནས་བློ་ཕམ་དུ་བཅུགས་སོང་་་་་་་་་མི་མང་གི་ཟས་བཅད་ངོ་རྒོལ་དེ་དེ་འདྲ་ཞིག་མ་ཆགས་པའི་རེད་བ་ཡོད་་་ཁ་སང་ཆུ་ཚོད་བདུན་པའི་ཐོག་ནས་དངོས་མཐོང་ཞིག་རེད།

    Reply
  13. ཤར་མདའ། says:
    ལོ་ 14 སྔོན།

    ཁོང་ཚོ་མ་བཞུགས་པ་དེ་ནི་ཨ་མདོ་གཅིག་བའི་གནས་སྟངས་ཞིག་ཡིན་གྱི་མ་རེད།  གང་ཡིན་ཞེ་ན་ཁོང་ཚོ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པ་འགྲོ་མའི་ཐོབ་ཐང་དགོས་པ་དང་བོད་ནང་དུ་དྲག་གནོད་འཚམས་ཇོགས་དགོས་པ་སོགས་འབོད་ཚིག་དེ་འདྲ་བསྒྲགས་བཞིན་ཡོད་དུས་དེ་ཨ་མདོ་གཅིག་བུའི་གནས་སྟངས་ཞིག་ཏུ་ཆགས་མེད་པ་གསལ་བོ་རེད།  བོད་ལ་ཤ་ཞེན་ཡོད་མེད་དང་བོད་ལ་རྒྱབ་སྐྱོར་ཡོད་མེད་དེ་ཁས་བཤད་པ་ལས་སླའོ་རེད་འོན་ཀྱང་རང་ཉིང་ནང་དུ་མཉམ་བཞུགས་གནང་མེད་པ་དེ་གང་ལྟར་ལྟ་སྟངས་གཞན་ཞིག་ཡོད་ངེས་རེད།   གནས་སྟངས་འདི་འདྲ་གཞིས་བཞུགས་བོད་མིའི་གོ་ན་བློ་ཕམ་སྐྱེ་ངེས་རེད།

    Reply
  14. ཤར་མདའ། says:
    ལོ་ 14 སྔོན།

    དབུས་བོད་མིའི་སྒྲིགས་འཛུག་གིས་སྣེ་ཁྲིད་ནས་ལས་འགུལ་འདི་འདྲ་གནང་པ་རེད།  འོན་ཀྱང་སྡ་ས་ནས་དགེ་འདུན་པ་དང་མཙུན་པ་རྣམས་ཕུལ་མི་སེལ་ཉི་ཤུ་གཞི་ལས་མཉམ་བཞུགས་གནང་མེད་པར་སྡ་ས་ས་གནས་མགོ་འཛིན་མཆོག་གི་གསུང་གི་འདུག་འདི་ནི་ཐབས་སྐྱོ་བའི་གནས་སྟངས་ཞིག་མ་ཡིན་ནམ།  ང་ཚོ་གཞིག་བཞུགས་བོད་མི་ཚོ་ལ་རྒྱབ་སྐྱོར་གནང་ཐུབ་ཀྱི་ཡོད་དང་མེད་རང་རང་སོ་སོའིབསམ་བློ་གཏོང་དགོས་པ་ཞིག་མ་ཡིན་ནམ།

    Reply
  15. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡི་རང་ཞུག་འོས་པ་ཞིག་རེད། ཡིན་ཡང་ད་རེས་འཇུ་ཆེན་དཀོན་མཆོག་གི་དབུ་ཁྲིད་པའི་ཕྱོགས་ཁག་བསྒྲིགས་པ་ཡིན་གྱི་རེད་བསམ་གི་གང་ཡིན་ཟེར་ན་ ཁོང་གིས་སྔ་ལོ་སྤྱི་མཐུས་གྲོགས་ཚོགས་ནང་ཤོག་ཁག་དང་རྒྱབ་རྩ་ཡོད་ཟེར་བ་དེ་ཚོ་གངས་ལྷ་མོ། ཚུལ་ཁྲིམས་བསྟན་འཛིན། གཡུང་དྲུང་རྒྱལ་མཚན། རྣམ་དག་གཙུག་ཕུད། བསྟན་པ་ཡར་འཕེལ་སོགས་ཡིན་པ་རེད། ཁོང་ཚོའི་ཕྱོགས་ཁག་དེ་ཁ་ཕྱོགས་གསལ་པོ་རེད་འདུག

    Reply
  16. སྒྲོན་འོད ། says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་འདི་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད། ཡིན་ནཡང་ སྤྱི་འཐུས་ཁ་ཤས་ཞིག་མ་ཕེབས་ག་རེ་ཡིན་ནམ ། བོད་མིའི་སྐྱིད་སྡུག་མཉམ་མྱོངས་མིན་སོང་བ་རེད་དམ། བོད་ལ་ཤ་ཞེན་མེད་སོང་བ་རེད་། ལྷག་པར་དུ་སྤྱི་འཐུས་བློ་བཟང་སྙན་གྲགས་གཙོ་བོའི་སྤྱི་འཐུས་ཁ་ཤས་ཤིག སྐབས་བཅོ་ལྔ་བའི་ཚོགས་འདུ་ལའང་ཞུགས་མི་འདུག ད་རེ་ཡང་ཞུགས་མི་འདུག ཚང་མས་ཐུགས་སྣང་གནང་རོགས་སྤྱི་འཐུས་འདི་ཚོ་རྗེས་མར་ཡང་མཉམ་ཞུགས་གནང་གི་མ་རེད། སྤྱི་འཐུས་འདི་ཚོ་ལ་མིང་མ་གཏོགས་དོན་དགོ་ཀི་མ་རེད། རྗེས་མར་ཆོལ་ཁ་གསུམ་གྱིས་འདི་འདྲའི་སྤྱི་འཐུས་མ་བླུག་རོགས་གནང་།

    Reply
  17. མིག་གསུམ་པ། says:
    ལོ་ 14 སྔོན།

    སྤྱི་འཐུས་རྣམ་པ། བོད་མི་དམངས་ཀྱི་མགྲིན་ཚབ་པ་ཡིན་པར་མ་བརྗེད་ཅིག

    Reply
  18. མིག་གསུམ་པ། says:
    ལོ་ 14 སྔོན།

    ད་ཐེངས་སྤྱི་འཐུས་རྣམས་ཀྱིས་རང་ཉིད་ཀྱི་སྐེད་རགས་རང་ཉིད་ཀྱིས་བསྡམས་སྟེ་གཞིས་ལུས་བོད་མིའི་སྙིང་སྟོབས་དང་སྤོབས་པར་ཡིད་ཆེས་བསྩལ་བྱུང་མོད། ཟས་བཅད་ངོ་རྒོལ་གྱི་བྱ་འགུལ་ནང་འཛུལ་ཞུགས་མ་ཐུབ་པའི་སྤྱི་འཐུས་རྣམ་པ་ལས་དོན་ཅི་ཞིག་གིས་མ་ཁོམ་པར་གྱུར་བ་རེད། སྨག་ནག་ཁྲོད་ཀྱི་བྱེད་སྟངས་དེ་ལ་ཡི་ཐང་ཆད་སོང་།

    Reply
  19. འོས་ལངས། says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་འདིའི་ནང་མཉམ་ཞུགས་ཀྱི་ཆ་ཤས་མི་ལེན་མཁན་འཇུ་ཆེན་དཀོན་མཆོག་དང་། གངས་ལྷ་མོ། ཚུལ་ཁྲིམས་བསྟན་འཛིན། གཡུང་དྲུང་རྒྱལ་མཚན། རྣམ་དག་གཙུག་ཕུད། བློ་བཟང་སྙན་གྲགས། བསྟན་པ་ཡར་འཕེལ་བཅས་ལ་ག་རེ་བྱུང་ཡོད་དམ། སྤྱི་འཐུས་ཤིག་གི་ཆ་ནས་མི་མང་གི་སྣེ་ཁྲིད་བྱ་མ་ཐུབ་ཀྱང་མཉམ་ཞུགས་ཙམ་ཡང་བྱ་མི་ཐུབ་དོན་ག་རེ་ཡིན་ནམ། ཁྱེད་ཚོའི་ཐོངས་མཆན་ལ་གནོད་འགྲོ་དོགས་པས་ཨེ་རེད།

    Reply
  20. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། རེ་བ་བྱས་པ་ནང་བཞིན་ད་ཐེངས་ལས་འགུལ་གྱི་སྣེ་ཁྲིད་སོང་ལ། རྗེས་སུ་མུ་འཐུད་དེ་འདྲ་སྤེལ་རོགས་གནང་།

    Reply
  21. ཆོས་སྒྲོན། says:
    ལོ་ 14 སྔོན།

    གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་བོད་ཡོངས་རྫོགས་མཉམ་ཞུགས་གནང་རོགས།. གྲོས་ཚོགས་འཐུས་མིས་དབུ་འཁྲིད་འོག་བཙན་བྱོལ་དུ་ཡོད་པའི་བོད་མི་རྒན་གཞོན་ཚང་མར་མཉམ་ཞུགས་གནང་རོགས།. དེའི་ནང་ནས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ། སློབ་ཕྲུགས་ཚོགས་པ་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་ཚང་མའི་ནུས་པ་མཉམ་རུབ་གནང་སྟེ་དུས་གཅིག་ཏུ་ལས་འགལ་སོགས་བོད་མི་མང་གི་གྲོས་ཚོགས་དབུ་འཁྲིད་འོག་མཉམ་བསྐྱོད་གནང་གལ་ཆེ།

    Reply
  22. ཐོས་བསམ་ says:
    ལོ་ 14 སྔོན།

    དངོས་གནས་རྗེས སུ ཡིད རངས ཡོད། ལོངས་ཤོག་ ལོངས་ཤོག་ བོད་པ་ཚོ་ལོངས་ཤོག་

    Reply
  23. བྱམས་རྒྱལ། says:
    ལོ་ 14 སྔོན།

    འོ་ཡ་ད་བོད་པ་ཚོ་ལོངས་ཤོག་ དབུ་ཁྲིད་རྣམ་པ་ཚོས་ལས་འགུལ་མུ་མཐུད་རོགས་ མི་མང་ལ་སེམས་ཤུགས་རང་བཞིན་གྱིས་སླེབས་ཡོང་ གཞུང་མང་ཡོངས་རྫོགས་ལོངས་ཤོག་ ལོངས་ཤོག་ བདེན་མཐའ་མྱུར་དུ་གསལ་ངེས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese