མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་ལ་བརྟེན་ཏེ་བཟང་སྤྱོད་སྤེལ་བ་དེ་རྒྱ་ཆུང་ཆུང་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཀོ་རི་ཡ་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༥༩ ཙམ་གྱིས་དད་ལྡན་པ་ ༤༣༣༦ ཙམ་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་ཞི་ལྷག་གི་སྐོར་བཀའ་ཁྲིད་གནང་བཞིན་ཡོད། 

ཀོ་རི་ཡའི་ནང་པའི་དད་ལྡན་པ་ཆོས་ཞུ་བ་སྐོར་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཞུ་བ་ ༣༥༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༥༩ ཙམ་གྱིས་ཆོས་ཞུ་བ་ ༡༠༨༢ དང་། དེ་བཞིན། ངྷ་ས་ཁུལ་གྱི་བོད་སེར་སྐྱ་བཅས་ཁྱོན་མི་ ༤༣༣༦ བརྒལ་བར། དུས་ཡུན་ཉིན་གསུམ་རིང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼བྱང་ཆུབ་ལམ་རིམ་ཆེན་མོའི་༽ཞི་གནས་དང་ལྷག་མཐོང་སྐོར་བཀའ་ཁྲིད་གནང་མགོ་བཙུགས་ཡོད་ཅིང་། གསུང་ཆོས་དབུ་འཛུགས་མ་གནང་གོང་༧གོང་ས་མཆོག་གིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་གནང་ཡོད།  

སྐབས་དེར་༧གོང་ས་མཆོག་གིས་ཆོས་བྱེད་མཁན་ཚོས་ཆོས་རྣམ་དག་ཅིག་བྱ་དགོས་པ་དང་། འདས་པའི་ལོ་རྒྱུས་དང་ད་ལྟ་བཅས་སུ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ། འཁྲུག་པ་རྒྱག་པ་དང་སྤྱི་ཚོགས་ལ་རྙོག་དྲ་བཟོ་མཁན་སོགས་ཡོང་གི་ཡོད་པས། དེ་དག་གིས་ཆོས་ཀྱི་ནང་དུ་བཤད་པའི་བསླབ་བྱ་ཉམས་ལེན་མ་བྱས་པར། ཆོས་ལུགས་ལ་ཞེན་ཁོག་བྱེད་ཀྱི་ཡོད་ཅིང་། སྤྱིར་ཡེ་ཤུ་གཙོས་པའི་ཆོས་ལུགས་ཚང་མའི་ནང་ཞེན་ཆགས་ཞེ་སྡང་སྤང་དགོས་པ་དང་། གཞན་ལ་བཟོད་པ་སྒོམ་དགོས་པའི་བསླབ་བྱ་གནང་ཡོད་ཅིང་། ཁོང་ལ་ཁ་ཆེ་ཆོས་པ་ཞིག་གིས་ “ང་ཚོ་འཇིག་རྟེན་བཀོད་པ་པོ་ཨཱ་ལཱ་ཡིས་བཀོད་པ་ཡིན་སྟབས། སེམས་ཅན་ཐམས་ཅན་ལ་བརྩེ་བ་བྱ་དགོས་པ་རེད” ཅེས་བརྗོད་ཡོད་སྐོར་བཀའ་གནང་སྟེ། ཆོས་ལུགས་ཁག་ཏུ་གསུངས་པའི་བསླབ་བྱ་རྣམས་དངོས་གནས་ལག་བསྟར་བྱ་རྒྱུ་ཡིན་ན། གཞན་ལ་བྱམས་བརྩེ་བྱ་དགོས་པ་དང་། འགལ་ཟླར་བཟོད་པ་སྒོམ་དགོས་པ། འདོད་རྔམ་གྱིས་གཞན་དབང་དུ་མ་སོང་བར་ཆོག་ཤེས་བསྟེན་དགོས་པ། མངོན་ལྐོག་རྒྱབ་མདུན་མེད་པར་དྲང་པོ་བྱ་དགོས་པ་དེ་རེད། འོན་ཀྱང་རེ་ཟུང་གིས་ཆོས་ལུགས་བེད་སྤྱད་དེ་རྙོག་དྲ་བཟོ་བཞིན་ཡོད་པ་རེད་ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་ནང་པ་ཚོའི་ཁྲོད་བཅོམ་ལྡན་འདས་ཀྱི་བསླབ་བྱས་སོ་སོའི་སེམས་འདུལ་རྒྱུའི་ཚབ་ཏུ་ཆགས་སྡང་གི་ལག་ཆར་སྤྱོད་མཁན་ཡོང་གི་ཡོད་པ་དང་། ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་ཡིན་ཡང་། གལ་སྲིད་ཆོས་བྱ་རྒྱུ་ཡིན་ན། ཆོས་ནས་གསུངས་པའི་བསླབ་བྱ་ཁག་ཉི་མ་རེ་རེ་བཞིན་ལག་ལེན་བསྟར་དགོས་པ་དང་། ལྐོག་ཟ་རུལ་སུངས་བྱེད་མཁན་ཞིག་གིས་དཀོན་མཆོག་ལ་སྨོན་ལམ་བརྒྱབ་ན་ཧ་ལམ་དཀོན་མཆོག་ལ་ངས་ཁྱེད་ཀྱི་དགོངས་པ་དང་འགལ་བའི་ལས་ཀ་བྱེད་ཀྱིོ་ཡོད། དེ་ལམ་འགྲོ་ཡོང་བར་སྐྱབས་འཇུག་གནང་རོགས་ཟེར་བའི་བཟོ་འདྲ་བོ་ཆགས་ཀྱི་ཡོད་པ། གང་བྱུང་མང་བྱུང་གིས་དངུལ་བསགས་ཏེ་ལྐོག་ཟ་བྱེད་པ་དཀོན་མཆོག་གི་བཀའ་དང་འགལ་གྱི་ཡོད་པས་དེ་ལ་ཆོས་མེད་ལབ་ན་ཡག་ཤོས་ཡིན་ཞིང་། ཆོས་ལ་ངོ་རྒོལ་བྱེད་མཁན་ཚོས་ལྐོག་ཟ་རུལ་སུངས་བྱས་ན་དེ་ནི་མིང་དོན་མཚུངས་པ་ཞིག་ཡིན་ཞིང་། ཆོས་པ་ཚོས་མ་རབས་བྱ་རྒྱུར་ཡ་ང་འཚར་སྣང་མེད་ན། སོ་སོ་ཙམ་ཏུ་མ་ཟད་ཆོས་དེ་ལའང་མཚན་ཤས་སུ་འགྲོ་བཞིན་ཡོད་ཚུལ་སོགས་བཀའ་གནང་བྱུང་།

 

༧གོང་ས་མཆོག་གིས་ཡ་རབས་བཟང་སྤྱོད་ནི་ཆོས་ལུགས་དང་མ་འདྲེས་བར་སྤེལ་སྐོར་གསུངས་དོན།  “ སྤྱོད་པ་ཡག་པོ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། སྤྱོད་པ་ཡག་པོ་ཆགས་དགོས་ན་ཆོས་དད་ལ་བརྟེན་དགོས་ཟེར་ན། དེར་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཆོས་པ་ཁག་ཅིག་གིས་ཡ་རབས་སྤྱོད་བཟང་ངེས་པར་དུ་ཆོས་དད་ཅིག་ལ་བརྟེན་དགོས་སྐོར་གསུང་གི་འདུག དེ་ལྟར་གསུང་པ་ཡིན་ན་རྒྱ་ཆུང་ཆུང་ཆགས་པ་རེད། འཛམ་གླིང་འདིར་ཆོས་བརྒྱུད་ཆེན་པོ་གང་འདྲ་ཞིག་ཡིན་རུང་། འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་ཡོང་གི་མ་རེད། ཡ་རབས་ཀྱི་སྤྱོད་པ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་ཞིག་དགོས་པ་རེད། འཛམ་གླིང་ཡོངས་ལ་ཁྱབ་རྒྱུའི་བསླབ་བྱ་དེ་ཆོས་དད་ཅིག་གི་ཐོག་བཞག་ན། ཆོས་དད་དེ་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པ་ཞིག་ཡོང་གི་མ་རེད། ཡ་རབས་སྤྱོད་བཟང་འཛམ་གླིང་ལ་དགོས་པ་རེད། དེ་དགོས་པར་ཆོས་དད་ལ་བརྟེན་ན་ཁག་པོ་ཆགས་ཀྱི་རེད། དེ་ཡིན་དུས། ཡ་རབས་བཟང་སྤྱོད་ཟེར་བ་འདི། ཕྱོགས་གཅིག་ནས་ཆོས་དད་དང་འབྲེལ་ནས་སྤེོལ་དགོས་པ་རེད། སངས་རྒྱས་པའི་ཆོས་ལ་ཆ་བཞག་ན། ཆོས་དད་དང་འབྲེལ་བའི་ཐོག་ལས་བཟང་པོ་བསགས་དགོས་པ་རེད་ཟེར་བའི་སྐབས་ལ། ཚེ་འདི་ཙམ་དུ་མ་ཟད། སྐྱེ་བ་ཕྱི་མ་མངོན་མཐོ་དང་ངེས་ལེགས་བསྒྲུབ་རྒྱུའི་དམིགས་ཡུལ་ཞིག་བཟུང་སྟེ། བླང་དོར་བྱ་རྒྱུ་ཞིག་ཡོང་གི་ཡོད་པ་རེད། སངས་རྒྱས་པའི་ཆོས་ཀྱི་མངོན་འདོད་བདེ་སྐྱིད་དེ་བསྒྲུབ་བྱར་འཇོག་གི་ཡོད་ལ། བསྒྲུབ་བྱ་དེ་མངོན་འདོད་ལ་འཇོག་པའི་སྐབས་སུ། ཕྱི་མའི་མངོན་འདོད་ཙམ་མ་ཡིན་པར། ད་ལྟ་མངོན་འདོད་ཡོད་བཞིན་པ་དེའང་བདེ་སྐྱིད་བསྒྲུབ་དགོས་པ་ཞིག་ཆགས་ཡོད། ང་ཚོས་སྐྱེ་བ་ཕྱི་མ་དང་ཐར་པ་ཐམས་ཅད་མཁྱེན་པའི་སྐད་ཆ་ཕར་བཞག་སྟེ། ཚེ་འདི་ལ་སེམས་སྐྱིད་པ་དང་བག་ཕེབས་པ་ཞིག་དང་།  དེ་ནས་ཁྱིམ་ཚང་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། དེ་ནས་ཁྲི་ཕྲག་བར་གྱི་ཁྱིམ་ཚང་བདེ་ཞིང་སྐྱིད་པ་དང་། བག་ཕེབས་པ་ཡོང་བ་བསྒྲུབ་དགོས་པ་ཆགས་ཡོད། ཆོས་ཕྱོགས་ནས་གསུངས་བའི་དམིགས་ཡུལ་རྒྱ་ཆེན་པོ་བཞག་སྟེ། ངོས་ནས་ནམ་རྒྱུན་ཆོས་དད་དང་མ་འདྲེས་བའི་ཐོག་ནས་མང་ཚོགས་ནང་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། ” ཅེས་གསུངས་བྱུང་།

༧གོང་ས་མཆོག་གིས་ལོ་རེའི་ཕྱི་ཟླ་ ༡༠ པའི་ནང་ལྷོ་ཀོ་རི་ཡ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་པ་ཚོར་ཆོས་འབྲེལ་གནང་བཞིན་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. བརྩོན་རྒྱམ། says:
    ལོ་ 14 སྔོན།

    འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༧གོང་ས་ཕྱག་ན་པདྨོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འཆོའོ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ཚེ་རབས་ཀུན་ཏུ་༸མགོན་པོ་ཁྱེད་ཉིད་ཀྱིས།།
    ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།།
    རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།།
    སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།།

    Reply
  3. རྒྱང་མིག says:
    ལོ་ 14 སྔོན།

    སྐུ་ཞབས་ཞོགས་དུང་གིས་སྔོན་ཞིག་ནས་འདི་ལྟར་གསུང་ཚར་བ་རེད། ཤེས་ཡོན་ཅན་ཚོས་བསམ་གཞི་གཅིག་ལ་བབ་ཀྱང་མི་མང་གི་རྨོངས་པ་སངས་ཐབས་མི་འདུག ཁོང་རྣམ་གཉིས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ།

    Reply
  4. རང་དབང་རྒྱལ། says:
    ལོ་ 14 སྔོན།

    བོད་མི་བརྒྱ་ཆ་དགུ་བཅུ་ཙམ་ལ་༸གོང་ས་མཆོག་ལ་དད་པ་ཡོད་པ་གསལ་བོ་རེད་དེ། དད་པ་ཙམ་གྱིས་ཏཱ་ལའི་བླ་མའི་དགོངས་གཞི་དང་ལམ་སྟོན་རྣམས་མ་ནོར་མ་འཁྲུལ་བར་རྟོགས་ཐུབ་ཀི་རེད་དམ།
    མ་གཞི། བོད་མིའི་སྤྱི་ཚོགས་ནང་དུ་༸གོང་ས་མཆོག་གི་དགོངས་དོན་ལ་འཚོལ་ཞིབ་བྱེད་ཕོད་མཁན་དང་གྲུབ་འབྲས་དམིགས་བསལ་བ་མཐོང་རྒྱུ་མེད་པའི་རྒྱུ་གང་ལ་ཐུག་པ་ཡིན་ནམ།
    གལ་སྲིད། ༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་བོད་མི་རྣམས་ཀྱིས་ཁོང་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་རྣམས་ཡང་དག་པར་མ་རྟོགས་པ་ཡིན་ན། མ་འོངས་པ་གང་འདྲ་ཆགས་རྒྱུ་ཡིན་ནམ།
    ཆེས་མཚར་བོ་ཞིག་ལ། ད་ལྟའི་བར་དུ། ༸གོང་ས་མཆོག་འཚོལ་ཞིབ་བྱེད་མཁན་དང་དེའི་ཐོག་ཏུ་གྲུབ་འབྲས་འཇོག་མཁན་དེ་ཕྱི་གླིང་བ་རྐྱང་རྐྱང་བ་མ་གཏོགས་མེད་པའི་རྒྱུ་མཚན་གང་ཡིན་ནམ།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ལ་ཕྱག་འཚལ་ལོ།་་་་་་་་་་་་་་་་་་་་

    མ་ལུས་འགྲོ་བའི་མགོན་གྱུར་བཅོམ་ལྡན་འདས། །
    བདུད་སྡེའི་གཡུལ་ལས་ཞི་བས་གར་གྱིས་རྒྱལ། །
    མཐོ་སྒང་ཁ་བ་ཅན་པའི་འདི་ཕྱིའི་སྐྱབས། །
    ཞི་བའི་ཆེས་མཆོག་གང་དེར་སྙིང་ནས་དད། །

    ༸མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་སུ་གསོལ་་་་

    Reply
  6. རིན་འཕེལ། says:
    ལོ་ 14 སྔོན།

    གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་དབང་ཁྱེད་ལ་འདུད། །དེ་དང་དེ་ཡིས་གང་ལ་གང་རེ་བ། ཡིད་བཞིན་སྐོང་བའི་ནོར་བུ་ཉིད་ལ་འདུད།
    བཟང་བོ་སྤྱོད་པའི་སྨོན་ལམ་མ་ལུས་པ། མར་གྱུར་འགྲོ་བ་ཀུན་ལ་རྫོགས་པར་སྨོན། །

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་དབང་ཁྱེད་ལ་འདུད། །དེ་དང་དེ་ཡིས་གང་ལ་གང་རེ་བ། ཡིད་བཞིན་སྐོང་བའི་ནོར་བུ་ཉིད་ལ་འདུད།
    བཟང་བོ་སྤྱོད་པའི་སྨོན་ལམ་མ་ལུས་པ། མར་གྱུར་འགྲོ་བ་ཀུན་ལ་རྫོགས་པར་སྨོན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese