མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་ཐུན་མོང་གི་ལས་འགུལ་གྱིས་ཤུགས་རྐྱེན་གང་འཚམ་ཐེབས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༡ བར་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གི་སྣེ་ཁྲིད་འོག་རྒྱ་བལ་འབྲུག་གསུམ་གྱི་མི་མང་ ༣༥༠༠ ལྷག་གི་འདུ་འཛོམས་ཀྱིས་ཞི་བའི་གོམ་བགྲོད་དང་ཟས་བཅད་སྨྱུང་གནས། བསྔོ་སྨོན་མཆོད་འབུལ། མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་གསར་ལམ་འབྲེལ་མཐུད་རྣམ་པར་བཅར་འདྲི་ཞུས་ཡོད།

རྒྱ་ཡིག་གི་གསར་འགྱུར་འབྲེལ་མཐུད་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ། ཐེངས་འདིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་བའི་གནས་ཚུལ་ཁག་རྒྱ་ཡིག་གི་བརྒྱུད་ལམ་གང་དག་ཏུ་ཐོན་ཡོད་མེད་དང་ལས་འགུལ་འདིའི་ཤུགས་རྐྱེན་ག་ཚོད་ཐེབས་མིན་དྲིས་པར་ཁོང་གིས། “ཐེངས་འདིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་བའི་གནས་ཚུལ་ཁག་རྒྱ་ནག་ཕྱི་ཕྱོགས་ཀྱི་རྒྱ་ཡིག་གི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར། དྲ་རྒྱ་བཅས་བརྒྱུད་ལམ་ཁག་མང་པོ་ཞིག་ཏུ་ཐོན་ཡོད་པར་མ་ཟད། ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཀོང་ཏུང་དང་པེ་ཅིན་སྐད་སྡེ་ཚན་གཉིས་ཀྱིས་གནས་ཚུལ་ཐད་གཏོང་དང་བོད་ནང་གི་གནས་ཚུལ་མང་པོ་ཞིག་ལུང་འདྲེན་བྱས་སོང་། དེ་བཞིན་ཧྤ་རན་སི་གསར་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་ཆེད་བརྗོད་ལེ་ཚན་དང་འཇར་མན་གསར་ཁང་གི་རྒྱ་ཡིག་སྡེ་ཚན་བཅས་ཀྱིས་ང་ལ་བཅར་འདྲི་བྱས་སོང་།  གཞན་པོ་ཞོན་དྲ་བ་དང་དུས་རབས་གསར་བའི་གསར་འགྱུར་དྲ་བ། རྩ་རླུང་སྒོམ་སྒྲུབ་ཚོགས་པའི་རྒྱ་སྐད་ཀྱི་བརྙན་འཕྲིན་བཅས་སུ་གནས་ཚུལ་བཀོད་འདུག་ལ།  དྲ་རྒྱ་ཁག་ཅིག་བརྒྱུད་དེ་བྷི་བྷི་སེ་གསར་ཁང་སོགས་རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་གིས་གནས་ཚུལ་སྤེལ་འདུག ཁོང་ཚོའི་ངོས་ནས་ད་དུང་མུ་མཐུད་དུ་གཏོང་འཆར་ཡོད་སྐོར་ཡང་རྗོད་ཀྱི་འདག ” ཅེས་བརྗོད་བྱུང་།    

ཡང་ཁོང་ལ་ཐེངས་འདིའི་ལས་འགུལ་གྱིས་སྤྱི་ཚོགས་ནང་ཤུགས་རྐྱེན་གང་འདྲ་ཐེབས་མིན་དྲིས་པར། “ཐེངས་འདིའི་ལས་འགུལ་དེ་གཙོ་བོ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་སྤེལ་བ་རེད། ཡིན་ནའང་། གཞུང་ངོས་ནས་ཁྲོམ་གཞུང་དུ་ངོ་རྒོལ་ཁྲོམ་སྐོར་བྱེད་དགོས་མིན་དེ་གནས་ཚུལ་ཞིག་རེད་བསམ་གྱི་འདུག  ང་རང་གི་ངོས་ནས་གཞུང་གི་ལས་འགན་གཙོ་བོ། བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པ། ཨ་རི་གཙོས་པའི་རང་དབང་དང་དམངས་གཙོའི་གཞུང་ཁག་ལ་ཞུ་རྒྱུ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག མང་ཚོགས་རང་བཞིན་གྱི་ལས་འགུལ་དེ་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཡོད་པ་དེ་དག་གིས་སྤེལ་ན་ཡག་གི་རེད་དེ། བར་ལམ་ཞིག་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་ཉམ་ཡོད་པའི་རྣམ་པ་ཞིག་མཐོང་སོང་། ཐེངས་འདིར་གཞུང་འབྲེལ་གྱི་ཐོག་ནས་ལས་འགུལ་སྤེལ་བ་དེས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ལས་འགུལ་སྤེལ་དགོས་པའི་བརྡ་ལན་ཞིག་སྤྲད་ཡོད་པ་རེད་བསམ་གྱི་འདུག  གཙོ་བོ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་རེག་རྒྱུ་དང་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་དེ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་དེ་རེད། རྒྱ་ཡིག་གི་བརྒྱུད་ལམ་ཁག་གི་གནས་སྟངས་ལ་གཞིགས་ན་ལས་འགུལ་འདི་བརྒྱུད་དེ་མ་འོངས་པར་བརྒྱུད་ལམ་ཁག་གི་དོ་སྣང་ཆེ་རུ་འགྲོ་ངེས་པ་རེད་བསམ་གྱི་འདུག” ཅེས་བརྗོད་བྱུང་།

 

དབྱིན་སྐད་དང་ཧིན་སྐད་འབྲེལ་མཐུད་པ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ། ཐེངས་འདིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་བརྒྱུད་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཁྱབ་སྤེལ་གང་འདྲ་ཐུབ་ཡོད་མེད་དྲིས་པར་ཁོང་མོས། “ ང་རང་ལ་མཚོན་ན་ཐེངས་འདིའི་ལས་འགན་གཙོ་བོ། དབྱིན་ཡིག་དང་ཧིན་སྐད་ཀྱི་གསར་ལམ་འབྲེལ་མཐུད་པ་རེད། ཉིན་འདི་དག་གི་ལས་འགུལ་སྐབས་ཁྱོན་བསྡོམས་རྒྱ་གར་དང་ཕྱི་རྒྱལ་གྱི་བརྒྱུད་ལམ་མི་འདྲ་ ༡༢ ལྷག་གི་གསར་འགོད་པ་བསླེབས་སོང་། དེ་དག་ནང་གཙོ་བོ་འཇར་མན་རླུང་འཕྲིན་དང་སི་པན་བརྙན་འཕྲིན། ཧིན་རྡུ་དུས་བབ། རྒྱ་གར་གྱི་བང་ཆེན་གསར་ཁང་། ཨེ་པེ་གསར་ཁང་། རོའུ་ཁྲིར་བཅས་ཀྱི་གསར་འགོད་པ་རེད། གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཉིན་ལྟར་ལས་འགུལ་སྤེལ་ཡུལ་དུ་ཡོང་གི་འདུག དེ་མིན། ང་ཚོ་སྒེར་ངོས་ནས་ཀྱང་ཊའུ་ཊིར་དང་ངོ་དེབ་སོགས་བརྒྱུད་དེ་ཉིན་རེའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ཡིན། དབྱིན་ཇི་སྐད་དང་ཧིན་རྡུ་སྐད་ཡིག་གཉིས་ལས་དབྱིན་ཇིའི་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག  རྒྱ་གར་གྱི་གསར་འགོད་པ་ཚོར་མཚོན་ན། ཁོང་ཅག་གི་ས་གནས་ཁག་ཏུའང་གནས་ཚུལ་མང་པོ་ཞིག་འཐོན་གྱི་ཡོད་པ་རེད། ང་ཚོའི་ལས་འགུལ་ལ་དོ་སྣང་མེད་པའི་རྣམ་པ་མཐོང་གི་འདུག ང་རང་གི་ལས་འགན་གྱི་ནང་ནས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཤུགས་ཆེར་འགྲོ་ཐུབ་མ་སོང་། གཙོ་བོ། གསར་འགོད་པ་ཁོ་ཚོ་ནང་ཁུལ་དུ་ཡང་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད་ཚོད་འདུག” ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཐེངས་འདིའི་ལས་འགུལ་བརྒྱུད་རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་དོ་སྣང་དང་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཐུབ་མིན་དྲིས་པར་ཁོང་གིས། “ གཙོ་བོ་ང་ཚོའི་ངོས་ནས་མུ་མཐུད་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག  བརྒྱུད་ལམ་ཁག་ཏུ་གནས་ཚུལ་བསླེབས་མིན་དེ་ང་ཚོའི་གནད་དོན་གལ་ཆེན་ཡིན་པ་དེ་ཕྱི་ལ་སྟོན་ཐུབ་པ་ཞིག་དགོས་པ་རེད་ལ། གལ་སྲིད་ང་ཚོའི་གནད་དོན་དེ་བརྒྱུད་ལམ་འདྲ་མིན་ནང་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། གནས་སྐབས་ཀྱི་ལས་འགུལ་སྤེལ་བའི་དུས་ཙམ་མིན་པར་ནམ་རྒྱུན་ནས་གསར་འགོད་པ་དང་བརྒྱུད་ལམ་ཁག་ལ་འབྲེལ་བ་འཛུགས་རྒྱུ་གལ་ཆེན་རེད། དེ་བཞིན། ཐེངས་འདིར་གཞུང་འབྲེལ་གྱི་ཐོག་ནས་གོམ་བགྲོད་ལས་འགུལ་སྤེལ་ཡོད་ཀྱང་། དེ་ལས་གལ་ཆེ་བ་དེ་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་གནད་ཡོད་མི་སྣར་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག  ད་ལྟའི་ཆར་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གིས་བོད་ཀྱི་གནད་དོན་གླེང་སློང་གང་འཚམ་བྱེད་ཀྱི་འདུག རྒྱ་གར་གྱི་གནད་ཡོད་མི་མང་པོ་མཉམ་ཞུགས་བྱས་ཡོད་སྟབས། ཐེངས་འདིའི་ལས་འགུལ་གྱིས་རྒྱལ་སྤྱི་དང་རྒྱ་གར་ནང་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་བསམ་གྱི་ཡོད ” ཅེས་བརྗོད་བྱུང་།

 

བོད་སྐད་གསར་ལམ་འབྲེལ་མཐུད་པ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་སུ། ཐེངས་འདིའི་ལས་འགུལ་སྐབས་བོད་པའི་བརྒྱུད་ལམ་ཁག་གི་དོ་སྣང་དང་གནས་ཚུལ་གཏོང་ཕྱོགས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ ང་ཚོའི་ངོས་ནས་གང་ཐུབ་ཀྱིས་བོད་པའི་རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ། ཚགས་ཤོག་ཡོངས་རྫོགས་ལ་གནས་ཚུལ་མཁོ་གཏོང་བྱས་ཡོད། རྒྱ་གར་གྱི་གསར་འགོད་པ་དང་བལ་ཡུལ་གྱི་གསར་འགོད་པ་ཁག་ཅིག་གིས་ཁ་པར་བརྒྱུད་དེ་བཅར་འདྲི་བྱས་སོང་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་སྐད་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་བཅས་ཀྱིས་ཆེད་མངགས་དང་ཁ་པར་གྱི་ལམ་ནས་ཉིན་གསུམ་ལྷག་གི་གནས་ཚུལ་གྱི་བྱུང་རིམ་མཐའ་དག་བཅར་འདྲི་བྱས་སོང་། བཞུགས་སྒར་ནས་གསར་འགོད་པ་སྐོར་ཞིག་ཆེད་དུ་ལྡི་ལིར་ཕེབས་ཏེ། ཉིན་རེར་འདིར་ཡོང་སྟེ་འགན་འཁུར་བའི་ཐོག་གནས་ཚུལ་མཁོ་གཏོང་བྱེད་བཞིན་འདུག” ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཐེངས་འདིའི་གཞུང་འབྲེལ་གྱི་ལས་འགུལ་བརྒྱུད་ཀྱིས་རྒྱལ་སྤྱི་དང་རྒྱ་ནག་ནང་ཤུགས་རྐྱེན་གང་འདྲ་ཐེབས་མིན་དྲིས་པར་ཁོང་གིས། “ ལས་འགུལ་ཤུགས་ཆེ་རུ་འགྲོ་མིན་དེ་སྐབས་དང་དུས་ལ་བསྟུན་དགོས་པ་ཞིག་ཡིན་ཡང་། ཐེངས་འདིའི་ལས་འགུལ་ལས་བོད་མི་ཚོ་དང་ལྷག་པར་དུ་གཞོན་སྐྱེས་ཚོར་སེམས་ཤུགས་ཆེན་པོ་ཡོད་ཀྱང་། སྣེ་འཁྲིད་མཁན་མེད་པའི་དཀའ་ངལ་དང་ལས་འགུལ་གྱི་ཕན་གནོད་གང་ཡོང་ཐེ་ཚོམ་ཡོད་པའི་རྣམ་པ་གསལ་བོ་འདུག  གལ་སྲིད། སྣེ་འཁྲིད་མཁན་ཞིག་ཡོད་པ་ཡིན་ན་མི་མང་གི་ངོས་ནས་འདིའི་ཐད་རྒྱབ་སྐྱོར་གྱི་རྣམ་པ་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་སོང་། ལས་འགུལ་གྱི་ཤུགས་རྐྱེན་གྱི་ཐད། རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཚོགས་སྡེ་ཁག་གི་འཐུས་མི་མང་པོ་ཕེབས་ཏེ་ལས་འགུལ་ནང་མཉམ་ཞུགས་ཀྱིས་གཏམ་བཤད་གནང་བ་ལ་གཞིགས་ན། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་རེད། རྒྱ་གར་བའི་རིས་མེད་ཆོས་ལུགས་ཀྱི་དབུ་ཁྲིད་དང་གཞུང་ཚབ་ཁང་ཚང་མས་རྒྱབ་སྐྱོར་གནང་སོང་ལ།  ལས་འགུལ་རིམ་པར་སྤེལ་བའི་དབང་གིས་རྒྱ་ནག་གཞུང་གིས་ཀྱང་ཚུར་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པའི་བརྡ་ལན་སྤྲད་ཡོད་པ་སོགས་ལས། ཐེངས་འདིའི་ལས་འགུལ་གྱིས་རྒྱལ་སྤྱི་དང་རྒྱ་ནག་མི་མང་བཅས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་འདུག་བསམ་གྱི་ཡོད། “ ཅེས་བརྗོད་བྱུང་།

 

གནས་ཚུལ་མཁོ་སྒྲུབ་པ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ། ཐེངས་འདིའི་ལས་འགུལ་སྐབས་གནས་ཚུལ་མཁོ་སྒྲུབ་གནང་ཕྱོགས་སྐོར་དྲིས་པར། “ ད་རེབ་ང་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་གཉིས་ཀྱིས་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད། ལས་འགན་གཙོ་བོ་བོད་ནང་གི་ཛ་དྲག་གི་གནས་ཚུལ་མཁོ་སྒྲུབ་དང་མཉམ་དུ་གཞུང་འབྲེལ་ལས་འགུལ་གྱི་ཉིན་རེའི་གསར་འགྱུར་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་གཙོས་བརྒྱུད་ལམ་ཁག་ཏུ་གཏོང་དགོས་པ་རེད། དེ་བཞིན། ལས་འགུལ་ཐོག་ཕེབས་པའི་རྒྱ་གར་སྐུ་མགྲོན་རྣམ་པའི་གསུང་བཤད་བོད་བསྒྱུར་དང་རྒྱ་གར་གསར་ལམ་ཁག་ནང་བཀོད་པའི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། དབྱིན་ཇིའི་བརྒྱུད་ལམ་དུ་གནས་ཚུལ་མཁོ་གཏོང་བྱེད་མཁན་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་རེད། ཁྱོན་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན་ཐེངས་འདིའི་གསར་འགྱུར་དེ་བོད་པའི་བརྒྱུད་ལམ་མང་པོའི་ནང་ཁྱབ་བསྒྲགས་ཤུགས་ཆེན་ཕྱིན་སོང་ལ། དབྱིན་ཇིའི་བརྒྱུད་ལམ་ཡང་མང་པོ་ཞིག་ལ་གནས་ཚུལ་མཁོ་གཏོང་བྱས་ཡོད། ཡིན་ནའང་བརྒྱུད་ལམ་ཁ་ཤས་ནང་དྲ་འབུ་རེ་ཟུང་གིས་སྐད་ཆ་འདྲ་མིན་བཤད་ཀྱི་འདུག ད་ལྟའི་ཛ་དྲག་གི་དུས་ཚོད་ནང་དེ་རིགས་ཡག་པོར་མཐོང་མ་སོང་” ཞེས་བརྗོད་བྱུང་།

 

ལྡི་ལི་ནས་གསར་འགོད་པ་དོན་གོ

 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 6

  1. རང་དབང་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ལགས།
    གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་ཆོད་སེམས། བློས་བཏང་དང་གྲུབ་འབྲས་དེ་ངོས་འཛིན་ཡང་དག་པ་ཞིག་ཡོང་བའི་ཆེད་དུ། བཙན་བྱོལ་བའི་གཞུང་མང་ཚོགས་པ་ཚང་མའི་ངོས་ནས་མཉམ་རུབ་བྱེད་དགོས་པ་གལ་ཆེན་དོན་ཆེན་ཞིག་རེད། ཉིས་སྟོང་བརྒྱད་ནས་བཟུང་ད་ལྟའི་བར་དུ་དཀའ་ངལ་ཞིག་ལྷགས་བསྡད་པ་ནི། ཟུར་དུ་ཛ་དྲག་འབྲེལ་མཐུད་ཞིབ་འཇུག་ཚོགས་ཆུང་ཞིག་མ་ཡོད་པས་རེད་བསམས་སོང་། གལ་སྲིད། དེ་འདྲའི་བརྒྱུད་ལམ་ཞིག་གཞུང་གི་ངོས་ནས་སྔ་ས་ནས་གྲ་སྒྲིབ་བྱས་ཡོད་རྒྱུ་ཡོད་ན། དགོན་སྡེ་དང་མི་སྒེར་བྱེ་བྲག་པའི་མིང་ཐོག་ནས་ཁྱབ་སྤེལ་བྱེད་མི་དགོས་པར་གཞིས་བཞུགས་བོད་མིའི་ཛ་དྲག་གི་གནས་ཚུལ་དེ། རྒྱལ་སྤྱིའི་ཐོག་ལ་དྲིལ་བསྒྲགས་བྱེད་ཕྱོགས་དེ་མགོ་རྔ་ཡོད་པ་ཞིག་དང་གྲུབ་འབྲས་ཡོད་པ་ཞིག་ཏུ་འགྱུར་གི་རེད་འདོད་དོ།།

    གལ་སྲིད། དེ་འདྲའི་ཛ་དྲག་འབྲེལ་མཐུད་ཞིབ་འཇུག་ཚོགས་ཆུང་ཞིག་ཡོད་ན། གཞུང་ངོས་ནས་བཀོད་ཁྱབ་བཏང་ནས། བོད་ནང་གི་ཛ་དྲག་གི་གནས་ཚུལ་སུས་སྔ་སུས་མགྱོགས་མི་བྱེད་པར་གོ་རིམ་དང་འཆར་གཞི་ཡོད་པའི་སྒོ་ནས་གཞུང་ངོས་ནས་གསར་འགོད་ལྷན་ཚོགས་རེ་དུས་ཐོག་ཏུ་བསྐོངས་ནས་ཛ་དྲག་གི་གནས་ཚུལ་རྣམས་ངོ་འཕྲོད་བདེ་བ་དང་། ཁུངས་བཙན་པ་སོགས་ལ་རང་བཞིན་གྱིས་འགྱུར་འགྲོ་གི་མ་རེད་དམ།

    ལྷག་པར་དུ། དེ་འདྲའི་བརྒྱུད་ལམ་ཞིག་བསྐྲུན་པ་ཡིན་ན། འབྲེལ་མཐུད་ཉམས་ཞིབ་ཚོགས་ཆུང་གི་ནང་དུ། བོད་རྒྱ་དབྱིན་ཧིན་སྐད་སོགས་ཀྱི་བསྒྱུར་ཐུབ་མཁན་མི་སྣ་གང་མང་ཞིག་བསྡུ་རུབ་བྱས་ནས། དུས་གཅིག་ཉིན་གཅིག་ལ་ཛ་དྲག་གི་གནས་ཚུལ་སྤེལ་བ་ཡིན་ན། དམིགས་བསལ་གྱིས་བོད་གཞུང་གི་ཆེ་མཐོང་དང་ཛ་དྲག་གི་གནས་ཚུལ་དེ་ཚད་གཞི་ཇེ་ཡག་ཏུ་འགྲོ་ངེས་པས་ན། དེ་ལྟར་ཡོང་བར་དྲ་གྲོགས་ཚང་མའི་ངོས་ནས་བསམ་ཚུལ་རེ་འདོན་རོགས་ཞུ།

    མ་གཏོགས་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་དུ། བཙན་བྱོལ་བའི་གནས་ཚུལ་སྤེལ་ཕྱོགས་ནི། དགོན་པ་ཞིག་དང་མི་སྒེར་ཞིག་གི་ཁ་ལ་ཉན་བསྡད་པའི་གནས་ཚུལ་དེ་ཆེས་མཚར་བོ་ཞིག་རེད། ལྷག་པར་གོ་རིམ་དང་འཆར་གཞི་མེད་པའི་སྒོ་ནས་གང་འདོད་འདོད་དུ་གནས་ཚུལ་སྤེལ་ཕྱོགས་དེས་རང་རང་གི་མིང་འགྲོ་ཕྱོགས་ལ་སྙོབས་ཀྱིན་པའི་བཟོ་ཞིག་མི་འདུག་གམ།

    བཀའ་ཁྲི་བློ་བཟང་སེངྒེས་ཁངས་བླངས་ཟིན་པ་ལྟར། ད་ཡིན་ན། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ལ་བསྐྱར་ཞིབ་བྱས་ཟིན་ཡོད་རྒྱུ་རེད། ཡོད་ན། ད་ནས་བཟུང་། གཞིས་བཞུགས་སྤུན་ཟླ་རྣམ་པའི་ངོས་ནས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱེད་སྟངས་ཀྱི་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ཏུ་ཞིབ་ཚགས་དང་གོ་རིམ་ཡོད་པའི་སྐྱེལ་རན་པའི་དུས་ཚོད་གཡོལ་གྱིན་པ་མ་ཡིན་ནམ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བཀའ་སྤྱི་ཟུང་འབྲེལ་གྱིས་ལས་འགུལ་སྤེལ་བ་དང་ཆབས་ཅིག མི་དམངས་བྱིངས་ནས་ཀྱང་ཚ་ཚ་འུར་འུར་ངང་མཉམ་ཞུགས་གནང་ནས་གང་ལ་གང་འཚམ་གྱི་གྲུབ་འབྲས་བྱུང་ཤག་རེད། འོན་ཀྱང་ཁྱེད་གསུམ་གྱིས་གསུངས་པ་ལྟར་ཡིན་མིན་མི་ཤེས།
    ལྷག་པར་དུས་བབ་དང་བང་ཆེན་གསར་འགོད་པས་དུས་ཐོག་ཏུ་གསར་འགྱུར་མཁོ་འདོན་གནང་བར་བསྔགས་བརྗོད་ཡོད།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཉེ་སྔོན་བཀའ་བློན་ཁྲི་པ་བློ་བཟང་སེངྒེས་དུས་ཚོད་དང་བསྟུན་ཏེ་གོ་སྐབས་དམ་འཛིན་བྱ་དགོས་ཞེས་གསུང་པ་བཞིན་རྒྱུན་སྲིང་རྒྱུ་དེ་གལ་ཆེ་ནང་གི་གལ་ཆེར་མཐོང་བས་དེ་དོན་གཞིས་བྱེས་བོད་རིགས་གངས་ཅན་པ་ཡོངས་ནས་ཡིད་བཞག་གིས་ལས་འགུལ་མུ་མཐུད་སྤེལ་དགོས།

    Reply
  4. རང་དབང་རྒྱལ། says:
    ལོ་ 15 སྔོན།

    ད་ལོའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དཀའ་ངལ་འདི་སེལ་ཐབས་སུ། གཞུང་མང་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་སྐབས་སུ། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་རྣམ་པའི་ངོས་ནས་ཉིན་མཚན་དབྱེ་མེད་སྦྲེལ་ནས། ལས་འགན་དུས་ཐོག་ཏུ་བསྒྲུབས་པར་ཡི་རངས་ཞུ།
    ཐེངས་འདིའི་གཞུང་མང་ལས་འགུལ་ནང་ང་རང་མཉམ་ཞུགས་བྱས་པ་ཡིན། སྐབས་དེར་འབྲེལ་མཐུད་པ་རྣམ་པའི་བཤད་པ་ལྟར། གསར་འགོད་པ་དང་བརྒྱུད་ལམ་ཁག་ལ་དེ་འདྲ་ཞིག་འགྲོ་གི་ཡོད་མེད་ཏག་ཏག་ཤེས་མ་སོང་། གང་ལྟར། ལས་འགུལ་མ་སྤེལ་བར་ལྟོས་ཏེ་ཡག་པོ་བྱུང་ཡོད་པ་བདེན་པ་རེད།
    ལས་འགུལ་འདིའི་གྲུབ་འབྲས་ད་རུང་བྱུང་ཡོད་པ་མ་རེད་དེ། ལས་འགུལ་རྣམ་གྲངས་གཞན་པའི་ཐོག་ནས་སྤེལ་དགོས་པ་རང་ཤུགས་ཀྱིས་འཁྲི་བའི་འགན་འཁུར་ཞིག་རེད། སོང་ཙང་། གཞུང་མང་ཐུན་མོང་གི་སྣེ་ཁྲིད་པ་རྣམ་པའི་ངོས་ནས། ད་རུང་ཕྱོགས་ཡོངས་ནས་ཅམ་འཇོག་མི་བྱེད་པར་ལས་འགུལ་སྤེལ་དགོས་པ་གལ་ཆེན་དོན་ཆེན་རེད།
    ལས་འགུལ་སྤེལ་ཕྱོགས་སྐོར་ལ་བསམ་ཚུལ་ཞིག་རྗེས་སུ་སྤེལ་གི་ཡིན་ནོ།།

    Reply
  5. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    ད་ཐེངས་དོན་བཟང་མང་པོ་བཤད་རྒྱུ་འདུག ཐུགས་རྗེ་ཆེ། མི་རེའི་འགན་དེ་འདྲ་་ཁུར་ན་ང་ཚོ་ལ་རེ་བ་དང་འོད་སྣང་རེ་ཡོད་ངེས།

    Reply
  6. རིག་པའི་རལ་གྲི says:
    ལོ་ 15 སྔོན།

    མུ་འཐུད་ནས་རྒྱུན་སྐྱོང་དགོས་པ་གལ་ཆེན་པོ་འདུག
    ལས་འགུལ་གཅིག་སྤེལ་ནས་ཁུ་སིམ་པོ་བསྡད་ན་ཡང་ཚང་མ་ཉོབ་འགྲོ་བ་རེད།
    དེར་བརྟེན་ཚ་རླབས་འདི་ནུས་ཆུང་དུ་གཏན་ནསའགྲོ་མ་བཅུགས་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese