མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིས་ཅིན་ཕིན་གྱིས་བོད་ཀྱི་གནད་དོན་ལ་ཕན་ཐོགས་ཀྱི་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་ལ་འཕོ་འགྱུར་འགྲོ་བཞིན་ཡོད་པ་དང་། ཉེ་ལམ་ཞིག་ནས་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་ནང་གི་མི་སྣ་སྐོར་ཞིག་ལ་འཕོ་འགྱུར་ཕྱིན་ཡོད་སྟབས། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་གཞོན་པ་སངས་རྒྱས་སྐྱབས་ལགས་རྣམ་གཉིས་ལ་གནད་དོན་ཁག་ཅིག་གི་ཐོག་གཅིག་གྱུར་གྱི་དྲི་བ་བཏོན་ཡོད།  

གསར་འགོད་པ། ལོ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཚོར་འཕོ་འགྱུར་འགྲོ་བཞིན་པའི་གནས་སྟངས་ཐོག ཁྱེད་རང་རྒྱ་ནག་ཉམས་ཞིབ་པ་ཞིག་ཡིན་པའི་ངོས་ནས་གཟིགས་ཚུལ་ག་རེ་ཡོད་དམ།

སངས་རྒྱས་སྐྱབས།  ད་ལྟ་རྒྱ་ནག་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་གཏན་འཁེལ་ཡོད་པ་ནི་ཞིས་ཅིན་ཕིན་དང་ལཱི་ཁི་ཆིང་གཉིས་རེད། རྒྱུན་ལས་གཞན་པ་ཚོ་ཕྱིར་བསྒྲགས་བྱས་ཡོད་མེད་ཙམ་ལས་སྔ་ས་ནས་གཏན་འཁེལ་བྱུང་ཡོད་པ་རེད།  ཁོང་ཚོའི་ནང་ཁུལ་ལ་ཆབ་སྲིད་ཕྱོགས་ཁག་ཡོད་ཀྱང་རྒྱུན་ལས་གདམ་མ་ཐུབ་པའི་དཀའ་ངལ་དེ་འདྲ་འཕྲད་སྲིད་ཀྱི་མ་རེད། རྒྱུན་ལས་རྣམས་ཀྱང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་རིམ་པ་བརྒྱུད་དེ་ཡོང་དགོས་པ་རེད། ཡིན་ནའང་། དབང་ཆ་འཛིན་མཁན་ཚོ་དམར་ཤོག་སྒྲིག་གཞི་ལྟར་བང་བསྒྲིགས་ཏེ་ཡོང་དགོས་པ་ཞིག་ལས། ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་འགྲོ་སྟངས་ལྟར་འོས་བླུགས་ནས་ཡོང་བ་དེ་འདྲ་མ་རེད།

སྐལ་བཟང་རྒྱལ་མཚན། ད་ཆར་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་གཉིས་གཏན་འཁེལ་བྱུང་ཡོད་ཀྱང་། ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་གཞན་གསལ་ཁ་མེད་པ་དེ་ཆབ་སྲིད་འཐབ་རྩོད་དང་ཕྱོགས་ཁག་ཕན་ཚུན་གྱི་འགལ་ཟླ་དེ་འདྲ་མ་རེད། རྒྱ་ནག་ཆབ་སྲིད་སྡེ་ཚན་གྱི་འཐུས་མི་ ༢༥ ནང་མི་ཁ་ཤས་ཧ་གོ་གི་ཡོད་པ་རེད། དཔེར་ན། ཁྲུང་ཆིན་དམར་ཤོག་དྲུང་ཆེ་པཱོ་ཞི་ལེ་དང་། ཀོང་ཏུང་དམར་ཤོག་དྲུང་ཆེ་ཝང་ཡང་། སོག་པོ་དམར་ཤོག་དྲུང་ཆེ། ཧུའུ་ལན་དམར་ཤོག་དྲུང་ཆེ་བཅས་ཞིས་ཅིན་ཕིན་རྗེས་ཀྱི་རིམ་པ་དང་པོའི་དཔོན་རིགས་གྲས་སུ་བསླེབ་རྒྱུར་རེ་བ་རྒྱག་གི་ཡོད། མ་གཞི་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཚོ་འདི་རེད་ཅེས་སྔ་ས་གསལ་ཁ་འདོན་རྒྱུའི་ལམ་སྲོལ་དེ་ཡོད་པ་མ་རེད། 

གསར་འགོད་པ།  ཁྱེད་ཀྱིས་ད་ལྟའི་རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ཕྱོགས་དང་སྤྱི་ཚོགས་ཀྱི་གནས་བབ་གཉིས་གང་འདྲ་ཞིག་ཏུ་མཐོང་གི་ཡོད་དམ།  

སངས་རྒྱས་སྐྱབས། དཔྱད་བརྗོད་པ་མང་པོ་ཞིག་གིས་རྒྱ་ནག་ལ་ངོས་འཛིན་གནང་སྟངས་རིགས་གཉིས་འདུག ཕྱོགས་གཅིག་གིས་རྒྱ་གཞུང་གིས་མུ་མཐུད་སྲིད་དབང་བཟུང་ནས་འགྲོ་རྒྱུ་ཡིན་པ་མ་ཟད། དཔལ་འབྱོར་དེ་ཡང་མུ་མཐུད་ཡར་རྒྱས་འགྲོ་རྒྱུ་རེད་ཅེས་བཤད་ཀྱི་ཡོད། ཕྱོགས་གཞན་པ་དེས་རྒྱ་ནག་གིས་ངེས་པར་དུ་བསྒྱུར་བཅོས་མ་བཏང་ན། ཆབ་སྲིད་ཐོག་འགྲོ་ས་མེད་པ་མ་ཟད། དཔལ་འབྱོར་ཐོག་ལའང་འགྲོ་ས་མེད་པ་ཆགས་ཀྱི་རེད་ཟེར་གྱི་ཡོད། ད་ལྟ་རྒྱ་ནག་གཉིས་ཆགས་ཡོད་ལ། དེའི་དང་པོ། རྒྱ་ནག་དབུས་བརྙན་འཕྲིན་(  CCTV )དང་མི་དམངས་ཚགས་པར་ཐོག་གི་རྒྱ་ནག་དེ་ཡིན་པ་དང་། རྒྱ་ནག་གཞན་དེ་རྒྱ་ནག་ཏུ་དངོས་སུ་འཚོ་བ་རོལ་བཞིན་པའི་རྒྱ་ནག་མི་དམངས་རྣམས་རེད། མི་མང་པོ་ཞིག་གིས་བརྙན་འཕྲིན་དང་ཚགས་ཤོག་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་དེ་མ་གཏོགས་མི་དམངས་ཀྱི་དཀའ་སྡུག་དངོས་མཐོང་གི་ཡོད་པ་མ་རེད། ད་ལྟའི་དམར་ཤོག་གཞུང་འདི་དབང་ཆ་དང་ཁེ་ཕན་ཟུང་དུ་འབྲེལ་བའི་ཚོགས་པ་ཆེན་པོ་ཞིག་ཆགས་ཡོད། ཁོང་ཚོར་ཡོད་པ་དབང་ཆ་དང་ལྐོག་ཟ་རུལ་སུངས་ཀྱི་ཁེ་ཕན་གཉིས་ཆགས་ཡོད། དབང་ཆ་ཡོད་ན་ཁེ་ཕན་ཡོད་སྟབས། ཁོང་ཚོས་དབང་ཆ་རྩ་བ་ནས་གློད་ཀྱི་ཡོད་པ་མ་རེད།

སྐལ་བཟང་རྒྱལ་མཚན། རྒྱ་ནག་ལ་དམངས་གཙོའི་རྒྱལ་ཁབ་གཞན་ལྟར་འོས་ལྡུག་རྒྱུའི་ལམ་ཁ་ཡོད་པ་མ་རེད། ཡིན་ནའང་། དེ་སྔོན་ནང་བཞིན་མའོ་ཙེ་ཏུང་གིས་ངའི་རྗེས་འཛིན་པ་འདི་ཡིན་ཟེར་བ་དང་ཏུན་ཞའོ་ཕིན་གྱི་སྐབས་སུ། དམར་ཤོག་དྲུང་ཆེ་ཅིང་ཙེ་མིན་ཡིན་ཟེར་ནས་གཏན་འབེབས་བྱེད་པའི་དུས་སྐབས་ཡོལ་ཟིན་པ་རེད། སྤྱི་ཡོངས་རྒྱ་ནག་ནང་དམངས་གཙོ་མེད་ནའང་། མཐོ་རིམ་དཔོན་རིགས་ནང་ཕན་ཚུན་བགྲོ་གླེང་དང་གྲོས་བསྡུར་བྱས་ཏེ། ཁོང་ཚོའི་གྲས་ནས་གཅིག་འདེམ་གྱི་ཡོད་པ་རེད་ལ། འདེམ་སྟངས་དེའང་དམངས་གཙོའི་ལུགས་སྲོལ་ཆགས་མེད་ཀྱང་། ཐོག་མའི་དབང་ཆ་གཅིག་སྡུད་ལམ་ལུགས་དང་བསྡུར་ན་ཅུང་ཡག་ཏུ་ཕྱིན་ཡོད། 

གསར་འགོད་པ། མ་འོངས་པའི་རྒྱ་ནག་དཔོན་རིགས་ཚོའི་སྲིད་དབང་འཐབ་རྩོད་ཁྲོད་གཞུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད་དམ།

སངས་རྒྱས་སྐྱབས། ཁ་ཤས་ཀྱིས་ཧུའུ་ཅིན་ཐའོ་དང་ཅིང་ཙི་མིན་བར་མི་མངོན་པའི་ཚུལ་གྱི་སྲིད་དབང་འཐབ་རྩོད་ཡོད་སྟབས། ལོ་རྗེས་མར་རྒྱ་ནག་ལ་འགྱུར་བ་ཡོང་སྲིད་ཀྱི་རེད་ཟེར་མཁན་འདུག་ཀྱང་། གཞི་རྩའི་དམར་ཤོག་གི་ལངས་ཕྱོགས་གཅིག་པ་ཡིན་དུས་ཕན་ཚུན་མ་མཐུན་པའི་དཀའ་ངལ་ཆེན་པོ་ཡོད་པ་མ་རེད། སྐབས་ཤིག་ལ་ཅིང་ཙི་མིན་གྱིས་འདི་ལྟར་བཤད་ཡོད།  “ ང་ཚོ་ཚང་མ་གྲུ་གཟིངས་གཅིག་ལ་བསྡད་ཡོད། གྲུ་གཟིངས་དེ་ཁ་སློག་ན་ང་ཚོ་ཚང་མར་གྱོང་རག་གི་རེད ” ཅེས་བཤད་ཡོད། ད་ལྟའི་དམར་ཤོག་གཞུང་འདིའི་མགོ་ནས་མཇུག་བར་དུ་ལྐོག་ཟ་རུལ་སུངས་དང་། དབང་ཆ་སྒེར་གཅོད་བྱེད་མཁན་དང་ཁེ་ཕན་རག་མཁན་ཕྱོགས་གཅིག་ཆགས་ཡོད་སྟབས། རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཧ་ཅང་ཁག་པོ་རེད།

སྐལ་བཟང་རྒྱལ་མཚན། དེར་ཁྱད་པར་རྩ་བ་ནས་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་ནག་དམར་ཤོག་དེ་སོ་སོའི་ཁེ་ཕན་ཆེད་ཐག་པ་གཅིག་གིས་བསྡམས་པའི་ཆབ་སྲིད་ཚོགས་པ་ཞིག་ཆགས་ཡོད། ཆབ་སྲིད་ཚོགས་པ་དེས་རྒྱལ་ཁབ་སྐྱོང་བའི་སྐབས་ལ། གུང་གཞོན་ཚོགས་པ་དང་ཅིང་ཙི་མིན་གྱི་ཚོགས་པ། རྒྱ་ནག་དཔོན་རིགས་མི་བརྒྱུད་ཚོགས་པ་བཅས་ཚོགས་ཁག་སྐོར་བཤད་སྲོལ་ཞིག་ཡོད། རྒྱ་ནག་གི་གནད་འགག་ཆེ་ཤོས་ཁོང་ཚོར་དབང་ཆ་འཛིན་རྒྱུའི་ཕྱོགས་ལ་བསམ་ཚུལ་མཐུན་མིན་ཡོང་གི་ཡོད་པ་ལས། ཁོང་ཚོའི་དཀའ་ངལ་དེ་ཆབ་སྲིད་གུ་ཡངས་དང་དམངས་གཙོ་བཅོས་བསྒྱུར་གྱི་འགལ་ཟླ་དེ་འདྲ་གང་ཡང་མ་རེད། ད་ལོར་དཀྱིལ་ཤར་ཡེ་ཤ་ཡའི་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གི་གནད་འགག་ཆེ་ཤོས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་ཡར་རྒྱས་གཉིས་ཆགས་ཡོད་དུས། གང་གི་ཆ་ནས་བལྟས་ཀྱང་རྒྱ་གཞུང་གི་གནོན་ཤུགས་འོག་མང་ཚོགས་ཀྱིས་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ལས་འགུལ་སྤེལ་ཐུབ་ཀྱི་ཡོད་པ་མ་རེད། 

གསར་འགོད་པ། སྲིད་བློན་ཝུན་ཅཱ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་སྐོར་ཡང་ཡང་བརྗོད་པ་དེར་ལྟ་ཚུལ་གང་འདྲ་ཡོད།

སངས་རྒྱས་སྐྱབས། ཝུན་ཅཱ་པའོ་ཡི་མིང་ལ་རྒྱ་ཡིག་ནང་༼ ཟློས་གར་འཁྲབ་མཁན་གྱི་རྒྱལ་པོ ༽ཟེར་གྱི་ཡོད། ཁོང་གི་ལས་གནས་དེ་ལོ་རྗེས་མའི་ནང་འགྱུར་བ་འགྲོ་དགོས་དུས། ཁོས་ག་རེ་བཤད་ནའང་ཁྱད་པར་དེ་ཙམ་ཡོད་པ་མ་རེད། ཧུའུ་ཅིན་ཐའོ་དང་ཁོང་གཉིས་ཀྱིས་ཆབ་སྲིད་འཁྲབ་ཀྱི་ཡོད་པ་རེད། སྐབས་རེར་མི་གཅིག་གིས་གདོང་ནག་པོ་བསྟན་ན། གཅིག་གིས་གདོང་དཀར་པོ་སྟོན་གྱི་ཡོད་པ་རེད། ད་ལྟའི་རྒྱ་ནག་གི་གནས་སྟངས་ལ་བལྟས་ན་ཝུན་ཅཱ་པའོ་ལྟ་བུའི་མི་སྒེར་བ་ཞིག་གིས་རྒྱ་ནག་ཆབ་སྲིད་ལ་འགྱུར་བ་གཏོང་རྒྱུ་ཧ་ཅང་ཁག་པོ་རེད། སྔོན་མ་ཀྲའོ་ཙི་ཡང་དང་ཧུའུ་ཡའོ་པང་ལྟ་བུའི་མགོ་ཁྲིད་གུ་ཡངས་པོ་རེ་ཟུང་བྱུང་ཡོད་ཀྱང་། ཁོང་ཚོར་ཡང་ཕམ་ཁ་བྱུང་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་པ་རེད།

སྐལ་བཟང་རྒྱལ་མཚན། ཝུན་ཅཱ་པའོ་ཡིས་ད་བར་ཐེངས་བདུན་བརྒྱད་ཙམ་ལ་རང་དབང་དམངས་གཙོའི་སྐོར་བཤད་ཡོད་པ་རེད། ཁོང་གིས་བཤད་པ་ཚང་མ་ཆབ་སྲིད་འཁྲབ་སྟོན་ཁོ་ན་ཞིག་ལ་ང་རང་གིས་ངོས་འཛིན་བྱེད་ཀྱི་མེད། ཝུན་ཅཱ་པའོ་སྒེར་གྱི་ངོས་ནས་རྒྱ་ནག་དཔོན་རིགས་ཚོའི་ནང་མང་ཚོགས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་པར་མཐོང་གི་ཡོད། གནད་དོན་གཙོ་བོ་དེ་ཝུན་ཅཱ་པའོ་མི་གཅིག་གིས་ག་ཚོད་བཤད་ཀྱང་། རྒྱ་ནག་དབུས་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་པར། དམར་ཤོག་གི་ལྟ་བ་དེ་ཚོགས་མི་མང་ཆེ་བར་སྐབས་བསྟུན་དགོས་པ་ཞིག་ཆགས་ཡོད། 

གསར་འགོད་པ། ལོ་རྗེས་མར་ཞིས་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསླེབ་པ་ཡིན་ན། དམིགས་བསལ་བོད་དོན་ཐོག་ཕན་གནོད་གང་འདྲ་འབྱུང་བར་ཚོད་དཔག་བྱེད་ཀྱི་ཡོད་དམ།  

སངས་རྒྱས་སྐྱབས། ཞིས་ཅིན་ཕིན་བསམ་བློ་གུ་ཡངས་པོ་འདུག་ཟེར་གྱི་ཡོད་ཀྱང་། རྒྱ་གཞུང་ནི་རང་གི་ཁེ་ཕན་གཙོ་བོར་འཛིན་པའི་སྒེར་གཅོད་ཚོགས་པ་ཞིག་ཡིན་སྟབས། ཁོང་རྒྱ་ནག་སྲིད་འཛིན་དུ་བསླེབ་ནའང་བོད་དོན་ཐོག་དམིགས་བསལ་འགྱུར་བ་གང་ཡང་འགྲོ་ཐུབ་རྒྱུ་མ་རེད། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་དཔོན་རིགས་རེ་ཟུང་གིས་ཐག་གཅོད་ཐུབ་པ་ཞིག་ཆགས་ཀྱི་མེད་ལ། བོད་ཀྱི་གནད་དོན་ཛ་དྲག་ཏུ་འགྱུར་བཞིན་པ་འདིར་ཧུའུ་ཅིན་ཐའོ་ཡིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས།  ཞིས་ཅིན་ཕིན་སྲིད་འཛིན་དུ་བསླེབ་ཀྱང་ཉུང་མཐར་ལོ་ ༡༠ ཙམ་ནང་ཁོང་ཧུའུ་ཡི་གྲིབ་ནག་ནང་སྡོད་དགོས་ཀྱི་ཡོད། ཆབ་སྲིད་དབྱེ་ཞིབ་པ་ཚོས་མ་འོངས་པའི་ལོ་བཅུའི་ནང་རྒྱ་ནག་ལ་འགྱུར་བ་ཞིག་ཡོང་གི་རེད་ཟེར་གྱི་ཡོད། དེའི་རྒྱུ་མཚན་ཏིན་གྱི་ཁྱིམ་བརྒྱུད་དང་། ཅང་གི་ཁྱིམ་བརྒྱུད་གཉིས་ཧ་ལམ་རྫོགས་བཞིན་པ་དང་། ཧུའུ་ཡི་ཁྱིམ་བརྒྱུད་ཀྱང་དེ་ཙམ་ལྷག་མེད་པ། དེ་བཞིན། རིག་གནས་གསར་བརྗེ་སྐབས་ཀྱི་མི་རབས་རྒན་པ་རྣམས་རྫོགས་ན། མི་རབས་གསར་པ་ཚོ་རང་དབང་དམངས་གཙོ་ལ་དགའ་བ་དང་། ཁོང་ཚོར་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས། ཏན་ཏན་འགྱུར་བ་ཡོང་རྒྱུའི་དུས་ཤིག་ཡོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད།  

སྐལ་བཟང་རྒྱལ་མཚན། གང་ཟག་བྱེ་བྲག་པ་གཅིག་རྒྱ་ནག་སྲིད་འཛིན་དུ་བསླེབ་པ་ཙམ་གྱིས་བོད་ཀྱི་སྲིད་བྱུས་གུ་ཡངས་སུ་འགྲོ་བ་དང་། སྲིད་བྱུས་ལ་འགྱུར་བ་ཐེབས་ཐུབ་ཀྱི་རེད་བསམ་གྱི་མེད། ད་བར་ཅིང་ཙི་མིན་དང་ཧུའུ་ཅིན་ཐའོ་གཉིས་བསྡུར་ན། ཅིང་གི་སྐབས་ཅུང་གུ་ཡངས་བ་དང་། ཧུའུ་ཡི་སྐབས་སུ་མངོན་གསལ་དོད་པོས་མཁྲེགས་ཏུ་འགྲོ་བ་དང་སྡུག་ཏུ་ཕྱིན་ཡོད། བོད་ཀྱི་གནད་དོན་དེ་རྒྱ་ནག་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་། འཐབ་ཇུས་ངོ་བོའི་ཐོག་གལ་ཆེ་ཤོས་ཤིག་ལ་རྩི་བཞིན་ཡོད་སྟབས། མི་གཅིག་གིས་སྲིད་བྱུས་གུ་ཡངས་གཏོང་ཐབས་ཡོད་པ་མ་རེད། རྒྱ་ནག་གིས་སྲིད་བྱུས་ཇི་ལྟར་མཁྲེགས་བཟུང་བྱས་མིན་ལ་མ་ལྟོས་པར། བོད་ནང་གི་བོད་པ་ཚོས་སེམས་ཤུགས་མ་ཆག་པར་ངོ་རྒོལ་རབ་དང་རིམ་པར་གནང་གི་ཡོད་ལ། བཙན་བྱོལ་ནང་དུའང་ལས་འགུལ་སྤེལ་ཕྱོགས་ཐོག་མུ་མཐུད་ཤུགས་བརྒྱབ་ན། རྒྱ་གཞུང་ཇི་ལྟར་མཁྲེགས་ཀྱང་བོད་ཀྱི་གནད་དོན་ནི་གནད་དོན་ཞིག་ལ་བརྩིས་ཏེ། ང་ཚོར་སྐད་ཆ་བཤད་རྒྱུའི་ཐབས་ལམ་ཞིག་མི་འཚོལ་རང་འཚོལ་ཆགས་ཡོང་གི་རེད།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བཀོད། ༽

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༦ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 11

  1. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    དགོང་དྲོ་བདེ་ལེགས། ཆབ་བྲག་ལགས་་་སྐུ་ཁམས་བཟང་།
    རྡེའུ་དཀར་ནག་ཡིན་ཡང་སྔ་བཞུག་ཡོད། །
    དཀར་ནག་རིལ་རིལ་ཡིན་རུང་འགོ་འཇུག་ཡོད། །
    སྲིད་ཇུས་འཇིག་པ་དོན་གྱི་སྙིང་པོ་ཡིན། །
    སྟག་ཤར་འཇིག་པས་ཀླད་པ་དཀྲུག་ནས་རྒྱལ། །
    ་་་་་་་་་་་་་་བྱས་ཙང་་་་་དེང་སང་ནི་་་་དེང་སང་སྟེ། ཀླད་པའི་དུས་ཚོད་རེད་་་བོད་ཀྱི་གནད་དོན་དེ་་་་་ངེས་པར་དུ་ཀླད་པ་དཀྲུག་ནས་ནུས་པ་ཐོན་ཐབས་བྱེད་དགོས་ཀྱི་འདུག་་་་་མ་རེད་པས་་་་ཨཱ་་་་

    Reply
  2. རང་དབང་རྒྱལ། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་དང་མི་སྒེར་གྱི་ངོས་ནས། རྒྱ་གཞུང་དང་དེའི་སྲིད་ཇུས་ལ་ཞིབ་འཇུག་དང་རྒྱུས་ལོན་གྱི་ཧ་ཅང་ཞན་པ་གོང་གི་མི་སྣ་གཉིས་ཀྱིས་གསལ་བཤད་བྱས་འདུག གང་ཡིན་ཟེར་ན། བཤད་སྒྲོས་ཙམ་དང་བྱུང་བ་ཙམ་གྱིས་རྒྱ་གཞུང་དང་དེའི་ངན་བྱུས་ལ་རྒྱུས་ལོན་དང་ཚོད་དཔག་བྱེད་ཐུབ་ཀི་མ་རེད།
    ནམ་ཞིག་ཡིན་རུང་། རྒྱ་གཞུང་དང་དེའི་སྲིད་ཇུས་འཛིན་མཁན་སུ་ཞིག་ཡིན་མིན་བོད་ལ་མཚོན་ན། དེ་འདྲའི་གལ་འགངས་ཆེན་པོ་ཞིག་མ་རེད་སྙམ། གཙོ་བོ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གཞུང་གི་རྣམ་འགྱུར་འདི་མི་བསྒྱུར་རང་བསྒྱུར་བྱེད་ཐབས་སུ་བཙན་བྱོལ་གཞུང་དང་མི་མང་ཚོགས་པ་སོགས་ཀྱིས་འབོད་ཚིག་གཅིག་དང་ལངས་ཕྱོགས་གཅིག འཐབ་ཕྱོགས་གཅིག་དང་དགོས་འདུན་གཅིག་སོགས་ཀྱིས་ཐབས་བྱུས་སྤྱད་ནས་རང་གར་འདུག་གི་འཇུག་མི་ཉན་པ་དེ་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས། དེང་སང་མིག་མངས་འདེད་མི་ཤེས་པ་མང་པོས་རྡེའུ་དཀར་ནག་གང་བྱུང་དུ་སྒྲིག་གིན་ཡོད། ངས་བལྟས་ན་ཁྱེད་རང་འཇིག་པ་ཞིག་ཡིན་ཚོད། ཝུན་ཅ་པོ་ནི་ང་ཚོའི་འཇིག་རྡེའུ་གལ་ཆེན་ཞིག་ཡིན་པ་ཤེས་འདུག

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གཅིག་གིས་གཅིག་ལ་སྤྲེལ་ལད་བཤད་ནས་ཅི་བྱེད། དངོས་ཡོད་གནས་ཚུལ་དང་མཐུན་པའི་བྱ་སྤྱོད་སྤེལ་རྒྱུ་གལ་ཆེ། འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་ཉམས་མྱོང་ལ་གཞིགས་པའི་སྟ་གོན་བྱེད་རྒྱུ་རེད།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    སྔ་དྲོ་བདེ་ལེགས། དངོས་གནས་རེད། ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་པ་བཞིན། སྔོན་མ་ཝུན་ཅ་པའོ་ཡི་གསུང་བཤད་དང་དགོངས་ཚུལ་དེར་བོད་རྒྱ་ཕྱོགས་གཉིས་ཀྱིས་དོགས་འདྲོགས་ཆེན་པོ་བྱས་ཡོད་ལ། དུས་ཚོད་མང་པོ་ཕྱིན་པའི་རྗེས་ཏེ་ད་ལྟའང་ཐེ་ཚོམ་ངང་ཕྱོགས་གཉིས་ཀས་ཁ་བརྡུང་དྲག་པོས་ཝུན་ཅ་པའོ་འུ་ཐུག་བཅུག་གི་ཡོད་པ་རེད། འགྲོ་སྟངས་ཡོད་པ་ཞིག་བྱེད་ན། ང་ཚོའི་ཕྱོགས་ནས་ཝུན་ཅ་པའོ་ཡི་སྐད་ཆ་དེ་ཚོར་རྒྱབ་སྐྱོར་ཆེན་པོས་ཡོངས་ཁྱབ་ཀྱིས་ཁྱབ་བསྒྲགས་ཙམ་མ་ཟད། ཁོང་ཕྱི་ཕྱོགས་སུ་ཕེབས་ཚེ་རྒྱབ་སྐྱོར་རྣམ་པས་ང་ཚོའི་ཕྱོགས་ནས་ནུས་ཤུགས་ཡོད་ཚད་ཀྱིས་ཁོང་གི་གསུང་བཤད་རྣམས་འབོད་ཚིག་བྱས་ཏེ་གུང་ཁྲན་ལ་ངོ་རྒོལ་བྱེད་དགོས་ཀྱི་འདུག དཔེར་ན། སྔོན་མ་ཝུན་ཅ་པའོ་ལ་རྒྱ་ནག་གི་དཔོན་རིགས་ནས་ཁ་བརྡུང་ཆེན་པོ་ཞིག་བཏང་བའི་རྗེས་སུ་ཝུན་ཁོང་ཕྱི་ཕྱོགས་སུ་ཕེབས་པའི་སྐབས་ཤིག་ལ། བོད་ཀྱི་གཞོན་ནུས་ཁོང་གི་པར་ལ་བཟོ་ལྟ་འདྲ་མིན་བཟོས་ཏེ་ངོ་རྒོལ་ཆེན་པོ་བྱས་བྱུང་། སྐབས་དེ་དུས་ངས་གཞོན་ནུའི་མཐོ་རིམ་མི་སྣ་ཞིག་ལ་ཆབ་སྲིད་ཀྱི་ལས་ཀ་ཚད་དང་ལྡན་པ་ཞིག་བྱེད་དགོས་ན། ངེས་པར་དུ་ད་རེས་ཁོང་གི་གུ་ཡངས་གསུང་བཤད་ཀྱི་འབོད་ཚིག་འཕྱར་ནས་ཁོང་ལ་རྒྱབ་སྐྱོར་གྱིས་གུང་ཁྲན་ལ་ངོ་རྒོལ་བྱེད་དགོས་ཀྱི་འདུག་ཅེས་སྐད་གསང་མཐོ་པོས་བསམ་ཚུལ་ཞུས་པ་ཡིན། ཁོང་གིས་ད་རེས་ལས་འཆར་བཟོས་ཚར་བ་རེད་ཅེས་ལན་བཏབ་སོང་། སོང་ཙང་། དེ་ལྟ་བུའི་ཐོག་ནས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གསུང་པ་ལྟར། ང་ཚོས་དམག་རྒྱག་དུས་དགྲ་ཕྱོགས་ཀྱི་མཐུན་རྐྱེན་གང་ཡོད་དེ་འཆོར་མི་ཉན། ཞེས་པ་དེ་གནད་འགག་ཆེན་པོ་ཞིག་དང་ལམ་སྟོན་ཆེན་པོ་ཞིག་རེད། ཨ་ཟླ་ཚོ་ངེས་པར་དུ་གནད་དོན་སེམས་ལ་ཞོགས་་་་་་་་་་་་་་་་་་་་་་་་་་་་་་་རྗེས་ནས་་་་་་་་་་་་་

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཝུན་ཅ་པའོ་སོགས་ཀྱིས་ཀྲུང་གོའི་ཆབ་སྲིད་ལེགས་བཅོས་ཀྱི་གསུང་བཤད་ཇེ་མང་དང་ཤུགས་ཆེར་སྤེལ་གྱིན་ཡོད་ལ། མི་དམངས་ཉིན་རེའི་ཚགས་ཤོག་གི་གླེང་བརྗོད་ནང་ལ་ཡང་གནད་དོན་དེ་གླེང་སློང་ཐུབ་ཀྱིན་ཡོད། འདི་ལྟར་གླེང་ཕོད་པ་ཙམ་གྱིས་ཀྱང་རྒྱབ་རྩ་མཐུག་པོ་ཞིག་ཡོད་པ་ཚོར་ཐུབ།
    དོན་དམ་པའི་དམངས་གཙོ་ལ་ཕྱོགས་པའི་དབུ་ཁྲིད་ཁྱུ་གཅིག་སླེབས་ཐུབ་མིན་དེ་གནད་དོན་ཀུན་གྱི་རྩ་བ་ཆགས་ཡོད། ངས་བལྟས་ན་ཝུན་ཅ་པོའོ་ལགས་ཀྱིས་མུ་མཐུད་འཇོན་ཐང་ངོམ་ཐུབ་ན་ལྟད་མོ་ཆེ་ཙམ་མཐོང་ཐུབ་ངེས། ང་ཚོས་དམག་རྒྱག་དུས་དགྲ་ཕྱོགས་ཀྱི་མཐུན་རྐྱེན་གང་ཡོད་དེ་འཆོར་མི་ཉན།

    Reply
  7. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    མའོ་ནས་མགོ་བཙུགས། ཏིང་། ཅང་། ཧུའུ་བཅས་གཅིག་རྗེས་གཉིས་འཐུད་ནས་ངོས་གངས་ཅན་པའི་གནས་སྟངས་ཇེ་ངན་ཇེ་སྡུག་ཏུ་ཕྱིན་པ་རེད། ཞིས་ཟེར་བ་དེ་ཡང་སྤྱང་བརྒྱུད་གཅིག་པ་ཡིན་པས་རེ་བ་རྒྱབ་ས་ཁབ་མིག་ཙམ་ཡང་མེད་པ་རེད།

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བོད་རེ་བས་ཕུང་། །རྒྱ་དོགས་པས་ཕུང་། །ཞེས་བཟོ་བཅོས་གནོངས་རོགས།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བོད་རེ་བས་འཕོངས། །རྒྱ་དོགས་པས་འཕོངས། །ཞེས་པ་ལྟར་རེད། རྒྱ་ནག་གི་སྲིད་འཛིན་གསར་པ་སུ་འདྲ་ཞིག་འཁོད་ཀྱང་བོད་དོན་ལ་དེ་ཙམ་འགྱུར་བ་འགྲོ་གི་མ་རེད། སྲིད་འཛིན་མའོ་ནས་དུས་ད་ལྟ་བར་དུ་ང་ཚོས་རེ་བ་རྒྱབ་པ་རེད། འཇུག་འབྲས་ཅི་ཞིག་བྱུང་སོང་། གཅིག་གིས་གཅིག་མནན་ནས་འགྱུར་བ་གཏོང་ཆོག་ཆོག་ག་ལ་ཡོད། དེ་ལས་ང་ཚོས་ཐབས་ཤེས་གཞན་དག་འཚོལ་དགོས་པ་རེད།

    Reply
  10. དམག་ལོག་ says:
    ལོ་ 15 སྔོན།

    ཞིས་ཅིན་ཕིན་གྱིས་བོད་ཀྱི་གནད་དོན་ལ་ཕན་ཐོགས་ཀྱི་རེད་དང་མ་རེད་ཀྱི་སྐད་ཆ་མ་རེད། ཁོ་རྒྱ་ནག་གི་སྲིད་འཛིན་དུ་ཐོན་ནའང་ཁོ་ལ་དབང་ཆ་ཡོད་པ་མ་རེད།

    Reply
  11. ཐིག says:
    ལོ་ 15 སྔོན།

    ཁོང་རྣམ་གཉིས་ཀྱིས་རྒྱ་ནག་དང་ཐེ་ཝེན་གསར་ཤོག་བཀླགས་ནས་དཔྱད་ཞིབ་པ་གཞན་གྱི་བསམ་ཚུལ་ཙམ་ལད་ཟླུས་ཀྱིས་སྐྱར་བཤད་བྱས་པ་ལས། རང་རང་སོ་སོ་རྒྱ་ནག་གི་ཆབ་སྲིད་ལ་ཞིབ་འཇུག་གནང་མཁན་ཞིག་གི་ངོས་ནས་རང་ཉིད་ཀྱི་ལྟ་གྲུབ་དང་དཔྱད་ཞིབ་ཞིག་མེད་པ་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese