མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼སེང་གེའི་བཀའ་ཤག་གི་མདུན་ལམ༽བླང་དོར་སྒྲིག་གཞིར་འགལ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་༼སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་བརྟེན་ཏེ། ལན་འདེབས་ཚོགས་ཆུང་གི་ལས་བྱེད་བློ་བཟང་ཆོས་འབྱོར་ལགས་མུ་མཐུད་ཉིན་གླའི་ལས་བྱེད་ཀྱི་ངོ་བོར་འདུག་མ་ཐུབ་པར་ལས་མཚམས་འཇོག་དགོས་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་བརྒྱུད་དེ། དབུས་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ལན་འདེབས་ཚོགས་ཆུང་དུ་ཉིན་གླའི་ངོ་བོར་ཕྱག་ལས་གནང་བཞིན་པའི་བློ་བཟང་ཆོས་འབྱོར་ལགས་ཀྱིས་སྤེལ་བའི་གསལ་བཤད་ཅིག་གི་ནང་དུ། ཉེ་ལམ་ཁོང་གིས་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ཚན་པར་༼ སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་དེ་༼ བོད་གཞུང་གི་ལས་བྱེད་རྣམས་ཀྱི་ཐོབ་ཐང་དང་བླང་དོར་སྒྲིག་གཞི ༽དང་འགལ་ཡོད་པའི་ངོས་འཛིན་ཐོག ཁོང་གིས་མུ་མཐུད་ལས་ཀ་བྱ་ཐུབ་མ་བྱུང་བའི་སྐོར་དང་། ཐག་གཅོད་དེ་དྲང་བདེན་བྱུང་མེད་ཚུལ། རྩོམ་ཡིག་དེའི་ནང་སྒྲིག་འགལ་གྱི་གནས་ཚུལ་གང་ཡང་མེད་སྐོར་བཅས་ཀྱི་གསལ་བཤད་གནང་འདུག

བློ་བཟང་ཆོས་འབྱོར་ལགས་ཀྱི་གསལ་བཤད་ནང་། “ གུས་བ་བློ་བཟང་ཆོས་འབྱོར། སྨྱུག་མིང་ཤར་ཕྱོགས་ཁུག་རྟས་ཉེ་སྔོན་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ལེ་ཚན་དུ།༼ སེང་གེའི་བཀའ་ཤག་གི་མདུན་ལམ ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས་ཡུན་རིང་མ་ལོན་པར། བཀའ་ཤག་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོའི་མཚན་ཐོག་ནས་ ༢༠༡༡། ༡༠། ༡༢ ཉིན་འབྱོར་བའི་བཀོད་ཁྱབ་ནང་། “ཉིད་ནས་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་སྤེལ་བའི་རྩོམ་ཡིག་འགོ་བརྗོད་དུ་( སེང་གེའི་བཀའ་ཤག་གི་མདུན་ལམ )ཞེས་པ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འགལ་འཛོལ་བྱུང་འདུག་པས་ལས་བྱེད་ཁོངས་ཉིན་གླའི་ངོ་བོར་མུ་མཐུད་རྒྱབ་གཉེར་ཞུ་ཐབས་བྲལ་འདུག” ཅེས་བཀོད་པ་ཕྲན་ལ་གནང་སྟེ། ལས་མཚམས་འཇོག་དགོས་པའི་བཀའ་ལྕི་ཕེབས།

རྩོམ་ཡིག་དེ་བླང་དོར་སྒྲིག་གཞིའི་དོན་ཚན་གང་དང་འགལ་ཡོད་མེད་དང་། གུས་བ་གཞུང་ཞབས་དང་རང་ཁོངས་ལས་བྱེད་གང་ཡང་མིན་པས་བླང་དོར་སྒྲིག་གཞི་སྲུང་དགོས་ཀྱི་མེད་པ། བཀའ་ཤག་སྐབས་གོང་མས་ཕྲན་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་བསྐོ་གནང་བ་ནས། སྒེར་གྱི་རྩོམ་ཡིག་ལ་བླང་དོར་སྒྲིག་གཞིས་དམ་བསྒྲགས་གནང་གི་མེད་པ། ༼ བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང་། ༽ཞེས་པ་དང་། ༼ སྤྱི་འཐུས་ལྷན་ཚོགས་ལ་དེའི་དབང་ཚད་ཡོད་དམ༽སོགས་བྲིས་ཡོད་པ་དེས་ཡོངས་སུ་གསལ་བཤད་བྱེད་ཐུབ་ཀྱང་། ད་ལམ་བདག་ལ་ཁྲིམས་དང་ལམ་ལུགས་གང་ལའང་མི་མཐུན་པར། སྤྱི་མཚུངས་གདམ་ག་སྟེ།  ཉེན་བརྡ་གསལ་བཤད་སོགས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་ཐད་ཀར་ལས་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་བ་འདིའི་རྒྱབ་ལྗོངས་ཅི་ཡིན་ངེས་རྟོགས་མ་བྱུང་།

ཡིན་ནའང་། དེ་མ་ཐག་ཕྲན་ནས་གང་ཡོང་ཡོང་གིས་བསམ་བློ་བཏང་སྟེ། ༧གོང་ས་མཆོག་གི་གསབ་ཐབས་མེད་པའི་བཀའ་དྲིན་དང་རང་གཞུང་རྩ་ཆེན་ཡིན་པ་རུས་པས་ར་སྤྲོད་བྱ་ཕྱིར། ཕྲན་གྱི་དགོངས་སེལ་དང་གསལ་བཤད་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོས་བཀའ་ཤག་ལ་བསྐྱར་དུ་དགོངས་པ་བཞེས་རྒྱུའི་སྙན་ཞུར་ཕུལ་བ་དང་། ཕྲན་རང་བཀའ་བློན་རེ་རེའི་སར་བཅར་ཏེ་གསལ་བཤད་དང་སྦྲགས་དགོངས་སེལ་ངེས་འདྲོངས་ཐོན་པ་ཞུས་པ་ཡིན་ལ། བཀའ་ཁྲི་མཆོག་དང་ཕྱོགས་ཕེབས་བཀའ་བློན་ཕུད། བཀའ་བློན་གཞན་རྣམས་ཀྱིས་གུས་བས་གསལ་བཤད་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་བྱུང་།

ཕྲན་ནས་བཀའ་ཁྲིའི་སྒེར་དྲུང་བརྒྱུད་ཐེངས་གསུམ་ལ་བཀའ་ཁྲི་མཆོག་ལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཞུས་ཀྱང་། ‘ཞུ་ན་ཞུ་ས་ཡོད་པའི་བཀའ་ཤག་ཡིན་’’ཟེར་མཁན་གྱི་ཁྲི་པ་མཆོག་གིས་ཕྲན་ལ་ཡ་ལན་ཚུལ་མཐུན་ཞིག་ཀྱང་མ་གནང་བའི་ཁར། ཚོགས་གཙོ་མཆོག་ལའང་བཀའ་དྲུང་བརྒྱུད་ནས་ཐག་གཅོད་བྱས་ཟིན་དེ་ལ་འགྱུར་བ་མེད་ཚུལ་བསྐྱར་དུ་ངག་ཐོག་ནས་གསུངས་འདུག ”ཅེས་བཀོད་འདུག

 

ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པ་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་དུ་བཅར་ཏེ། གནས་ཚུལ་དེ་བདེན་པ་ཡིན་མིན་བཀའ་འདྲི་ཞུས་པར་བཅར་འདྲི་དང་ལེན་གནང་མ་སོང་བས། སླར་ཡང་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་གི་དྲུང་དུ་བཅར་ཏེ་བཀའ་འདྲི་ཞུས་པར། ཁོང་གིས་ཀྱང་འདིའི་ཐད་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་ཅེས་བཅར་འདྲི་དང་ལེན་གནང་མ་སོང་། ཕྱི་ཚེས་ ༢༧ ཉིན་དོ་བདག་བློ་བཟང་ཆོས་འབྱོར་ལགས་ལ་ཐུག་འཕྲད་ཀྱིས་བཅར་འདྲི་ཞུས་པར། ཁོང་གིས་གནས་ཚུལ་དེ་དག་དངོས་ཡོད་ཡིན་པ་མ་ཟད། དེ་རིང་ནས་ཁོང་གིས་ལས་མཚམས་བཞག་སྟེ་ལས་ཁུངས་ནས་འཐོན་གྱི་ཡོད་སྐོར་བརྗོད་བྱུང་།

སྐབས་དེར་གསར་འགོད་པས་ཁོང་ལ། གནས་ཚུལ་དེའི་བྱུང་རིམ་དང་། རྩོམ་ཡིག་དེ་བོད་གཞུང་གི་ལས་བྱེད་རྣམས་ཀྱི་བླང་དོར་སྒྲིག་གཞི་དང་འགལ་ཡོད་མེད་དྲིས་པར། ཁོང་གིས་ “ སོ་སོར་ཤེས་འཇོན་ཡོད་མེད་གང་ལྟར་ཡང་། གངས་ཅན་སྐྱིད་གཤོངས་ནས་ལོ་བཞི་ལྷག་གི་རིང་ཞབས་ཞུ་ཞུས་བསྡད་པ་ཡིན། བཀའ་ཤག་གི་ཐག་གཅོད་དེ་ཚོར་དྲི་བ་གཏོང་བའི་ལམ་སྲོལ་ཞེ་དྲག་མེད་པ་གོ་ཐོས་ཡོད། སོ་སོས་གནས་སྟངས་དེ་དག་ཤེས་པའི་སྒང་ནས་སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེའི་ནང་། རང་ཉིད་སྒེར་གྱི་ལངས་ཕྱོགས་དང་ལྟ་གྲུབ་ཡིན་ན་འདྲ་ལ། གཞུང་གི་སྲིད་བྱུས་ལངས་ཕྱོགས་ཡིན་ནའང་འདྲ། དེ་དག་ཚང་མའི་རྒྱ་ལས་མ་བརྒལ་བ་ཞིག་ལ་བསམ་བློ་བཏང་སྟེ་བྲིས་པ་ཡིན། ད་ལྟའི་ཆ་ལ་ཡིན་ནའང་། རྩོམ་ཡིག་གི་ནང་དོན་ཐད་ནས་མགོ་བོ་ནམ་མཁར་བཏེགས་ཏེ་འགྲེལ་བཤད་རྒྱག་རྒྱུའི་སྤོབས་པ་ཡོད” ཅེས་བརྗོད་བྱུང་།

 

ཡང་ཁོང་ལ་རྩོམ་ཡིག་དེར་སྒྲིག་འགལ་གྱི་ཆ་མེད་ན་ཚོགས་གཙོ་ལ་གསལ་བཤད་དང་། མུ་མཐུད་ལས་ཀ་བྱ་ཐུབ་པའི་ལམ་ཁ་འཚོལ་ཡོད་མེད་དྲིས་པར། ཁོང་གིས་ “གནས་ཚུལ་དེ་བྱུང་མ་ཐག་ང་རང་བཀའ་བློན་རྣམ་པའི་སར་བཅར་བ་ཡིན། ཆོས་རིག་བཀའ་བློན་དང་འཕྲོད་བསྟེན་བཀའ་བློན་གཉིས་བཞུགས་མི་འདུག བཀའ་བློན་གཞན་དག་གིས་ངའི་རྩོམ་ཡིག་དེ་བཀླགས་འདུག་ལ། སོ་སོས་ལྷག་བསམ་རྣམ་དག་གིས་གསལ་བཤད་བྱས་སྐབས། ཁོང་རྣམ་པའི་གསན་ཞིབ་གནང་གི་འདུག  ཡིན་ནའང་།  བཀའ་བློན་ཁྲི་པ་མཆོག་གི་སྒེར་དྲུང་ཡོད་སར་སྔ་ཕྱིར་ཐེངས་ ༡༤ ལ་བཅར་ཏེ་རང་ངོས་ནས་དགོངས་སེལ་དང་གསལ་བཤད་ཞུ་རྒྱུའི་རེ་སྐུལ་ཞུས་ཀྱང་གོ་སྐབས་སྤྲད་མ་བྱུང་། རང་གི་ཚོད་ཀྱིས་བསམ་བློ་གང་ཡོང་བཏང་སྟེ་གལ་སྲིད་རྩོམ་ཡིག་གི་ཚིག་འགྲོས་སོགས་ཀྱི་ཐད་ཐུགས་མོས་གནང་གི་མེད་པ་ཡིན་ན། རྦད་དེ་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་ཐོག་ནས་རང་ངོས་ནས་དགོངས་སེལ་ཞུ་ཆོག་པའི་སྙན་ཞུ་ཕུལ་ཏེ་དགོངས་པ་ཞིག་བཞེས་རོགས་ཞུས་པ་ཡིན་ལ། གལ་སྲིད་དགོངས་བཞེས་གནང་ཐབས་མ་བྱུང་བ་ཡིན་ནའང་།  ཟླ་བ་དྲུག་གི་དུས་ཚོད་ནང་ལབ་རྒྱུ་གླེང་རྒྱུ་གང་ཡང་མེད་པའི་ཐོག་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་སྙན་ཞུ་ཞིག་དང་མཉམ་དུ། འབྲེལ་ཡོད་ཚོགས་གཙོའི་རྒྱབ་གཉེར་བཅས་བཀའ་ཤག་ལ་ཕུལ་བ་ཡིན།  ཕྱི་ཚེས་ ༢༠ ཉིན་བཀའ་དྲུང་བརྒྱུད་ང་ཚོའི་ཚོགས་གཙོ་མཆོག་ལ་ངག་ཐོག་ནས་སྔོན་མའི་ཐག་གཅོད་དེར་འགྱུར་བ་མེད་སྐོར་གསུངས་འདུག ང་ལ་ཐར་ལམ་གཞན་གང་ཡང་མ་རག་སྟབས། སོ་སོའི་རྩོམ་ཡིག་དེ་ཁྲིམས་དང་བླང་དོར་སྒྲིག་གཞིའི་རྒྱ་ལས་བརྒལ་མེད་པ་དང་། བོད་སྤྱི་བའི་རྩ་དོན་ལ་གནོད་གཞི་ཏིལ་འབྲུ་ཙམ་ཡང་མེད་པ་ར་སྤྲོད་བྱ་ཆེད་རྩོམ་ཡིག་ཧྲིལ་བོ་དབྱིན་ཡིག་ཐོག་བསྒྱུར་ཏེ། ཕྱི་ཚེས་ ༢༦ ཉིན་སྒེར་དྲུང་བརྒྱུད་བཀའ་བློན་ཁྲི་པ་མཆོག་ལ་འབུལ་དུ་བཅར་སྐབས། བཀའ་བློན་ཁྲི་པ་མཆོག་ཀྱང་དེ་གར་ཕེབས་བཞིན་པ་དང་དངོས་སུ་མཇལ་བྱུང་། སྐབས་དེར་རྩོམ་ཡིག་དབྱིན་སྒྱུར་མ་དེ་ཁོང་ལ་ཕུལ་བ་དང་མཉམ་དུ་ངག་ཐོག་ནས་ཀྱང་གསལ་བཤད་ཞུས་པ་ཡིན། འོན་ཀྱང་། ཁོང་གིས་ངའི་སྐད་ཆར་གསན་འཇོག་མ་གནང་བ་མ་ཟད། ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད་གསུངས་བྱུང” ཞེས་བརྗོད་བྱུང་།

 

དེའི་རྗེས་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གི་དྲུང་དུ་ཡང་བསྐྱར་བཅར་ཏེ། བློ་བཟང་ཆོས་འབྱོར་ལགས་ཀྱི་རྩོམ་ཡིག་དེ་གཞུང་གི་ལས་བྱེད་སྒྲིག་གཞིའི་དོན་ཚན་གང་ལ་འགལ་ཡོད་མེད་དྲིས་པར། ཁོང་གིས་ “ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། འོན་ཀྱང་། བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།” ཅེས་གསུངས་བྱུང་། ཡང་ཁོང་ལ། ཉིན་གླའི་ལས་བྱེད་ལ་གཞུང་ཞབས་སྒྲིག་གཞིའི་ཁྱབ་ཀྱི་ཡོད་མེད་དྲིས་པར། “གཞུང་གིས་ཕོགས་གནང་གི་ཡོད་སྟབས།  གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་གཅིག་མིན་གཅིག་འགྲོ་དགོས་གྱི་ཡོད་པ་རེད། ངས་གོང་དུ་ཞུས་པ་ནང་བཞིན་ཉིན་གླ་དེ་རྫོགས་ཚར་པ་རེད། བསྐྱར་དུ་ཉིན་གླའི་ལས་བྱེད་བསྐོ་བཞག་མ་གནང་པ་རེད།” ཅེས་བརྗོད་སོང་།

མཇུག་དུ་ཁོང་ལ། རྩོམ་ཡིག་དེའི་ནང་སྒྲིག་གཞིའི་བླང་དོར་དང་འགལ་བའི་བརྗོད་བྱ་གང་ཡོད་མེད་དང་། གལ་སྲིད་གཞུང་གི་སྲིད་བྱུས་ལ་སྐྱོན་ཆ་དང་ནོར་འཁྲུལ་ཡོད་ཚེ་ལས་བྱེད་ཚོས་དེ་ཐེར་འདོན་བྱ་ཆོག་མིན་དྲིས་པར།  ཁོང་གིས་ “ རྩོམ་ཡིག་དེའི་ནང་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་དག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། ལས་བྱེད་ཅིག་གིས་སོ་སོ་བཀའ་བློན་ཁྲི་པ་དང་། སོ་སོའི་སྒང་གི་བཀའ་བློན་ཚོའི་སྲིད་ཇུས་དང་དགོངས་པ་བཞེས་ཕྱོགས་ལ་མོས་མཐུན་མེད་པ་ཡིན་ན། སོ་སོའི་ལྟ་བ་དང་མཐུན་གྱི་མི་འདུག་ཅེས་ལབ་སྟེ་ལས་བྱེད་ནས་དགོངས་པ་ཞུ་དགོས་པ་རེད།  ལས་བྱེད་ཟེར་བ་དེ་སྒང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་ལེན་བསྟར་མཁན། མི་མང་ལ་འགྲེལ་བཤད་རྒྱག་མཁན་རེད།” ཅེས་དང་།  “ སྲིད་བྱུས་ལ་ནོར་འཁྲུལ་འདུག་བསམ་ན། སོ་སོས་བཀའ་བློན་ལ་ཐད་ཀར་ཞུ་དགོས་པ་རེད།  ང་རང་གི་བསམ་ཚུལ་ལྟར་ན། མི་མང་དང་སྤྱི་ཚོགས་ལ་དངོས་གནས་སེམས་ཁྲལ་ཡོད་པ་ཡིན་ན། བཀའ་བློན་ཡོད་སར་བཅར་དེ་སོ་སོའི་བསམ་ཚུལ་གང་ཡོད་མེད་དང་། ལས་དོན་གནང་སྟངས་ག་འདྲ་བྱ་དགོས་མིན་ཞུ་དགོས་པ་རེད། དེ་ལྟར་མ་བྱས་པར་ཕྱི་ལོག་ལ་བཤད་བསྡད་པ་ཡིན་ན་དེ་སྒྲིག་གཞི་དང་འགལ་གྱི་ཡོད་པ་རེད།” ཅེས་གསུངས་བྱུང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 117

  1. རིག་རང་སྐྱེས། says:
    ལོ་ 14 སྔོན།

    བློ་སེང་འདིས་སྨྲ་བརྗོད་རང་དབང་ཟེར་བ་དེ་གང་འདྲ་ཞིག་ལ་ངེས་འཛིན་བྱེད་ཀྱིན་ཡོད་ན། ཁོས་སྨྲ་བརྗོད་རང་དབང་ལ་གཏོར་བཤིག་གཏོང་གི་འདུག ཆུ་མགོ་ནས་རྙོག་ན་གཞུག་ནས་མི་དངས།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལན་འདེབས་ཚོགས་ཆུང་ཟེར་བ་འདི་་་་དྲ་ཐོག་ཏུ་བོད་མི་རྒྱལ་གཅེས་པ་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམས་ལྟ་བུ་སོགས་སུ་དགག་པ་རྒྱབ་མཁན་དང་། གཞོན་ནུ་དང་རང་བཙན་ལས་འགུལ་བ་སོགས་སུ་སྨྱུག་མིང་དང་རྫུན་མིང་གིས་འོག་ནས་གཏོར་རྒོལ་བྱེད་མཁན་འདྲ་པོ་རེད།

    འགའ་རེ་བྱ་བྱེའུ་ཡི་མིང་ཐོག་ནས་ཡོང་གི་ཡོད་ལ་་་འགའ་རེ་འདྲེ་དང་བཙན་གྱི་མིང་ཐོག་ནས་ཡོང་གི་ཡོད་། མིང་ལྷག་འདྲ་མིན་གྱི་འོག་ནས་བོད་ཡིག་དྲ་རྒྱ་ཁག་ཏུ་གཡས་དཀྲུགས་གཡོན་དཀྲུགས་བྱས་པ་ཉུང་ཉུང་མིན།

    ལན་འདེབས་ཚོགས་ཆུང་ཟེར་བ་འདི་དགོས་དང་མི་དགོས་བཀའ་ཤག་གསར་པས་བལྟ་གི་རེད་་་་མ་གཏོགས་ཁྱེད་ལ་འདི་དགོསའདི་མི་དགོས་ཞེས་ཐག་གཅོད་པའི་དབང་ཚོད་ག་རེ་ཡོད་དམ། གཅིག་རེད།

    གཉིས་ནས་ཁྱོད་ཀྱིས་གསུངས་པ་ལྟར་རྒྱ་ནག་གཞུང་ལ་ལན་འདེབས་ཚོགས་ཆུང་དེ་དགོས་ངེས་ཡིན་སྲིད་ཀྱང་་་་བོད་མི་རིགས་དང་བོད་རྒྱལ་ཁབ་བོད་མི་རྒྱལ་གཅེས་པ་ཚོའི་ཆེད་དུ་དགོས་ངེས་ཡིན་པའི་གནད་ལུགས་མེད་ལ་བྱས་རྗེས་ཀྱང་དེ་བས་མེད་དོ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་གཞུང་ལ་ལན་འདེབས་ཚོགས་ཆུང་དེ་མུ་མཐུད་དགོས་ངེས་ཡིན། ཤར་ཕྱོགས་ཁུག་རྟ་རང་ཡང་དོན་འདིར་སྤྲོ་བ་བརྟས་ཡོད། ནུས་པ་ཡང་ཐོན་གྱིན་པ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་གནང་བའི་ཡིག་ཆ་ལས་གསལ་རྟོགས་ཐུབ། དེ་བས་གོང་རིམ་ནས་གཞུང་དོན་ལན་འདེབས་དེ་ཉིད་གལ་ཆེར་བརྩིས་ནས་ཁོ་ལ་རྩོམ་ཡིག་སྤེལ་ཕྱོགས་ལ་མཛུབ་སྟོན་ཞིག་གནང་སྟེ་ཁུག་རྟའི་བསམ་སྤྱོད་ལ་གཅིག་བལྟས་ནས་དེ་ནས་མི་ཡོང་ན་ལས་ཡུན་རྫོགས་པ་དང་མཉམ་དུ་ཁ་རོག་བཞག་བཞག་ན་ཡང་འོས་པ་ཞིག་རེད་མོད། གོང་རིམ་ནས་བསམ་ཤེས་མ་གནང་བར་ལས་ཡུན་མ་རྫོགས་གོང་གི་ཟླ་གཅིག་ལྷག་སྔོན་ལ་ཁྲིམས་འགལ་གྱི་ཉེས་མིང་འོག་ནས་ལས་མཚམས་འཇོག་དགོས་པའི་བཀའ་བཀོད་འདི་ཅུང་ཐལ་དྲགས་མི་འདུག་གམ། འདི་ལྟར་བྱས་པས་གཞུང་སྒེར་གཉིས་ལ་ཕན་རླབས་ཆེའམ།
    གནད་དོན་འདི་མི་གཅིག་གི་ཁ་ཕོར་ཙམ་ཞིག་གི་ཆེད་དུ་མིན་པར་ཤེས་ཡོན་ཅན་ཚོའི་་ལས་སྐལ་ལ་ཐུག་པ་ཞིག་ལ་ངོས་འཛིན་གྱིན་ཡོད།
    ངའི་རེ་བ་ལ་གོང་རིམ་ནས་ཐབས་མཁས་དང་དཀྱེལ་ཡངས་སྒོས་ཤེས་ཡོན་ཅན་ལ་བདག་སྐྱོང་དགོས་རྒྱུ་གལ་ཆེར་མཐོང་གིན་ཡོད། དེ་ཡང་བཀའ་ཁྲི་སྔོན་མས་ཤེས་ཡོན་ཅན་ཚོར་མཐོང་ཆེན་དང་བདག་སྐྱོང་གནང་ཚུལ་ལ་མིག་དཔེ་བལྟ་འོས།
    གང་ལྟར་ཐེངས་འདིའི་གླེང་སློང་འདི་རིགས་ཀྱིས་གོང་རིམ་དབུ་ཁྲིད་ཁག་ཅིག་ལ་མ་འོངས་པར་ཤེས་ཡོན་ཅན་ལ་ལྟ་སྟངས་ཡག་པོ་དང་བྱེད་ཐབས་འོས་འཚམས་བཀོལ་ནས་ཕྱག་ལས་གནང་དགོས་པའི་ཉམས་མྱོང་ཞིག་རག་ཡོད་པ་དང་དེ་བཞིན་ཤེས་ཡོན་ཅན་ཚོས་ཀྱང་གོང་རིམ་གྱི་ཞབས་འོག་ནས་སྙུག་རྩེ་ཇི་ལྟར་འཁྱུག་དགོས་པའི་བསླབ་བྱ་ཞིག་ཐོབ་ཡོད་པས། དེ་ནི་སྐབས་དོན་གྱི་དགོས་ཕན་ཡང་ཡིན།
    བཀའ་ཤག་གསར་བས་ཞིབ་འཇུག་ཁང་ཞིག་གསར་འཛུགས་གནང་རྒྱུའི་ལས་འཆར་དེ་གང་མྱུར་དབུ་འཛུགས་ཡོང་རྒྱུའི་རེ་བ་ཡོད། རང་ཉིད་ལ་མཚོན་ན་ཡང་དེའི་ནང་ལ་ཆ་ཤས་ལེན་འདོད་ཡོད། རྒྱབ་སྐྱོར་ངོ་མ་དེ་གཞུང་གི་ལས་ཀ་གང་རུང་རེའི་ནང་ལ་སོ་སོས་ནུས་པ་དངོས་སུ་འདོན་རྒྱུ་དེ་ཡིན་པར་ངོས་འཛིན་གྱིན་ཡོད། འོན་ཀྱང་ད་དུང་ཡང་གོང་རིམ་དང་འོག་རིམ་གང་ཞིག་ཡིན་ཡང་སྤྱི་ཚོགས་ཀྱི་ཞན་ཆ་དང་ནོར་འཁྲུལ་ལ་ཐེར་འདོན་གྱི་སྙུག་ཁ་གཏད་ཐག་གཅོད་ཡིན།

    Reply
  4. ནད་པ says:
    ལོ་ 14 སྔོན།

    གཞུང་དང་། ཚོགས་པ། ཁྱིམ་ཚང་བཅས་གང་ཞིག་ཡིན་ན་ཡང་།

    ནང་དུ་བཀྲ་མི་ཤིས་ན། ཕྱི་རུ་དོན་མི་འགྲུབ།
    ནང་དུ་བཀྲ་ཤིས་ན་ཕྱི་རུ་དོན་འགྲུབ།

    Reply
  5. འཇིག་རྟེན་ says:
    ལོ་ 14 སྔོན།

    རང་ཁ་གསེར་གྱི་སྒོ་མོ་ནས་རང་སྲོག་བཅད་པའི་རྟ་རེ་ཞེས་བའི་དཔེ་ལྟར་དྲང་མོ་བཤད་ན་སྤྱི་ཚོགས་ཀྱི་གནས་བབ་དང་འཁོར་ཡུག་ཐམས་ཅད་ལ་དཔྱད་གསུམ་ཀྱིས་དག་མི་དག་ཡག་པོ་ཞིག་ལྟོས་ནས་ཁྱོད་ཀྱིས་གང་ལ་སྐྱོན་བརྗོད་བཤད་འདོད་ན་དེ་ལ་བཤད་ཆོག་མོད་ཁ་བདེ་བ་དང་འབྲི་ཤེས་བ་ཙམ་ཀྱིས་གཞུང་དང་ཚོགས་བ་ལ་སྐྱོན་བཏགས་པ་སྟེ་རང་མགོ་རང་གིས་བཅད་པ་མ་ཡིན་ནམ་གང་ལྟར་གྱོང་རག་ས་དེ་ཁྱེད་རང་རེད་ཡིན་ན་ཡང་ཁྱེད་ཀྱིས་བཤད་པ་དག་ལ་རྒྱུ་མཚན་ཅིག་གྱང་མེད་པ་ཞིག་མཐོང་མ་སོང་།

    Reply
  6. ཚང་མ། says:
    ལོ་ 14 སྔོན།

    ཁ་ནས་བཤད་ན་འཛམ་གླིང་དབང་དུ་སྡུད།།
    ལག་ཏུ་བཞག་ན་གང་ཡང་འཇོན་རྒྱུ་མེད།།
    ཁ་བཤད་ལག་ལེན་རྒྱབ་འགལ་ཆེར་སོང་བས།།
    བོད་མིའི་ཡ་རབས་བཟང་སྤྱོད་ཡོངས་སུ་འགལ།།

    Reply
  7. བློ་འཕེལ། says:
    ལོ་ 14 སྔོན།

    བློ་སེང་ནག་པོ་ཡིན་ནའང་དཀར་པོ་བཟོས་བསྡད་པ་ཡིན་ན། ནོར་འཁྲུལ་ཚབ་ཆེན་པོ་རེད། ནག་པོ་མ་ཡིན་པ་ནག་པོ་བཟོས་མི་རུང་ཀྱང་། ནག་པོ་ཡིན་ན་་་ནག་ས་དེ་ཁོ་རང་དང་སྤྱི་ཚོགས་ལ་གསལ་སྟོན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། སྐྱོན་དང་ནོར་འཁྲུལ་རིགས་འགེབས་རྒྱུ་མང་དྲགས་ནས་ཆིག་སྟོང་དགུ་བརྒྱ་ལྔ་དགུ་ལོར་མཐར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བ་རེད།

    Reply
  8. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    གང་ལྟར་ཀྱང་དམངས་གཙོ་ཆ་མ་ཚང་བ་དང་སྤྱི་ཚོགས་རྙིང་བ་རོ་ལངས་རྒྱག་པའི་གོམ་པ་དང་བོ་སྤོས་ཚར་བ་རེད།
    དམངས་གཙོ་རྒྱལ་ཁབ་ཞིག་གི་ཁེ་དབང་ལ་ཞིབ་ཏུ་བལྟ་དགོས་ཀྱིན་འདུག།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ད་དུང་སྲིད་འཛིན་བློ་བཟང་སེང་གེས་བོད་ཡག་པོ་ཤེས་ཀྱི་མི་འདུག་ཟེར་ནས་སྐྱོན་བརྗོད་བྱེད་མཁན་འདུག་་་་ངས་བསམ་ཚུལ་བྱས་ན་སྐྱོན་བརྗོད་དེ་ཚོ་དུས་ལས་འདས་ཟིན་པ་རེད་་་ཚང་མས་འོས་བསྡུའི་སྔོན་ནས་ཤེས་ཀྱི་ཡོད་པ་རེད།

    ད་ལྟ་སྐབས་སུ་སྐྱོན་བརྗོད་བྱེད་མཁན་ཚོས་ཚིག་འདིར་སློབ་སྦྱོང་བྱོས།
    སྐད་ཆ་སྔོན་དུ་བཤད་ན་དྲང་པོ་རེད།
    རྗེས་སུ་སྐྱོན་བརྗོད་བྱེད་ན་དཀྲུག་དཀྲུག་རེད།

    བསམ་བློ་སྔོན་དུ་བཏང་ན་མཁས་པ་རེད།
    འགྱོད་པ་རྗེས་སུ་སྐྱེས་ན་ལྐུག་པ་རེད།

    བློ་བཟང་སེང་གེས་མཛད་སྒོའི་ཐོག་ཏུ་བོད་ཡིག་བཀླགས་དུས་ངོ་མ་དགའ་པོ་བྱུང་། སེང་གེས་བོད་ཡིག་ཡག་པོ་དེ་འདྲ་ཤེས་ཀྱི་ཡོད་རེད་བསམ་བསམ་མ་བྱུང་། ངས་ནི་སེང་གེ་ལས་ལྷག་བོད་ཡིག་བཀླགས་ཐུབ་ཀྱི་མེད།
    མདོ་དོན་བོད་དྲི་ཡལ་མི་འདུག་་་་་ཡར་རྒྱས་གཏོང་ཆོག་ཆོག་འདུག་སྙམ་པ་ཞིག་རེད། སེང་གེ་ལོ་ལྔ་ཡི་ནང་དུ་བོད་ཡིག་ཡར་རྒྱས་ཡང་འགྲོ་ངེས་རེད།
    ཐུགས་འཁྲུལ་དགོས་པ་དེ་ཙམ་མ་མཐོང་ངོ་།།།།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དྲ་གྲོགས་་་ཡ་མཚན་ཅན་མཐོང་ལགས།
    སྤྱིའི་ཆ་ནས་ང་ཅོ་རིས་བོད་ཡིག་ཡག་པོ་ཞིག་ཤེས་ཀྱི་མེད་ཏེ་དྲ་རྩོམ་ཀློག་ཐུབ་ཙམ་ཡོད། ཡིན་ནའང་ཁྱེད་ཀྱིས་བྲིས་པའི་དྲི་བ་ཞིག་ཚོད་དཔག་བྱས་ནས་ལན་ཕུལ་གྱི་ལས་ཐབས་ཤེས་གཞན་ང་ལ་མི་འདུག

    ཁྱེད་ཀྱིས།
    སྔོན་མ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་ སྐུ་ཉིད་ཀྱི་ སྐབས་བབས་བཀའ་ཁྲི་བློ་སེང་མཆོག་ལ་མཆོད་བསྟོད་གནང་པ་ནང་བཞིན་མ་ཡིན་ནམ་??????????????????????????????????????????????་ཞེས་པ་འདིའི་ཚིག་འགྲོས་སུ་བལྟས་ན་་་་དོན་དག་ངོ་མ་ཤེས་མ་སོང་།
    ཡིན་ནའང་་ངས་ཚོད་དཔག་གཅིག་བྱས་ན་་་་ཁྱེད་ཀྱིས་འདོད་པ་ངོ་མ་ང་ཅོ་རིས་བཀའ་ཟུར་ཟམ་གདོང་མཆོག་ལ་སྐྱོན་བརྗོད་བྱས་མྱངས་ཡོད་པ་དང་དེང་སང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་སྐྱོན་བརྗོད་མ་བྱེད་ཞེས་བཤད་ཀྱི་ཡོད་པ་གཉིས་ནང་འགལ་འདུག་གསུངས་ཀྱི་ཡོད་པ་མིན་ནམ་སྙམ་པའི་ཚོད་དཔག་བྱས་པ་ཡིན།

    ཡིན་ན་་་ཟམ་གདོང་བླ་མས་བཀའ་ཁྲིའི་གོ་གནས་བཞེས་པ་དང་བློ་བཟང་སེང་གེས་བཀའ་ཁྲིའི་གོ་གནས་བཞེས་པ་གཉིས་མི་འདྲ་བའི་ཁྱད་པ་ཡོད། བཀའ་ཁྲི་བློ་བཟང་སེང་གེ་མཆོག་ནི་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་འཛིན་གྱི་རྒྱུད་འཛིན་ཡིན། སྲིད་སྐྱོང་སྟག་བྲག་བའི་ལག་ནས་སྲིད་ཀྱི་བདག་དབང་འགན་ཚུར་བཞེས་པ་དེ་ཕར་བློ་བཟང་སེང་གེ་མཆོག་ལ་བརྩིས་འབུལ་གནང་ཡོད་པས་་་་ད་ལྟའི་ཆ་བོད་ཀྱི་སྲིད་འཛིན། བོད་ཀྱི་བཀའ་ཁྲི། བོད་ཀྱི་སྲིད་སྐྱོང་བ། བློ་བཟང་སེང་གེ་མ་གཏོགས་སུ་ཡང་མེད། འདི་དངོས་གནས་རེད།

    བཀའ་ཁྲི་ཟམ་གདོང་བླ་མ་དེ་འདྲ་མ་རེད། ཁོང་བཀའ་ཁྲི་རེད་མ་གཏོགས་གཞན་དག་དེ་ཚོ་མ་རེད། འོས་བསྡུའི་ལམ་ནས་བྱུང་བ་འདྲ་ཡང་བྱུང་སྟངས་མི་འདྲ། བཀའ་ཁྲི་ཟམ་གདོང་བླ་མ་་རྨོངས་དད་ཀྱི་དྲི་ངན་འོག་ཏུ་འོས་བསྡུ་བྱས་ནས་བྱུང་བ་ཞིག་་རེད།
    བློ་བཟང་སེང་གེས་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་དང་རྩ་དོན་གསུམ་བཤད་ནས་བཀའ་ཁྲིའི་འོས་ཐོབ་སོང་བ་རེད། གཞོན་སྐྱེས་ཚོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། སྤྱི་ཚོགས་ཐོག་ཏུ་གླེང་སློང་ཤུགས་ཆེན་བྱས་པ་རེད། ཐག་རིང་པོ་མ་རེད། ཟླ་བ་དྲུག་བདུན་གྱི་སྔོན་དུ་རེད།

    སྐབས་དེར་དེང་ང་ཅོ་རིས་ངོས་ནས་བློ་བཟང་སེང་གེ་ལ་དགག་པ་ཤུགས་ཆེན་བརྒྱབས་པ་ཡིན། བློ་སེང་གིས་བོད་ཡིག་པོ་ཤེས་ཀྱི་མི་འདུག་ལབ་མྱངས་ཡོད། སྐད་ཆ་ལ་ཆ་བཞག་མི་འདུག་ལབ་མྱངས་ཡོད། མཐའ་ན་རྒྱ་བློ་སེང་ཞེས་པའི་རྩོམ་ཡིག་ཞིག་ཀྱང་བྲིས་མྱངས་ཡོད། ད་ལྟ་ཡང་དྲ་ཐོག་ཏུ་བཞག་ཡོད།

    ཡིན་ནའང་བློ་སེང་དང་བཀྲས་མཐོང་གཉིས་གདམ་ཁ་སྐོར་བ་མ་གཏོགས་བློ་སེང་གི་སྐད་ཆ་ཚང་མ་ལ་རྒྱབ་སྐྱོར་མེད་པ་་་དེ་འདྲ་མིན། གནས་སྟངས་དེ་འདྲ་ཞིག་རེད། ངའི་ལྟ་གྲུབ་གང་ཡིན་ཡང་་་་དོན་ངོ་མ་བློ་སེང་གིས་འོས་བསྡུའི་རྒྱལ་ཁ་ཐོབ་པ་རེད། མང་གཙོ་རེད།

    མང་གཙོ་ལ་རང་ངོས་ནས་གུས་བཀུར་བྱེད་དགོས་པ་ཡང་དངོས་ཡོད་གནས་ཚུལ་རེད། བློ་སེང་ངའི་འོས་མི་མིན་པས་རྒྱབ་སྐྱོར་མི་བྱེད་པ་དེ་འདྲ་སྡོད་ན་མང་གཙོ་ལ་གོ་རྟོགས་མེད་པ་དང་གུས་ཞབས་མེད་པ་རང་ཡིན་པར་ངོས་འཛིན་དགོས་ཀྱི་རེད། བྱས་ཙང་་་མང་གཙོ་ལ་གུས་བཀུར་ཞུ་གིན་ཡོད།

    སྤྱིའི་ཆ་ནས་མཐོ་བཀའ་ཁྲི་ཡིན་ནའང་འདྲ། དམའ་དྲ་འབུལ་ཞིག་ཡིན་ནའང་འདྲ། སྐྱོན་བརྗོད་སུ་ལ་ཡང་བྱེད་ཆོག་དང་ཆོག ཡིན་ནའང་ཁུག་རྟའི་གནད་དོན་གྱི་ཐོག་ཏུ་བཀའ་ཁྲི་བློ་བཟང་སེང་གེ་ལ་མཐོང་ཆུང་དང་དམའ་འབོད་་་་གནད་ལུགས་མེད་པའི་ཐོག་ནས་བྱས་ཡང་དུས་སུ་ཡག་པོ་ཞིག་དང་ལྷག་བསམ་ཡོད་པ་ཞིག་ཏུ་མཐོང་གི་མི་འདུག་ལགས།
    ཤོག་བུའི་སེང་གེ་ཟེར་བ་དང་་་་་་སེང་གེའི་བཀའ་ཤག་གི་མདུད་ལམ་་་ཞེས་བྲིས་ནས་དྲ་ཐོག་ཏུ་འུ་བརྒྱབས་ཀྱི་ཡོད་དུས་་་་བསམ་བློ་ཡག་པོ་ཞིག་བཏང་ཐུབ་མཚམས་་་་་་སེང་གེའི་་བཀའ་ཤག་འདི་རང་གི་བཀའ་ཤག་རེད་འདུག་ལ་་་་བོད་མི་རིགས་ཀྱི་བཀའ་ཤག་ཀྱང་མིན་འགྲོ་བསམ་པ་ཞིག་རེད་འདུག་་་་རེད་དམ།???

    སོ་སོས་འོས་བླུགས་་་་་སེང་གེ་འོས་ཐོབ་་་་ད་ཤོག་བུའི་སེང་གེ་ཟེར་ན་་སོ་སོའི་མ་རེད་པས། གནད་ལུགས་འདི་དག་གིས་བདེ་པོ་ཞིག་མི་འདུག
    ཐུགས་རྗེ་གཟིགས།

    Reply
  11. རྟ་མགྲིན་རྡོ་རྗེ། says:
    ལོ་ 14 སྔོན།

    For your knowledge.
    བློ་བཟང་སེང་གེའི་༼རྒྱ་ནག་གི་ཨོ་བྷ་མ་༽ཞེས་བའི་གཏམ་བཤད་ལ་ཞིབ་འཇུག
    བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ། (By Editors of the Tibetan Political Review)
    ཚེ་རིང་དོན་གྲུུབ་ཀྱིས་བསྒྱུར།

    བཀའ་བློན་ཁྲི་བའི་འོས་བསྡུའི་འགྲན་བསྡུར་ལ་སེའེ་ར་པེ་ལིན་(Sarah Palin)ལ་བྱུང་བའི་ཐོག་མའིི་དོན་རྐྱེན་དེའི་རང་བཞིན་ལྡན་པ་དང་བློ་བཟང་སེང་གེ་དང་འཇམ་དབྱངས་ནོར་བུ་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ། སེའེ་ར་པ་ལིན་ནི་ཕྱི་ལོ་༢༠༠༨ལོའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་གཞི་ལས་ཕམ་ཁ་མྱོང་མཁན་དེ་ཡིན་ཞིང་ཁོ་མོས་ཨུ་རུ་སུ་(Rassia)མོ་རང་གི་གཟིམ་ཤགས་ཨེ་ལ་སི་ཀ་(Alaska)ནང་ཡོད་པ་ནས་གཟིགས་ཐུབ་ཀྱི་ཡོད་ཙང་མོརང་ལ་ཕྱི་འབྲེལ་གྱི་ཉམས་མྱོང་ལྡན་ཡོད་ཞེས་བརྗོད། སྐད་ཆ་དེེས་ཁོ་མོའི་འཛིན་སྐྱོང་གི་དུས་ཡུན་ཕྱེད་ཀའི་རིང མོའི་ཞན་ཆ་དེ་དག་གནས་སྐབས་རིང་མི་མང་གི་སྐྱོན་བརྗོད་ལས་མཐར་ཐུབ་པ་བྱུང་བ་རེད། ཀློག་པ་པོ་ཚོས་མཁྱེན་གསལ་བཞིན་འཇམ་དབྱངས་ནོར་བུས་བདེན་མཐའ་སྐྱོང་བ་དེ་ནི་བློ་བཟང་སེང་གེ་ལགས་ཀྱིས་ཁོ་ནི་རྒྱ་ནག་གི་ཨོ་བྷ་མ་(Obama)བྱེད་འདོད་ཡོད་ཅེས་བརྗོད་པ་དེ་རེད། ཉན་ཞིབ་པ་ཁ་ཤས་ལ་མཚོན་ན་ཚིག་དེ་གསན་དུས་བློ་བཟང་སེང་གེ་ནི་རེ་འདུན་ཚད་བརྒལ་བྱེད་མཁན་ཞིག་གམ་ཡང་ན་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་བོ་འདུག་ཅེས་བརྗོད་སྲིད་པ་རེད། རྒྱ་ནག་གི་ཨོ་བྷ་མ་ཞེས་བའི་གླེང་གཞི་དེས་རྣོ་ངར་ཅན་གྱི་གླེང་སྟེགས་ཤིག་བསྐྲུན་ཡོད་པ་དང་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པ་(Editors of the Tibetan Political Review )ཚོ་ལ་མཚོན་ན་སྐད་ཆའི་འཐབ་རྩོད་འདི་ཙམ་གྱིས་གོ་རྟོགས་ལྡན་པའི་འོས་བླུགས་མཁན་ཚོ་ལ་དེ་འདྲའི་ཤུགས་རྐྱེན་ཐེབས་མི་ཐུབ་པའི་ཡིད་ཆེས་ཡོད། དེར་བརྟེན་ཚིག་དོན་འདི་ལ་གོ་བ་ལོག་པར་མི་ལེན་པའི་ཆེད་ང་ཚོས་བློ་བཟང་སེང་གེ་ལགས་ཀྱིས་དངོས་གནས་ག་རེ་བརྗོད་ཡོད་པ་ལ་འཚོལ་ཞིབ་བྱས་པ་དང་། ང་ཚོས་འོས་བླུགས་མཁན་ཚོས་འོས་མི་ཚོ་ཆབ་སྲིད་ཀྱི་ལང་ཕྱོགས་ཐོག་ནས་ཐག་གཅོད་བྱེད་རྒྱུ་ལས་དཀྲོག་གཏམ་ལ་ཡིད་ཆེས་བྱས་ཏེ་ཧོར་རྒྱུགས་མི་བྱེད་པའི་རེ་བ་བྱེད་ཀྱིན་ཡོད།

    བློ་བཟང་སེང་གེ་ཡི་དབུ་མའི་ལམ་དང་བོད་རྒྱ་མཉམ་གནས།
    བློ་བཟང་སེང་གེ་ལགས་ཀྱིས་འཇམ་དབྱངས་ནོར་བུ་ལ་ཁོང་གིས་རྒྱ་ནག་གི་ཨོ་བྷ་མ་ཞེས་བ་ནི་རྩེད་མོ་ཞིག་གི་ངོས་ནས་བཤད་པ་ལས་དོན་དངོས་ཀྱི་སྐད་ཆ་ཞིག་མིན་པའི་ལན་འདེབས་བྱས་ཡོད་པ་དང་། ང་ཚོའི་ཞིབ་འཇུག་ལ་གཞིགས་ན་དེ་ནི་བདེན་པ་ཞིག་ལ་མངོན། འོན་ཀྱང་རྩེད་མཚར་མིན་པའི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིག་ནི་བློ་བཟང་སེང་གེ་ཡི་བསམ་ཚུལ་ལྟར་ན་བོད་ནི་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱ་རྒྱུ་དེ་ཡིན་མོད་ཀྱང་ཁོང་གི་བསམ་ཚུལ་འདི་ད་དུང་བོད་མི་མང་འོས་ཤོག་བླུགས་མཁན་རྣམས་ལ་གསལ་བོ་ཞུས་མེད་པ་དང་ཁོང་ཚོས་གནས་ཚུལ་འདི་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་མི་དམངས་ཀྱི་འདོད་པ་ཡིན་ཡང་གནས་ཚུལ་འདི་ངེས་པར་དུ་མི་དམངས་ལ་ཞུ་དགོས་བ་ཞིག་རེད། གནད་དོན་འདི་བོའུ་སྒྲི་བེལ་སོན་སྟེ་གནས་ཁང་(Woodrow Wilson Center )དུ་བློ་བཟང་སེང་གེ་ལགས་ཀྱིས་འདུ་འཛོམས་བགྲོ་གླེང་ཞིག་གི་སྐབས་བཀའ་མོལ་གནང་བ་ཞིག་ཡིན་ལ་འདི་ནི་ཕྱི་ལོ་༢༠༠༨ ལོའི་ཟླ་བ་བཅུ་བའི་ཚེས་༢༧ ཉིན་ཏེ་ཨོ་བྷ་མ་སྲིད་འཛིན་གྱི་འོས་ཤོག་གི་རྒྱལ་ཁ་མ་ཐོབ་སྔོན་གྱི་ཉིན་བརྒྱད་པ་དེ་ཡིན། སྐབས་དེའི་བགྲོ་གླེང་གི་བརྗོད་གཞི་ནི་ ༢༠༠༨ དཔྱིད་ཀའི་བོད་མའི་ཡར་ལངས་ཀྱི་མཇུག་འབྲས་ཐོག་བཟུང་བའི་རྒྱ་ནག་གི་སྲིད་བྱུས་ཟེར་བ་དེ་ཡིན་ལ་། བློ་བཟང་སེང་གེ་ཡིས་བརྗོད་དོན་འཇམ་དབྱངས་ནོར་བུ་ཡིས་བགྲོ་གླེང་འཛུལ་ཞུགས་པ་རྣམས་ལས་དངོས་ཡོད་གནས་ལུགས་འཚོལ་བའི་བསམ་ཚུལ་བཏོན་ཡོད། སྟབས་ལེགས་པ་ཞིག་ལ་ད་དུང་ཡིད་ཆེས་བྱ་འོས་བའིགནས་ཚུལ་ཁུངས་ལྡན་ཞིག་ཡོད་པ་ནི་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཉིན་དེར་བྱུང་བའི་སྒྲ་ཕབ་ཀྱི་འཁོར་ཐག་(tape recording of the speech)ཅིག་ཡོད། འདི་ནས་ང་ཚོས་སྒྲ་ཕབ་ཡིག་ཆ་ཐུང་ཐུང་ཞིག་གཟིགས་འབུལ་ཞུ་ཡི་ཡོད།

    བློ་བཟང་སེང་གེ་ལགས་ཀྱིས་སློབ་དཔོན་ཆེན་མོ་ཨི་ལོ་ཁྲི་སུ་པར་ལིན (Eliot Sperling ) དང་ཨ་ལན་ཁཱར་སོན་ (Allen Carlson)གཉིས་ཀྱི་རྗེས་གཏམ་གླེང་གསུམ་པ་དེ་འགོ་འཛུགས་བྱས།
    ངའི་བསམ་ཚུལ་ལ་བོད་དང་ཨོ་བྷ་མ་གཉིས་དང་འབྲེལ་བའི་གཏམ་ཞིག་གླེང་ན་འགྲིག རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་ལོ་༦༠འཁོར་བ་དང་ཨ་རི་ནིི་མི་རིགས་ནག་པོ་ཞིག་གིས་སྲིད་འཛིན་གྱི་ལས་གནས་བཟུང་པའི་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་དེ་རེད། ཁྱེད་ཀྱིས་བོད་ཀྱི་གནས་བབས་ལ་ཅིག་གཟིགས་དང་། ང་ཚོས་རྒྱ་ནག་ལ་རྒྱ་ནག་གི་སྲིད་འཛིན་རྗེས་མ་དེ་བོད་མི་ཞིག་བསྡད་ན་འགྲིག་གམ། ཡང་ན་རྒྱ་ནག་གི་སྲིད་བློན་དེ་བོད་མི་ཞིག་བྱས་ན་འགྲིག་གམ་ཞེས་དྲི་བ་ཞིག་བཏང་ན། ནམ་ཡང་ཡོང་སྲིད་ཀྱི་མ་རེད་ཅེས་བའི་ལན་ཞིག་འདེབས་ངེས་མ་རེིད་དམ་། ཞེས་བཤད་པ་དང་དེ་ནས་བློ་བཟང་སེང་གེ་ཡིས་གཏིང་ཟབ་པོའི་སྒོ་ནས་ཨ་རའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་གྲངས་ཉུང་མི་རིགས་ཀྱི་བདག་དབང་ཅི་ལྟར་ཡར་རྒྱས་ཕྱིན་སྐོར་དང་རྒྱ་ནག་ནང་བོད་རྩིས་བའི་གྲངས་ཉུང་མི་རིགས་དག་ལ་རྒྱལ་ཁབ་ཀྱི་གནས་རིམ་ལ་སླེབས་རྒྱུ་ཕར་བཞག་མཐའ་ན་ས་ཁུལ་གྱི་གནས་རིམ་ལ་སླེབས་མེད་པའི་གྲོས་འཆར་བཏོན་ཡོད། བློ་བཟང་སེང་གེ་ལགས་ཀྱིས་ད་དུང་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་འཛིན་པའི་རྩ་ཁྲིམས་དང་། རང་སྲིད་རང་སྐྱོང་སྐོར་ལའང་གྲོས་བསྡུར་བྱས་ཡོད་པ་དང་རྒྱ་ནག་གིས་ངེས་པར་དུ་རྩ་ཁྲིམས་དག་ལག་ལེན་ལྟར་དགོས་བའི་བགྲོ་གླེང་བྱས་ཡོད། ༼ངས་འདི་ལྟར་བརྗོད་དོན་ཅི་ཞིག་ཡིན་ཞེས་ན། ཨ་རིའི་མི་རིགས་ནག་པོ་ལ་མཚོན་ན་ཨ་རིའི་སྲིད་གཞུང་གི་ནང་དུ་སྐུ་ཚབ་ཡོད་པ་དང་དང་ཡར་རྒྱས་ཀྱི་རྩེ་མོར་སླེབས་ཡོད། བོད་མི་རིགས་ལ་ཆ་མཚོན་ན་ཉམས་རྒུད་དུ་འགྲོ་བཞིན་ཡོད། ངས་སླར་ཡང་བོད་དང་ཨོ་བྷ་མ་གཉིིས་ཀྱི་འབྲེལ་བའི་གཏམ་ཞིག་བཤད་ན། ཁྱེད་ཀྱིས་མཁྱེན་གསལ་ལྟར་རྒྱ་ནག་ནི་ཨ་རི་ལྟ་བུར་སྟོབས་འབྱོར་ལྡན་པ་ཞིག་བྱེད་འདོད་ཀྱིན་ཡོད་ལ། འོན་ཀྱང་རྒྱ་ནག་གིས་ཨ་རི་ལ་ཡོད་པའི་ཁྱད་ཆོས་བཟང་པོ་ཁ་ཤས་ཞིག་མིག་དཔེརལྟོས་ན་འགྲིག བྱ་བ་བཟང་པོ་དེ་དག་ནི་ཁྱེད་རྣམས་ཀྱིས་མཁྱེན་གསལ་ལྟར་འདྲ་མཉམ་དང་རང་དབང་། དྲན་བདེན་སོགས་ལ་གུས་ཞབས་དང་ལག་ལེན་བྱེད་བཞིན་ཡོད་པ་དེ་ཡིན། ཨ་རིའི་སྲིད་གཞུང་ནང་དུ་ཨ་རིའི་ཨ་ཧྤེ་རི་ཁའི་ (African-American) མི་རིགས་ཀྱིི་སྐུ་ཚབ་ཡོད་པ་དེ་རེད།༽
    བློ་བཟང་སེང་གེ་ལགས་ཀྱི་ཐབས་ལམ་འདི་ནི་དམིགས་གསལ་བ་ཞིག་ཡིན་པ་དང་ཐབས་ལམ་འདིས་བོད་ཀྱི་འཐབ་རྩོད་དེ་རང་དབང་དང་རང་ཐག་རང་གཅོད། མི་སེར་གྱི་ཐོབ་ཐང་དང་སྲིད་གཞུང་གྱི་ནང་དུ་བོད་མའི་སྐུ་ཚབ་སོགས་ལྡན་པའི་ཁ་ཕྱོགས་ལ་བསྒྱུར་ཡོད། ལྟ་ཚུལ་འདི་ནི་གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་དོན་དང་ཐ་དད་པ་ཞིག་ཡིན་པ་དང། ཚད་མཐོའི་རང་སྲིད་རང་སྐྱོང་གིས་བོད་པའི་ཁྱད་དུ་འཕགས་པའི་རིག་གཞུང་དང་ངོ་བོ་བདག་གཉེར་བྱེད་རྒྱུ་དེ་ཡིན། འོན་ཀྱང་བློ་བཟང་སེང་གེ་ཡི་ཐབས་ལམ་གྱི་དམིགས་འདུན་ནི་བོད་མི་ཚོར་ཨ་རིའི་མི་རིགས་ནག་པོ་བཞིན་བོད་མི་རིགས་ལ་རྒྱ་ནག་གི་མི་སེར་བཞིན་ཐོབ་ཐང་འདྲ་མཉམ་སྤྲད་དེརྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱེད་རྒྱུ་དེ་རེད། འདྲ་མཉམ་འདིའི་ལྟ་གྲུབ་ཀྱི་ནང་དུ་བོད་མི་རེ་འདོད་ཆེན་པོ་ཅན་ཚོ་རྒྱ་ནག་དམངས་གཙོ་རྒྱལ་ཁབ་ཀྱི་སྲིད་འཛིན་གདམས་པའི་ཁེ་དབང་སྤྲད་ཡོད། ང་ཚོ་བློ་བཟང་སེང་གེ་ལགས་ཀྱི་དགོངས་ཚུལ་ལ་མོས་མཐུན་བྱེད་ཀྱིན་ཡོད་ལ་རྒྱ་ནག་གིས་ངེས་བར་དུ་གྲངས་ཉུང་མི་རིགས་དག་ལ་ལྟ་སྟངས་ཡག་པོ་འཛིན་རྒྱུ་དང་རྒྱ་ནག་མི་སེར་ཡིན་ཚད་ཁྲིམས་ཀྱི་མདུན་སར་གཅིག་མཚུངས་ཡིན་པའི་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་ཨ་རིའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་མི་འདྲ་ཞིང་ལྡོག་ཟླ་རུ་གྱུར་ཡོད། བོད་ཀྱི་ལོ་རྒྱུས་དང་གནས་བབ་ནི་ཨ་རིའི་ཨ་ཧྤེ་རི་ཁའི་མི་རིགས་ཀྱི་ལོ་རྒྱུས་དང་གནས་བབ་ཐད་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ཨ་རིའི་གྲངས་ཉུང་མི་རིགས་ཀྱི་གྲངས་འབོར་འཕར་ཀྱིན་ཡོད་པ་དང་སྤྱི་ལོ་༢༠༠༠ལོར་ཨ་རིའི་མི་འབོར་གྲངས་གཤེར་སྐབས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བརྒྱ་ཆ་༢༥ཟིན་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་དང་ཐོབ་ཐང་འཕྲོག་པ་གཅིག་པོ་མ་ཡིན་པར་བཙན་བནོན་གྱིས་མི་རིགས་བྱེ་བྲག་ཅིག་གི་ས་ཁུལ་ལ་ཧན(Han)་མི་རིགས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་གི་ཡོད། རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་གྲངས་ཚད་ནི་བརྒྱ་ཆ་༡༠ལས་ཉུང་བ་ཡིན། འོན་ཀྱང་ད་དུང་བཤད་རྒྱུ་ཞིག་ལ་བློ་བཟང་སེང་གེ་ལགས་ཀྱིས་བོའུ་སྒྲི་བེལ་སོན་(Woodrow Wilson Center ) སྟེ་གནས་ཁང་དུ་ཁོང་གི་དགོངས་ཚུལ་གྱི་གཏམ་གླེང་བྱས་སྐབས་རྒྱ་མི་རིགས་ཀྱི་བྱེད་ཕྱོགས་ཧན་མི་རིགས་མ་ཡིན་པའི་མི་རིགས་དང་དེའི་རིག་གཞུང་ལ་མཐོང་ཆུང་བྱེད་ཀྱིན་ཡོད་པ་དེ་འགྲེལ་བརྗོད་བྱས་མེད། ད་དུང་གཅིག་བྱས་ན་བོད་མི་ཚོ་རྒྱ་ནག་གི་མི་སེར་བྱེད་འདོད་མེད་པ་དང་ཡང་ན་རང་ཉིད་རྒྱ་མི་ལྟ་བུ་ཞིག་བྱེད་འདོད་མེད་པ་དེ་འགྲེལ་བརྗོད་དམ་གླེང་མོལ་བྱས་མི་འདུག

    གཅིག་བྱས་ན་རྙོག་གཞི་ཆེ་ཤོས་ནི་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་ནག་གི་མི་སེར་བོད་ནང་དུ་གནས་སྤོ་བྱེད་པ་ལ་ཚོད་འཛིན་བྱེད་དགོས་པའི་ཐོག་ལ་དགོངས་པ་བཞེས་མེད་པ་དེ་དང་། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་ཨ་རིས་གྲངས་ཉུང་མི་རིགས་ལ་བཟུང་བའི་སྲིད་བྱུས་དང་གཅིག་པ་ཡིན་ན་བོད་མི་རིགས་ལ་རྒྱ་མི་ག་ཚོད་ཅིག་བོད་ལ་གནས་སྤོ་བྱེད་པར་བཀག་འགོག་བྱེད་པའི་ཐོབ་ཐང་མེད་པ་དང་། ཨ་རིའི་ནང་དུ་མི་རིགས་ནག་པོ་ལ་རང་སྲིད་རང་སྐྱོང་གི་ས་ཁུལ་མེད། དེར་བརྟེན་བོད་མི་ཚོས་རྒྱ་ནག་མི་སེར་ག་ཚོད་ཅིག་བོད་ལ་གནས་སྤོ་བྱེད་ཆོག་ཅེས་དགོངས་པ་དང་གཅིག་མཚུངས་རེད། རྒྱུ་མཚན་འདིས་དབང་གིས་དབུ་མའི་ལམ་དང་ཁ་གཏད་དུ་གྱུར་ཡོད་པ་དང་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་རང་ཉིད་ཀྱིས་ཆབ་སྲིད་ཀྱི་ངོ་བོ་ཞིག་བསྐྲུན་ཏེ་བོད་མི་ཚོས་རང་ཉིད་ནང་ཁུལ་གྱི་ཆབ་སྲིད་ཀྱི་བྱ་གཞག་དག་དོ་དམ་བྱེད་རྒྱུ་དེ་རེད། ང་ཚོས་སྟོང་ཆ་འདི་དག་ལ་མ་ལྟོས་པར་ཚོད་དཔག་བྱེད་ཐུབ་པ་ཞིག་ནི་བློ་བཟང་སེང་གེ་ལགས་ཀྱིས་དགོངས་གཞི་འདི་ལ་བསམ་གཞིགས་ནན་མོ་ཞིག་གནང་ཡོད་པ་དེ་རེད། རྒྱུ་མཚན་ནི་སྐད་ཆ་འདི་ནི་ཁོང་གི་གླེང་མོལ་གྱི་ཆ་ཤས་གཙོ་བོ་དེ་ཆགས་ཡོད་པ་དང་། སེང་གེ་ལགས་ཀྱིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱེད་པར་མོས་མཐུན་བྱས་པ་དེ་ནི་བོད་མི་ཚོ་རྒྱ་ནག་གི་སྲིད་འཛིན་འདུག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད་དམ། ཁོང་གིས་ཅི་ཕྱིར་དོན་དངོས་ཐོག་བོད་མི་ཚོར་རྒྱ་ནག་མི་སེར་དང་གཅིག་མཚུངས་ཀྱི་བདེ་འཇགས་དང་ལྡན་པའི་ཐོབ་ཐང་འདྲ་མཉམཀྱི་གནད་དོན་མི་རྩོད་པར་བོད་མི་ཞིག་གིསརྒྱ་ནག་སྣེ་ཁྲིད་བྱེད་རྒྱུའི་རེ་འདུན་བཏོན་པ་རེད། བློ་བཟང་སེང་གེ་ལགས་ཀྱིས་བོད་མི་ཞིག་མང་གཙོ་ཅན་གྱི་རྒྱ་ནག་གི་སྲིད་འཛིན་བྱེད་པ་ལ་རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཚེག་གསུམ་གྱི་འོས་ཤོག་དགོས་བ་དང་དེ་ནི་བོད་མི་ས་ཡ་དྲུག་གི་འོས་ཤོག་ལས་མང་བ་ཡིན་པ་མ་རྟོགས་པ་རེད་དམ།

    བློ་བཟང་སེང་གེའི་རྙོག་འཛིང་ཅན་གྱི་དོན་གནད་ཁག
    བློ་བཟང་སེང་གེ་ལགས་ཀྱིས་ཅི་ཕྱིར་ཐད་ཀར་དུ་བོད་མི་འོས་ཤོག་བླུགས་མཁན་ཚོ་ལ་དོན་གནད་འདི་མ་བཤད་པའི་གནས་ཚུལ་འདི་ང་ཚོ་ཤེས་འདོད་ཆེན་པོ་ཡོད། སེང་གེ་ལགས་ཀྱི་བྱ་ཐབས་ནི་མི་འདྲ་བ་ཞིག་ཡིན་ལ་གྲོས་བསྡུར་བྱ་འོས་བ་ཞིག་ཀྱང་ཡིན་པས་འོས་ཤོག་འཕེན་མཁན་ཚོས་གནས་ཚུལ་འདི་རྟོགས་པའི་ངང་ཐག་གཅོད་བྱ་ཐུབ་པ་ཞིག་ཡིན། སེང་གེ་ལགས་ཀྱིས་ཝ་ཤིན་ཀྲོན་(Washingon DC)དུ་བོད་མི་མ་ཡིན་པའི་ཤེས་ལྡན་པ་ཚོ་ལ་བརྗོད་པའི་གནད་དོན་དེ་བོད་མི་འོས་ཤོག་བླུགས་མཁན་རྣམས་ལ་གསལ་བཤད་བྱེད་དགོས་བ་ནི་བོད་མི་ཚོའི་ཐོབ་ཐང་ཞིག་ཡིན། བློ་བཟང་སེང་གེས་བོད་མི་ཚོར་བཤད་པའི་དོན་དེས་བོད་མི་མང་ངང་འཚབ་ཅན་ཞིག་ཏུ་བཟོས་ཡོད། དཔེར་ན་བློ་བཟང་སེང་གེ་ལགས་ཀྱིས་ཕ་ཡུལ་དྲ་རྒྱའི་ནང་དུ་བྲིས་དོན་ལ་བོད་ཀྱི་རྒྱལ་དར་དེ་ཕོ་བྲང་པོ་ཏཱ་ལའི་རྩེ་རིར་སྒྲེང་ཡོད། རྣམ་འགྱུར་འདི་ལྟ་བུ་ནི་གཅིག་བྱས་ན་བོད་མི་འོས་ཤོག་བླུགས་མཁན་ཚོ་ལ་སྤྱིའི་ཆ་ནས་སེམས་འགུལ་ཐེབས་ཆེན་པོ་ཐེབས་ཡོད་ངེས་ཡིན། འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱི་དགོངས་དོན་དེ་བོད་མི་ཚོ་རྒྱ་ནག་དང་མཉམ་གནས་ཀྱི་དགོངས་དོན་དེ་དང་མཐུན་གྱི་མི་འདུག དེའི་རྐྱེན་པས་དྲི་བ་ཞིག་ལ་ཅིའི་ཕྱིར་སེང་གེ་ལགས་ཀྱིས་བོད་མི་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་གཅིག་དང་ཝ་ཤིན་ཀྲོན་དུ་སྲིད་ཇུས་བཟོ་མཁན་ཚོ་ལ་བསམ་ཚུལ་གཞན་ཞིག་བཤད་པ་རེད་དམ། བློ་བཟང་སེང་གེ་ལགས་ནི་ཝ་ཤིན་ཀྲོན་དུ་ཧཱཝ་གཙུག་ལག་སློབ་གྲྭའི་ (Harvard University) ཁྲིམས་རྩོད་པ་ཞིག་ཡིན་པ་དང་ཁོང་གི་རྒྱལ་ཞེན་ནི་ཁྱད་དུ་འཕགས་ཞིང་བོད་མི་ཚོ་རྒྱ་ནག་གི་སྒྲོམ་གཞིའི་ནང་ཞུགས་པར་སྐུལ་མ་དང་བོད་མི་ཚོ་ལ་རྒྱ་ནག་གི་མི་མང་བཞིན་ཐོབ་ཐང་འདྲ་མཉམ་དགོས་བའི་དགོས་མཁོ་བཏོན་ཡོད།

    འོན་ཀྱང་། རྡ་རམ་ས་ལར་ཧཱ་ཝ་གཙུག་ལག་སློབ་གྲྭའི་ཁྲིམས་རྩོད་པ་བློ་བཟང་སེང་གེ་ནི་ད་དུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཞིག་གི་བསམ་བློ་ཡོད་མཁན་ཞིག་ཡིན། ཁོང་གིས་གནད་དོན་འདི་དག་འགྲེལ་བརྗོད་བྱས་མེད། གཅིག་བྱས་ན་ཁོང་གིས་བོད་ལ་རང་བཙན་དང་ཡང་ན་རང་སྲིད་རང་སྐྱོང་གང་ཞིག་ཀྱང་ཐོབ་པའི་རེ་བ་མེད་པ་ཙང་ཐབས་ལམ་གསུམ་པ་དེ་བོད་ནི་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞིའི་ནང་མཉམ་གནས་བྱེད་རྒྱུ་དེ་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོོད་སྲིད། གལ་སྲིད་དངོས་གནས་འདི་ལྟར་དགོངས་ཀྱིན་ཡོད་ན་ཁོང་གི་དགོངས་གཞི་འདི་ནི་ད་དུང་བོད་མི་འོས་ཤོག་བླུགས་མཁན་ཚོར་བརྗོད་པའི་དུས་ལ་བབས་མེད་པ་བསམ་ཡོད་པ་འདྲ། བློ་བཟང་སེང་གེ་ལགས་ཀྱིས་བོད་ཀྱི་རྒྱལ་

    Reply
  12. འབུར་ཐོ། says:
    ལོ་ 14 སྔོན།

    སྤྱིར་བཤད་ན་སྐྱོན་དང་ཡོན་ཏན་གླེང་དགོས་པ་ཞིག་རེད། ཡིན་ནའང་། ད་ལྟའི་དུས་སུ་གཙོ་བོ་ཉིན་གླ་གཅིག་པོར་མ་འཁྲེང་པར་རང་སྟོབས་ཀྱིས་འགན་ཁུར་ཏེ་འཐབ་རྩོད་བྱེད་རྒྱུ་ནི་བསམ་བློ་བ་ཞིག་གི་གཟི་བརྗིད་མ་རེད་དམ། གནད་ལ་ཐུག་དུས་དེང་རབས་ཀྱི་སློབ་གསོ་དང་། བློ་རྒྱ་བསྐྱེད་རྒྱུ་ནི་ལག་ལེན་བྱེད་པའི་གོ་སྐབས་རེད་སྙམ།

    Reply
  13. འཇམ་བཟང་། says:
    ལོ་ 14 སྔོན།

    ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པའི་བརྩེ་བའི་བོད་རིགས་སྤུན་ཟླ་ཚོ་ང་ཚོའི་གཟབ་དགོས། ང་ཚོའི་ཁ་གཏད་རྒྱ་ནག་དམར་པོའི་སྲིད་གཞུང་ཡིན་པ་ལས། དེ་མིན་སུ་ཡིན་མིན། དེས་ན་ཁྱེད་རྣམས་ཀྱི་སོ་སོའི་ཕྲག་ཏུ་བབ་པའི་ལས་ཀ་དག་མ་བརྗེད་པ་གྱིས་ཨང་། ད་དུང་གཞིས་ལུས་བོད་མི་ཚོའི་རྩ་དོན་ཀྱི་ཆེད་དུ། གཅེས་པའི་རང་སྲོག་ཡང་བློས་བཏང་གི་ཡོད་པ་རེད། ང་ཚོ་བཙན་བྱོལ་བའི་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱིས་གཅིག་གིས་ཅིག་ལ། ཁ་ངན་དང་ཚིག་རྩུབ། ཞེ་ངན་བྱས་ནས་བསྡད་ན་ཨེ་འགྲིག གལ་སྲིད་ཁྱེད་རྣམས་ལ་བཤད་གི་ཁ་དང་། ལག་པ་སྡེར་མོ་ཡོད་ན། རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཕེབས་དང་། ནང་དུ་ཁ་མ་བཅུག་རོགས། ཁྱེད་རྣམས་ཀྱིས་སྐད་ཆ་གང་བཤད་པ་དག་ལ་འགན་ཁུར་ནས་བཤད་པ་ལས། ངན་པའི་རྗེས་འཇུག་མ་བྱེད་རོགས། བོད་མི་ནང་ཁུ་དབྱེན་དཀྲུག་མ་བྱེད་རོགས། ཅིག་བྱས་ན་དམར་པོའི་དྲྭ་དམག་ཡིན་འགྲོ། ཚང་མ་གཟབ་གཟབ་གནང་རོགས། ཐུགས་རྗེ་ཆེ།
    མཐུན་བསྒྲིལ། མཐུན་བསྒྲིལ། མཐུན་བསྒྲིལ། འདི་མ་བརྗེད་པ་བྱེད་རོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  14. གཡག་རྒོད says:
    ལོ་ 14 སྔོན།

    ང་ཚོས་གནད་དོན་འདི་དང་འབྲེལ་པའི་དཔྱོད་བརྗོད་སྤེལ་དུས། སྲིད་སྐྱོང་བ་ཁོང་དང་ཁུག་རྟ་གཉིས་ནག་པོ་ནག་རྐྱང་བཟོ་མི་ཉན། དགེ་སྐྱོན་གཉིས་ལ་བལྟས་ཏེ་བསམ་རྒྱ་ཆེན་པོས་གླེང་ཐུབ་དགོས། གལ་ཏེ་དེ་ཐུབ་ན་བཀའ་ཤག་གསར་བའི་མ་འོངས་ཕྱག་ལས་གནང་སྟངས་ལ་ཕན་པ་རྒྱ་ཆེན་པོ་ཡོད་ལ། བོད་ཕྱི་ནང་གི་རང་དབང་འཐབ་རྩོད་ཀྱི་བྱེད་ཕྱོགས་རྣ་ངར་ལྡན་པའི་ངང་གནས་ཐུབ།

    ང་རང་གི་ལྟ་ཚུལ་ལ། ཆབ་བྲག་ཕོ་ཉ་དང་རབ་གསལ་གཙོས་པའི་མཆན་འདེམས་མཁན་མང་ཤོས་ཀྱི་རང་གཞུང་སྲ་བརྟན་ཡོང་བ་དང། བཀའ་ཤག་གི་ཕྱག་ལས་རྣམས་ཀྱི་མཐའ་བརྟན་པའི་ཕྱིར་དུ་གླེང་གཞི་འདིའི་དབུ་ཁྲིད་ཀྱི་འདུག་བསམ་གིི། སྲིད་སྐྱོང་གསར་བའི་བཀའ་ཤག་དངོས་སུ་ལས་དོན་ལ་ཞུགས་ནས་ཡིན་རིང་བོ་སོང་མེད་ལ། ཚབ་ཆེ་བའི་ལས་དོན་མཐུས་ཤོར་ལའང་གཏོང་ཁོམ་བྱུང་མེད། མི་མང་གི་གཞུང་ཡིན་དུས། མི་མང་གིས་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་ལ། སྐྱོན་ཡོད་སར་སྐྱོན་འདོན་དགོས། མི་མང་གི་བསམ་བློའི་ཁ་ཕྱོགས་ལྟར་དུ་ཕྱག་ལས་གནང་དགོས་པ་ནི་རང་དབང་དམངས་གཙོའི་གཞུང་གི་ལས་འགན་གཙོ་བོ་ཡིན།
    གལ་ཏེ་སྐྱོན་འདོན་སའི་ཁོ་ཡུག་ཁྱོན་ནས་མེད་ན། ནམ་ཞིག་གཞུང་དང་ཚོགས་སྡེ་གང་ཡིན་ཡང་མཐའ་མི་འཁྱོང་བ་ཆོས་ཉིད་ཡིན། ཉེ་ཆར་ཁ་ན་ཊའི་གྲོང་ཆེར་ཊོ་རན་ཊོ་བྱུང་བའི་གངས་ལྗོངས་ཆོས་ལྡན་གླིང་གི་གནད་དོན་ལྟ་བུ་རེད། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྙིང་བ། བྱང་ཨ་རིའི་སྤྱི་མཐུས་ལས་ཐོག་པ་སྐུ་ཞབས་ནོར་བུ་ཚེ་རིང་ལགས་ཀྱི་ཕྱག་ལས་གནང་སྟངས་ལ། ས་གནས་རྒན་རབས་པ་དང་རྒྱབ་སྐྱོར་གནང་མཁན་ཚོས་ཁོང་བླ་མ་བཞིན་དུ་བརྩིས་ཏེ་མི་སུའང་སྐྱོན་བརྗོད་བྱེད་བཅུག་ཡོད་པ་མ་རེད། བར་སྐབས་ཞིག་ལ་མི་མང་གིས་སྐུ་ཞབས་ཁོང་གི་མཚན་ལ་ནོར་བུ་མེ་འབར་ཡང་བཏགས་པ་དང་བྱང་ཨ་རིའ་སྤྱི་མཐུས་ལ་འོས་ཤོས་བླུགས་པ་རེད། དེ་ནས་ཟླ་བ་གཅིག་གི་རྗེས་སུ། ཁོང་གིས་གངས་ལྗོངས་ཆོས་ལྡན་གླིང་གི་གནས་སྟངས་དངོས་གནས་པ་ཕྱིར་བསྒྲགས་བྱས་དུས། སྔོན་ཁོང་ལ་རྒྱབ་སྐྱོར་བྱེད་དང་། རྒན་རབས་པ་དེ་ཚོ་ཁོང་ལ་ཡིད་ཐང་ཆད་དེ། ད་ལྟ་ཊོ་རན་ཊོའི་བོད་མིའི་སྤྱི་ཚོགས་ནང་དུ་ཁོང་ལ་སྐྱོན་བརྗོད་བྱེད་མཁན་གང་བསྡད་ཡོད་པའི་གནས་ཚུལ་རེད།
    དེ་ན་སྲིད་སྐྱོང་ཚང་གི་ཕྱག་ལས་གནང་སྟངས་ལ་དགེ་སྐྱོན་གཉིས་ཐད་ནས་གླེང་སློང་བྱེད་མཁན་ཡོད་ན་ཕན་པ་རྒྱ་ཆེན་པོ་ཡོད་གོར་མ་ཆག།

    Reply
  15. ཤེས་རབ། says:
    ལོ་ 14 སྔོན།

    སྤྲོ་ཚུགས་ལགས། བཙན་བྱོལ་བོད་གཞུང་ལ་སྨྲ་བརྗོད་རང་དབང་གི་ཁྲིམས་ཡིག་མེད། དེ་རྒྱ་གར་གཞུང་ལ་ལྟ་དགོས་ཀྱི་ཡོད་པ་རེད།
    རྒྱ་གར་གཞུང་གི་རྩ་ཁྲིམས་དོན་༦༠པར་གཟིགས་ན་སྨྲ་བརྗོད་རང་དབང་གི་ས་མཚམས་གསལ་བོར་ཤེས་ཀྱི་རེད། བཙན་བྱོལ་བོད་གཞུང་ལམ་ཐིག་དེའི་སྒང་ཕེབས་ཀྱི་ཡོད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་རྣམས་ལ་གཟིགས་དང་ཤེས་ཐུབ།

    Reply
  16. ཤེས་རབ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་དང་འབྲེལ་ནས་གླེང་ན་དེས་སྒྲིག་གཞི་དང་འགལ་མིན་གསལ་བཤད་བྱེད་ཐུབ་ཀི་རེད།
    ཁོང་ཉིན་གླའི་ལས་བྱེད་ཡིན་པས་བླང་དོར་སྒྲིག་གཞིར་ཉིན་གླའི་ལས་བྱེད་ཀྱི་གནས་བབ་གསལ་མེད་པ་ཁྱེད་ཚོས་བླང་དོར་སྒྲིག་གཞིར་གཟིགས་དང་གསལ་བོ་འདུག
    ཁོང་ལ་གཡོག་པའི་ཞྭ་མོ་ནག་པོ་སྟེ་ལས་བྱེད་བྱེ་བྲག་པར་སྐྱོན་བརྗོད་བྱས་ནས་མི་མང་ལ་སྐུལ་སློང་བྱེད་པ་ཅེས་པ་འདི། རྩོམ་ཡིག་གི་ནང་དོན་དང་མཐུན་འདུག་མི་འདུག་བགྲོ་གླེང་བྱས་ན་ད་གཟོད་འབྲས་བུ་འབྱུང་ངེས་རེད། སྐབས་དེར་ཁྱི་སྤྱང་ལག་སྦྲེལ་གྱིས་ག་རེ་བྱེད་ཀྱི་ཡོད་མེད་གསལ་བོར་ཤེས་ཐུབ་ཀྱི་རེད།

    Reply
  17. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    སྨྲ་བརྗོད་རང་དབང་ཟེར་བར་འགྲེལ་བཤད་ཅིག་གནང་རོགས

    Reply
  18. ལུང་རྟོགས། says:
    ལོ་ 14 སྔོན།

    རྩོམ་པ་པོ་ཚད་ལྡན་ཡིན་མིན་ནི་གལ་ལ་ཐུག་དུས་ཤེས་ཡོང་ལ། གལ་ལ་ཐུག་དུས་ལྷག་བསམ་དང་དྲང་བདེན་ལ་རྒྱབ་བཅོལ་མཁན་དག་ནི་ད་བཟོད་རྩོམ་པ་པོ་ཚད་ལྡན་ཞིག་རེད། བློ་བཟང་ཆོས་འབྱོར་གྱི་གླེངས་རྙོག་འདིའི་ཁྲོད་ནས་བཙན་བྱོལ་རྩོམ་པ་པོའི་ཁྲོད་གལ་ལ་ཐུག་དུས་ལྷག་བསམ་དང་དྲང་བདེན་ལ་རྒྱབ་བཅོལ་མཁན་ཉིན་དཀར་ལྟར་ཉུང་ཉུང་ཡིན་པའི་ཚོར་སྣང་སྐྱེས་སོང་ལ། ནམ་རྒྱུན་སེམས་ནང་ལ་གནས་བབ་མཐོ་ཙམ་གཟུང་མྱོང་བའི་རྩོམ་པ་པོ་ཁག་ཅིག་གི་རིན་ཐང་ཡང་སེམས་ནས་ཡལ་འགོ་ཚུགས་སོང་། འདི་འདྲའི་དུས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དྲང་བདེན་དང་ལྷག་བསམ་གྱིས་ཕྱུག་པའི་མི་གཞི་དག་ལྷག་ཏུ་དྲན་ཡོང་བ་ཞིག་རེད། འདི་ནི་བློ་བཟང་ཆོས་འབྱོར་གྱི་གླེངས་རྙོག་ཁྲོད་ནས་ང་ལ་སྐྱེས་པའི་སེམས་ཚོར་དག་ཡིན།

    Reply
  19. ཚང་མ། says:
    ལོ་ 14 སྔོན།

    ངལ་རྒྱལ་གྱིིས་གང་སར་སྐྱོན་བརྗོད་བྱེད་ན་ཡོང་རྒྱུ་དེ་ལས་ག་ལ་ཡོད། ཇི་སྐད་དུ། མང་པོའི་ནང་དུ་ང་ལ་བརྟག། གཅིག་པུར་འདུག་དུས་སེམས་ལ་བརྟག། ཞེས་དང་། གཞན་ལ་བལྟ་བའི་མིག་ཡོད་ན། རང་ལ་བལྟ་བའི་མེ་ལོང་དགོས་ཞེས་སོགས་ཀྱི་དོན་ལ་ཅུང་ཙམ་ཡང་མི་སེམས་པར་རང་སྐྱོན་བཞག་ནས་གཞན་སྐྱོན་བཙལ་ན་མཐར་རང་ཉིད་ཕམ་རྒྱུ་ཡིན་པ་སྨོས་མེད་རེད། གསར་འབྱོར་བ་ཚོ་རྒྱབ་ན་རི་མེད་ལ་མདུན་ན་མཚོ་ཡང་མེད་པས་རེད། ཤར་ཕྱོགས་ཁུག་རྟ་ལྟར་ཐབས་ཤེས་གཉིས་ལས་ཐབས་ཀྱིས་ཕོངས་པའི་རྩོམ་ཡིག་སྤེལ་སྟེ་དགོན་པ་གྲྭ་ཚང་ནས་གནས་དབྱུང་བཏང་བའི་ལོ་རྒྱུས་མང་པོ་ཡོད།
    གནའ་ནས་ད་བར་དུ་ང་ཚོའི་སྐུ་ངོ་ཚོའི་ཁ་འོག་ལག་འོག་ནའང་གསར་འབྱོར་དེ་རིགས་ག་ཚོད་ཡོད་པ་ཚང་མས་ཤེས་གསལ་རེད།
    བཀུར་འོས་པའི་བཀའ་ཁྲི་བློ་སེང་གི་རྣག་ཐོག་ལ་ཁབ་གཙགས་བྱེད་ན་མཇུག་འབྲས་ འདི་ལས་གཞན་མེད། འོན་ཀྱང་མི་མཐུད་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་མྱུག་ཁ་དགྲ་ལ་གཏད་སྟེ་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་བརླག་མི་ཉན།
    མདོར་ན་བཀའ་ཁྲི་བློ་བཟང་སེངྒེ་མཆོག་བཀའ་ཁྲིར་བཞུགས་ཡུན་རིང་རྒྱལ་ཁབ་གཞན་གྱི་སྲིད་འཛིན་སྲིད་བློན་ལྟར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ནས་གུས་ཞབས་དང་བརྩི་བཀུར་གནང་དགོས་པ་འདས་མ་འོངས་ད་ལྟ་གསུམ་གྱི་བོད་ཀྱི་ལོ་རྒྱུས་ལ་བསམ་གཞིག་རེ་གནང་ན་ཤེས་ངེས་རེད། བཀའ་ཁྲི་བློ་སེང་བཀའ་ཁྲི་བཞུགས་ཡུན་རིང་བློ་བཟང་སེང་གེ་མ་རེད། བོད་ཀྱི་བཀའ་བློན་ཁྲི་བའམ་བོད་ཀྱི་སྲིད་སྐྱོང་རེད། དེ་ཡང་ཤེས་དགོས།

    Reply
  20. ཡ་མཚན་ཅན་མཐོང་ says:
    ལོ་ 14 སྔོན།

    ཨོ་ཙི ་དྲ་གྲོགས་ཅོ་རི་ཉི་མ་ལགས་ངོ་ཚ་བར་གདོང་ལྤགས་ཐུག་ཙམ་བྱུང་ གུས་པས་གཞི་མེད་གྲིབ་བཟོ་མ་ཡིན་པ་དངོས་བྱུང་གནད་དོན་ཤོད་པ་ཡིན་ རང་ལ་གནས་ལུགས་རྒྱུ་མཚན་དྲན་རྟགས་དང་བཅས་ཡོད་ན་བགྲང་ཤོག་ལབ་པ་ཡིན་ གལ་སྲིད་མེད་ན་ འགན་མི་ཁུར་བའི་ཕྱོགས་ལྷུང་བ་ཞིག་ལ་ངོས་འཛིན་དང་ འཆན་བྲིས་པ་ཐམས་ཅད་མུན་ནག་ནང་མདའ་འཕེན་ལྟར་བློ་གཟུ་བོ་གནས་པའི་དཔྱད་ལྡན་ཡོངས་ནས་དུས་ནམ་ཡང་ཆགས་འཇོག་རྩིས་ཐང་མིན་བཞག་ཐོག་འཆན་བྲིས་མཁན་ཁུངས་ནས་རང་བཞིན་བུད་པ་ཡིན་ གལ་སྲིད་སྡོད་འདོད་ན་ གནས་ལུགས་ཡོད་པ་ཞིག་བྲིས་ཤོག་
    སྔོན་མ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་ སྐུ་ཉིད་ཀྱི་ སྐབས་བབས་བཀའ་ཁྲི་བློ་སེང་མཆོག་ལ་མཆོད་བསྟོད་གནང་པ་ནང་བཞིན་མ་ཡིན་ནམ་??????????????????????????????????????????????་འདིར་ལན་གསལ་པོ་མིན་འདུག་ ལེན་རྒྱག་མ་ཐུབ་ན་ལག་གཉིས་ཐལ་མོ་སྦྱར་ནས་དགོངས་སེལ་ཞུ་
    ཁྱེད་ཀྱིས་གཞི་རྩ་མེད་པའི་སྐྱོན་འཛུགས་ཞེས་གསུངས་འདུག་པ་འདིར་
    ངས་དུས་ནམ་ཡང་ཁས་ལེན་ཐུབ་སའི་ས་མཚམས་མེད། གཞི་ཡོད་མདོག་ཡོད་མདོག་ཡོད་ན་འཁྱེར་ཤོག་
    ད་རིང་ཡིན་ན་ དུས་ལ་བབས་འདུག་ རང་ལ་སྐྱུག་མོ་ཞིག་མ་འཕྲོད་ན་ ཚང་མངའ་མོ་རེད་དྲན་མཁན་ཞིག་རེད་བཞག་ རང་སྣང་གང་དྲན་དང་ སྣང་བ་གང་ཤར་ ངན་པ་ལམ་ཤོར་ཞིག་མིན་ན་ བྱ་ཕོ་ཡིན་ན་སྐད་རྒྱོག་ བྱ་མོ་ཡིན་ན་སྒོང་ང་གཏོང་ཤོག་ ཕོ་ཁྱོ་ཁ་ཡིན་ན་གནས་ལུགས་ལྡན་པའི་ལེན་ཞིག་ཁུར་ཤོག་ རང་ལ་མིན་དགའ་བ་གང་ཡང་མེད་ རེད་དེ་ སྣ་སུག་ཞིག་སྤྲོད་དེ་བྲོ་བ་ཞིག་མྱོང་བཅུག་འདོད་འདུག་

    Reply
  21. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་ཆ་ཚང་ཀློག་པ་ཡིན། དེའི་ནང་གང་ཟག་སྒེར་གྱི་བསམ་ཚུལ་ཙམ་ལས་ཁོ་བ་ལས་གནས་ནས་གནས་དབྱུངས་གཏོང་དགོས་བའི་ཉེས་བ་ཚབ་ཆེན་ཞིག་བསགས་མེད་པར་འདོད།
    སྤྱི་ཚོགས་རྙིང་བའི་ལམ་ལུགས་བཞིན་བསྟོད་བསྔགས་རྐྱང་རྐྱང་བྱེད་དགོས་ན་ཁག་སེ་འདུག། འདི་ནི་ང་ཚོའི་སྤྱི་ཚོགས་ནང་སངས་ཐབས་མེད་པའི་ནད་ཚ་རྙིང་བ་ཞིག་རེད།
    བཀའ་ཤགས་སྔོན་མའི་རིང་ཀླུ་མཁར་བྱམས་འདི་ལྟར་བཏང་བ་རེད། ད་ཐེངས་ཡང་འདི་འདྲ་ཞིག་བྱུང་བ་རེད།
    དོན་ངོ་མ་བཤད་ན་ང་ཚོ་ལ་སྨྲ་བརྗོད་རང་དབང་ཟེར་བ་ཞིག་ཡོད་པ་རེད་དམ་མ་རེད།

    Reply
  22. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཡ་མཚན་ཅན་མཐོང་གི་མཆན་བུ་དེ་དག་ཡ་མཚན་རང་རེད། ག་རེ་བཤད་ཀྱིན་ཡོད་མེད་ཧ་གོ་གི་མིན་འདུག རྒྱུན་སྤྱོད་བོད་ཀྱི་སུམ་རྟགས་གཞི་ལ་བཞག་ནས་ཡང་བསྐྱར་མཆན་བུ་ཞིག་བཏབ་ན་ཨེ་ཆོག

    Reply
  23. རྟ་མགྲིན། says:
    ལོ་ 14 སྔོན།

    ད་དུང་འདི་ནས་འགའ་ཤས་ཀྱིས་ཤོག་སྦུག་རླུང་འཚང་གིས་ཧམ་པ་རི་ཙམ་བཤད་ནས།བདེན་པ་གཡག་ཙམ་ལོན་ཐུབ་ལ་རེ་བཞིན་པ་འདྲ་ཡང་།  དེ་ནི་ཧ་ཅང་གི་ལྐུགས་པ་ཨུ་ཚུགས་དང་། ཞར་བ་འགྲོ་སྟངས་ཤིག་ལས།  ཁྱི་སྐད་རྒྱག་ཚད་ལ་རྒྱུག་པ་གཡུག་ན་ཕན་ཐོགས་མེད་པར་གཟུར་གནས་པ་མང་པོ་ཞིག་གིས་སྔ་ས་ནས་མཁྱེན་ཏེ་བཏང་སྙོམས་སུ་བཞུགས་ཡོད།  འདི་ན་སུ་བདེན་དང་སུ་ཉེས་དྲ་ཐོག་ལ་བཤམས་འདུག་པས་ཕན་ནས་གསལ་བཤད་ལྷག་མ་གང་ཡང་མི་དགོས།  སྔ་ཕྱི་ཞིག་མ་གཏོགས་བདེན་པ་ནམ་ཡང་ཇེ་གསལ་དུ་འགྲོ་ངེས་པས་དེ་དུས་ནོངས་འགྱོད་མེད་པ་ཞིག་དགོས།

    Reply
  24. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    འོ་་་་་་་ཡ་མཚན། བཙན་པོའི་བུ་འདས་ལོག་བྱས་འདུག ཉིན་ཤས་ཀྱི་སྔོན་ལ་བཙན་པོའི་བུ་ཤི་རྒྱུ་ཡིན་རབས་དང་ཁ་ཆེམས་ཡང་བཞག་འདུག འོན་ཀྱང་། དེ་རིང་ཡང་འདིར་བསླེབས་འདུག ལྟས་ངན་འདི་ཚོ་བོད་པ་ཚང་གི་ཞབས་འདྲེན་རེད།

    Reply
  25. གཡུ་རྔོགས། says:
    ལོ་ 14 སྔོན།

    སྦྲང་ནག་གི་རིགས་སུ་གྱུར་བའི་འབུ་སྲིན་དག རུལ་དྲི་ཁ་ས་ལ་ཕྱོགས་འགྲོ་བ་འདི་སྤྲང་ནག་གི་ངོ་བོ་དང་ཁྱད་ཆོས་དེ་འདྲ་རང་རེད། དེའི་ཕྱིར་སྤྲང་ནག་གི་རིགས་ལ་དཔྱོད་ཤེས་མི་འདུག་བསམ་པའམ་གཙང་གཙོག་མི་འདུག་འདོད་པའི་འཁར་ར་ཞིག་ཤོར་དགོས་དོན་མེད་མོད། འོན་ཀྱང་འུ་ཅག་ཁ་བ་གངས་ཅན་པའི་དཔྱད་བརྗོད་པ་དང་མཆན་འདེབས་མཁན་དག འུར་ཟིང་ཆེ་ས་ཞིག་འཛོམས་ནས་ཡ་ཡུད་བཤད་མཁས་ལ། ཀླན་ག་འཚོལ་དགའ་བའི་ངང་ཚུལ་འདི་ལ་ཤིན་ཏུ་ནས་བློ་ཕམ་བྱུང་སོང་། འཁང་ར་ཤོར་སོང་།
    ནམ་རྒྱུན་དུ་ནས་དགའ་ཁ་ཁྱེར་ཕྱོགས་ཤིག་ལ་འབྱར་འགྲོ་བའི་དཔྱད་མཆན་པ་དག་གི་ལངས་ཕྱོགས་འདི་རིགས་ཀྱིས་བདེན་པ་བརྡར་ནས་གནས་ལུགས་ཞིག་ཤོད་ཐུབ་བསམ་པའི་སྣང་བ་ཞིག་ཁྱོན་ནས་སྐྱེས་མ་མྱོང་ལ། དེའི་ཕྱིར་ཚོད་ཚོད་མེད་ལ་དགའ་ཁ་ཁྱེར་ཕྱོགས་དེས་དྲུད་ནས་འདིར་འཛོམས་པར་ནུས་བ་ཞིག་ལྡོག་ཕྱོགས་ན་ཐོན་ཀྱིན་འདུག
    དེ་ཡང་ཉེ་སྔོན་འདིར་ནས་བཟུང་མ་ཡུམ་མི་རིགས་ཀྱི་དཔའ་བོ་དཔའ་མོ་དག སྐྱིད་ཀྱང་སྡུག་རུང་བོད་གངས་ཅན་པའི་རེ་བའི་སྣེ་མོ་ལ་འཐམས་སྟེ། མེ་ལྕེ་ལྷབ་ལྷབ་དུ་འབར་ཀྱིན་ཕྲན་ཐེ་བའི་བོད་གཞུང་འབངས་འདིའི་མདུན་ལ་མཆོངས་ནས་སླེབས་སོང་མོད། ཡ་ཅུང་ཁོག་པ་རྩ་ཡིས་ཁེངས་བའི་མི་བུ་དག་གིས་རྦད་དེ་གནས་སྟངས་འདིའི་ཁ་ཕྱོགས་ནང་ལ་བསྐོར་སོང་། ཁ་ནང་ལ་བསྐོར་ནས་ངར་ངར་ཤོར་ཤོར་ར་ཡོད་པའི་ཁ་ཤོམས་ཅན་འདི་དག་རྒྱུ་མཚན་ཅི་ཞིག་ཐུག་ནས་རང་ཉིད་ཀྱི་ཐབ་ཚང་ལས་ཕྱིར་འདོན་ཐུབ་ཀྱི་མེད་པ་ཡིན་ནམ། རྒྱུ་མཚན་ཅི་ཞིག་ཡིན་ནམ། འབར་རྐང་གཅིག་གི་ཚ་རླབས་ཀྱང་འུར་མི་བརྟན་པའི་ལུས་ཕུང་འདི་དང་རང་གཅེས་འཛིན་ཀྱི་བློའི་སྟེང་ལ་བབས་ནས་འདང་རྒྱབ་ན། བར་འདི་ནས་རང་དབང་ལུང་བ་ན་སྙིང་རྩ་ཚིལ་ཡིས་ཁེངས་བའི་མི་བུ་དག་ལ། ཀུ་རེ་དང་འབྲེལ་ནས་དོན་གཏམ་ཞིག་བཤད་ཀྱང་མི་ཆོག་བ་ཅི་ལ་ཡོད། ཁྱེད་ཅག་ལ་ས་སྣུམ་ཀྱི་དཀའ་ངལ་དེ་ཡོད་ཚེ་ཕྲན་ཀྱིས་ཆ་རྐྱེན་དེ་ཅིས་ཀྱང་མཁོ་བསྒྲུབས་བྱེད་ངེས་ཡིན།
    དེ་མིན་འདས་ཟིན་པའི་དཔའ་བོ་དཔའ་མོ་དག་གི་ཚེ་སྲོག་ལ་བརྩི་བཀུར་ཞིག་ཡིན་རུང་བྱེད་རོགས་མཁྱེན། དཔའ་བོ་དཔའ་མོ་དག་གི་ཆེད་དུ་འཛོམས་པ་དཔྱད་མཆན་པ་རེ་གཉིས་ཙམ་ཡིན་ན། ད་ཁ་རོགས་སྡོད།
    རང་ལུས་མེར་བསྲེགས་ཀྱི་ཛ་དྲགས་གནས་སྟངས་འདིའི་ཁྲོད། འུ་ཅག་གིས་ཁ་ནང་ལ་བསྐོར་ནས་རྩོད་གླེང་ཐེངས་གཉིས་བྱུང་སོང་བ་འདི་བཞིན།ལྐོག་ཉན་ལ་གོམས་པའི་པེ་ཅིན་གཞུང་ལྷོད་ལ་བབ་ནས་འུ་ཅག་གི་གདོང་གཏོད་སའི་ཕྱོགས་ལ་འཁོར་དེ་དགོད་ཁ་ཞིག་ཤོར་ཡོད་ངེས་ཡིན་ལ། མ་འོངས་བའི་དུས་ཤིག་ལ་ཡང་བསྐྱར་རུལ་དྲི་ཆེ་བའི་ཤ་རྡོག་ཞིག་འུ་ཅག་གི་མདུན་ལ་གྲ་སྒྲིག་བྱས་ཡོད་ཚོད་ཡིན།

    Reply
  26. ཡ་མཚན་ཅན་མཐོང་ says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ལགས་ལ་གསལ་པོ་ཞིག་ཞུས་ན་མ་གཏོགས་ རང་གི་གོ་གི་ཨུ་ཡོད་ན་སེམས་ རང་གིས་རྩོམ་ དྲ་གྲོགས་ཚོ།
    བློ་བཟང་སེང་གེ་་་་་་་བོད་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པར་མ་བརྗེད་་་་ལོ།
    སེང་གེའི་བཀའ་ཤག་འདི་་་་བོད་མི་རིགས་ཀྱི་བཀའ་ཤག་ཡིན་པར་མ་བརྗེད་་་་ལོ།
    སེང་གེའི་རྩ་དོན་གསུམ་པོ་་་་བོད་མི་རིགས་ཀྱི་རྩ་དོན་ཡིན་པར་མ་བརྗེད་་་་ལོ།
    བོད་རྒྱལ་ཁབ་ཀྱི་སེང་གེ་ལ་གུས་ཞབས་ཞུ་རྒྱུ་མ་བརྗེད་་་་ལོ།
    གནད་ལུགས་མེད་པར་སེང་གེ་ལ་སྐྱོན་བརྗེད་མ་བྱེད་་་་ལོ།
    རྟོག་གེ་རིག་པའི་སྒྲུབ་བྱེད་མེད་པར་སེང་གེ་ལ་ཁ་ངན་ཚིག་ངན་མ་ལབ་་་་ལོ།།།།

    བསམ་བློ་ཐོངས་་་་ལོ། ཚོད་ཟིན་་་་ལོ།།རྩོམ་ཡིག་ནང་དོན་ལ་གུས་པས་གོ་བ་ལེན་སྟངས་བྱས་ན་ བཀའ་ཁྲི་ བློ་སེང་མཆོག་བོད་ཆོལ་གསུམ་གཞུང་གི་དབུ་ཁྲིད་ཡིན་པས་རྒྱུ་མཚན་གྱིས་བརྩི་བཀུར་ཞུས་དགོས་པ་གོ་བ་ལེན་སོང་ དེ་འདྲ་ཨུ་རེད་ གོ་བ་ཇི་ལྟར་བཞིན་ཡིན་ན་བཀའ་ཟུར་ཟམ་གདོང་མཆོག་ཡང་གཅིག་མཚུངས་བརྩི་བཀུར་ཞུས་དགོས་པ་མ་ཡིན་ནམ་ དེར་བརྟེན་ནས་ ཁྱད་པ་ག་རི་ཡོད་དམ་ ངོས་པ་དུ་ལན་གསལ་རྒྱས་ཞིག་གནང་རོགས་

    Reply
  27. ཡ་མཚན་ཅན་མཐོང་ says:
    ལོ་ 14 སྔོན།

    ཨེི་ ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས་། གསུངས་ཚད་མ་ཡིན་པ་དངོས་བདེན་ར་འཕྲོད་སོང་ང་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ བཀའ་ཁྲི་སྐབས་གཉིས་པ་དཔལ་མཛངས་འགྲན་ཟླ་བྲལ་བའི་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དུས་རྒྱུན་དུ་རང་གིས་གཞི་རྩ་མེད་པའི་སྐྱོན་འཛུགས་མཚན་སྨད་ག་ཚད་བྱས་ཡོད་པ་སྐྱེ་བོ་རྣམ་ལྡན་ཡོངས་ནས་མིག་མཐོང་ལག་གསལ་མ་རེད་དམ་ དེང་སྐབས་བཀའ་ཁྲི་མཆོག་ལ་མཆོད་བསྟོད་གནང་འདུག་པར་བསྔགས་བརྗོད་ཡོད་ཀྱང་ སྐབས་གཉིས་པ་དང་སྐབས་གསུམ་པ་གཉིས་ལ་སྐུ་ཉིད་ཀྱིས་་ཁྱད་པ་དགེ་མཚན་གནས་ལུགས་འགྲེལ་བཤད་རྒྱག་རྒྱུ་ཨུ་ཡོད་ན་ ཡོད་ན་རང་དབང་རེད་ངོས་པ་དུ་སྐྱོན་རོགས་གནང་དགའ་བསུ་ཞུ་རྒྱུ་ཡིན་། དེ་མིན་སྐྱ་སེར་གྱི་ཁྱད་པའམ་ ཡང་ན་ལྟ་གྲུབ་སོགས་མ་འདྲ་བ་ཡོད་དམ་? ཡང་ན་སྐུ་ཉིད་རྨོངས་གཉིད་ར་བཟི་ནས་དངས་སད་པ་ཡིན་ནམ་? བྱ་ཕོ་ཡིན་ན་སྐད་རྒྱོག་ བྱ་མོ་ཡིན་ན་སྒོང་ང་གཏོང་ཤོག་ ཕོ་ཁྱོ་ཁ་ཡིན་ན་གནས་ལུགས་ལྡན་པའི་ལེན་ཞིག་ཁུར་ཤོག་
    ཅོ་རི་ཉི་མ་ནས་འཆན་བྲིས་པ་ཧ་ཅང་དགོད་བྲོ་བ་མ་རེད་དམ་ མགོ་འཇུག་མིན་མཐུན་པའི་བཀའ་མོལ་ ཁྱི་རྒན་རྐུབ་ཅོག་འདོན་པ་ན་།རྒྱུ་མཚན་མེད་པ་གཞན་དག་རྒྱུགས་།རང་རེད་ དྲ་གྲོགས་ཚོ།
    བློ་བཟང་སེང་གེ་་་་་་་བོད་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པར་མ་བརྗེད་་་་ལོ།
    སེང་གེའི་བཀའ་ཤག་འདི་་་་བོད་མི་རིགས་ཀྱི་བཀའ་ཤག་ཡིན་པར་མ་བརྗེད་་་་ལོ།
    སེང་གེའི་རྩ་དོན་གསུམ་པོ་་་་བོད་མི་རིགས་ཀྱི་རྩ་དོན་ཡིན་པར་མ་བརྗེད་་་་ལོ།
    བོད་རྒྱལ་ཁབ་ཀྱི་སེང་གེ་ལ་གུས་ཞབས་ཞུ་རྒྱུ་མ་བརྗེད་་་་ལོ།
    གནད་ལུགས་མེད་པར་སེང་གེ་ལ་སྐྱོན་བརྗེད་མ་བྱེད་་་་ལོ།
    རྟོག་གེ་རིག་པའི་སྒྲུབ་བྱེད་མེད་པར་སེང་གེ་ལ་ཁ་ངན་ཚིག་ངན་མ་ལབ་་་་ལོ།།།།

    བསམ་བློ་ཐོངས་་་་ལོ། ཚོད་ཟིན་་་་ལོ།།
    སྔོན་མ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་ སྐུ་ཉིད་ཀྱི་ སྐབས་བབས་བཀའ་ཁྲི་བློ་སེང་མཆོག་ལ་མཆོད་བསྟོད་གནང་པ་ནང་བཞིན་མ་ཡིན་ནམ་??????????????????????????????????????????????་
    མ་རྣམ་དཔྱད་ཅན་ དྲ་གྲོགས་ཅོ་རི་ཉི་མ་ལགས་ གཞན་ལ་བལྟ་བའི་མིག་ཡོད་

    Reply
  28. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    སྔོན་མ་དེ་དག་ཆ་ནོར་འདུག་ དགོངས་པ་དོངས་བར་ཞུ

    Reply
  29. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    ཤར་ཁུ་གི་ད་ཐེངས་ཁོས་ལྟོ་གོས་གི་ཆེད་དུ་གླ་ལས་ཤོར་བ་དེ་གླེང་ཕྱོགས་བཟོ་འདོད་ཀྱིས་ཚགས་ཤོག་སྒང་ཆེན་པོ་བཟོ་ཨེ་ཐུབ་ལྟ་བ་དེའི་ཁོའི་ཀུན་སློང་གཙང་མ་ག་ཚོད་ཡོད་མེད་ཤེས་ཐུབ་པ་རེད། ཁོང་ཚོགས་མིའི་ལས་བྱེད་ཞིག་གི་ཚོགས་པའི་སྒྲིགས་གཞི་མི་ཤེས་ནས་ཁྲིམས་མགལ་གཅིག་བྱེད་ དེ་ནས་ཆབ་བྲག་ལྷ་མོ་སྐྱབས་གིས་སྤན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གིས་མི་ནག་ཚོང་བརྒྱབ་སའམ་people smuggle་ ཚོགས་པའི་གདན་འདྲེན་ཞུས་ན་རྒྱ་སྤྱིའི་ཁྲིམས་དང་འགལ་ནས་ཁྲིམས་འགལ་ཉིས་བརྩེག་ཆག་ནས་མིའི་སྤྱི་ཚོགས་ནང་ནག་ཉེས་ཆེན་པོ་གཉིས་ཆགས་པ་རེད།

    Reply
  30. བཙན་པོའི་བུ། says:
    ལོ་ 14 སྔོན།

    ལ་ཕུལ་ཡོད། བཀའ་ཤག་ལ་ཕུལ་ཡོད་དམ་ཡང་ན་བཀའ་ཁྲི་དང་དེ་མིན་བཀའ་བློན་གཞན་ལ་ཕུལ་ཡོད། རྒྱུད་ལམ་ཅི་ཞིག་བརྒྱུད་ནས་ཕུལ་ཡོད། སྤྲང་པོའི་དབྱུགས་པ་ཡིན་ཀྱང་མགོ་མཇུག་ཡོད་པ་བཞིན་རང་གཞུང་ལའང་འགྲོ་ལུགས་དང་བརྒྱུད་ལམ་ངེས་ཅན་རེ་ཡོད་པ་རེད། བརྒྱུད་ལམ་གང་ཡང་འགྲིམས་མི་དགོས་པར་དྲ་ཐོག་ཏུ་བཤད་པའི་གཏམ་སྙོག་ལ་གཞུང་གིས་ལན་འདེབས་གནང་དགོས་གླེང་ཚེ་དེ་ནི་ལྐུག་རྟགས་རང་རེད། རང་གཞུང་གི་མཛད་གཙོ་རྣམ་པར་དྲ་བའི་ཉོག་གཏམ་ཁག་ལ་ལན་འདེབས་གནང་རྒྱུའིན་དུས་ཚོད་མེད་ལ་དགོས་པའང་མེད་པ་རེད། དེ་གཅིག་ཡིན། གཉིས་ནས་བདེན་རྫུན་བརྡར་ཤ་གཅོད་ས་ཁྲིམས་ཁང་ཡོད་པ་རེད། རང་ཉིད་ལ་བདེན་པ་ཡོད་ན་དེར་མ་ཕྱིན་པར་ཁ་མར་བསྐོར་ནས་སྤྱི་ཚོགས་སྟེང་སྡུག་སྐད་རྒྱབ་ནས་ཅི་ཞིག་ཕན། ཁྱེད་རང་གི་དྲི་བ་ཁག་ལ་ལན་འདེབས་གསལ་པོ་ཞིག་དགོས་ན་འགྲོ་དགོས་ས་དེར་རྒྱུགས་དང་དེར་ཁྱེད་རང་ལ་དགོས་པའི་ལན་རག་ངེས་ལ་ཁྱེད་ཀྱིས་མ་ཤེས་པའང་མང་པོ་ཤེས་སྲིད།

    Reply
  31. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ད་སྡིག་སྡིག བློ་སང་ལ་དགའ་མཁན་ཚོས་ཆོས་འབྱོར་ལ་སྡིག ཆོས་འབྱོར་ལ་དགའ་མཁན་ཚོས་བློ་སེང་ལ་སྡིག འདིའི་མཇུག་འབྲས་ལ་སུས་ཀྱང་འགན་ཁུར་ཡོད་པའི་ཐོག་ནས་སྡིག འགན་འཁུར་མི་ནུས་མཁན་ཚོ་ཁ་ཚུམས།

    Reply
  32. གཡག་རྒོད says:
    ལོ་ 14 སྔོན།

    ང་ཚོས་ཤར་ཁུག་གི་གནད་དོན་འདི་དང་འབྲེལ་བའི་རང་གཞུང་བཀའ་ཤག་གིས་ཐོག་གཅོད་བྱེད་སྟངས་ཏེ་དྲང་མོ་ཡིན་མིན་ལྷག་བསམ་རྣམ་དག་གིས་གླེང་ཐུབ་ན། རང་གཞུང་བཀའ་ཤག་གིས་མ་འོངས་པར་ལས་དོན་བྱེད་ཕྱོགས་ལ་བཟང་ཕྱོགས་ནས་ཤུགས་རྐྱེན་ཐེབས་སྲིད།
    ང་ཚོར་ཆེས་མཁོ་བ་ནི་རང་གཞུང་བཀའ་ཤག་གིས་གསུང་བཞིན་པའི་ཆིག་སྒྲིལ་ཟེར་བ་དེ་ཡིན། ཆིག་སྒྲིལ་མེད་ན་དགྲ་བོ་རྒོལ་བའི་ནུས་པ་རྩ་བ་ནས་མེད་ལ། ནམ་ཞིག་གཞུང་དམངས་གཉིས་ཀ་འགྱོད་པ་སྐྱེ་དགོས་པ་ཞིག་འབྱུང་མི་སྲིད་པའང་མིན། དེ་ན་གཞུང་དམངས་གཉིས་ཀྱི་ངོས་ནས་ཕན་ཚུན་གྱི་བསམ་འཆར་ལ་བསམ་ཤེས་བྱས་ཏེ་དྲང་བདེན་ལ་བརྩི་བཀུར་བྱ་དགོས་པར་འདོད།
    སྐྱོན་ཆ་ངོས་ལེན་མི་བྱེད་པ། སྐྱོན་བརྗོད་བྱེད་སའི་ཁོར་ཡུག་མེད་པ། ལྷག་བསམ་མ་དག་པའི་སྐྱོན་བརྗོད། གནས་ལུགས་དང་དྲང་བདེན་གྱི་གཞི་རྩ་མེད་པའི་སྐྱོན་བརྗོད་སོགས་ནི། ཆིག་སྒྲིལ་ཡོང་བ་དང་། རང་མགོ་རང་ཐོན་ཡོང་བ་སོགས་ལ་གནོད་པའི་རིགས་རྣམས་ལ་གཞུང་དམངས་གཉིས་ཀྱི་ངོས་ནས་གཟབ་དགོས་པར་སེམས།
    ལྷད་མེད་པའི་སྐྱོན་བརྗོད་དམ་འབོད་སྐུལ། ཡང་ན་སློབ་སྟོན་སོགས་ནི་དམངས་སྐྱོང་བའི་དབུ་ཁྲིད་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ཞིག་ཡིན། མི་མང་གི་སྐད་ཆ་ཉན་ཐུབ་མཁན་དང་། ངོས་ཡོད་ཀྱི་གནས་ཚུལ་ཁེས་ལེན་ཐུབ་པའི་དབུ་ཁྲིད་དང་མི་མང་གི་འབྲེལ་བ་ནི། དཔེ་བཞག་ན་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ལ་ལྟ་བུ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛིགས་འདི་ནི། བོད་མི་ས་ཡ་དྲུག་གི་ཕ་མའང་ཡིན་ལ་བུ་ཕྲུག་ཡང་ཡིན། དེ་ན་ང་ཚོས་གཅིག་གིས་གཅིག་ལ་བསམ་ཤེས་བྱེད་མ་ཐུབ་པ་མི་འདུག་བསམ་གི།
    གཞུང་གིས་མི་མང་གི་བསམ་འཆར་ཉན་འཇོག་མི་བྱེད་པ་དང་། མི་མང་གིས་རང་གི་གཞུང་ལ་གཞི་མེད་སྐྱོན་བརྗོད་ཁོ་ན་བྱས་བསྡན་ན་མཇུག་འབྲས་ནི་ཆིག་སྒྲིལ་མི་ཡོང་བ་དང་། རང་མགོ་མི་ཐོན་པ། གསར་གཏོད་བྱེད་སའི་གཞི་ཡང་འཐོར་

    Reply
  33. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་དང་གཅིག
    ལུང་རིག་མི་ནག་དང་གཉིས།
    བོན་རྒྱ་བསྟན་རབ་དང་གསུམ།
    དུས་བབ་ཚང་དང་བཞི།
    ཁྱེད་རྣམ་པ་བཞི་ཡིས་བསམ་བློ་ཡག་པོ་གཏོང་དགོས་པ་འདོད། ཤར་ཕྱོགས་ཁུག་རྟའི་གནད་དོན་ཐོག་ཏུ་མང་པོ་ཞིག་ལབ་སོང་། མི་ནག་གིས་ཟམ་གདོང་བླ་མས་ཀླུ་མཁར་ཕོད་སྟངས་དང་གཅིག་པ་ཡིན་མདོག་བཤད་སོང་། བོད་ཀྱི་སྐད་ཡིག་གི་ཆེད་དུ་ཁུག་རྟས་རྩོམ་ཡིག་བྲིས་པས་ཕྱིར་འབུད་བྱས་པ་རེད་གསུངས་སོང་།

    སྔོན་མ་་་འོས་བསྡུའི་སྐབས་སུ་ཁྱེད་ཚོ་ཚང་མ་བཀའ་ཁྲི་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཤ་དག་རེད། དེང་སང་རྒྱབ་སྐྱོར་མི་བྱེད་པར་རྩ་དོན་གསུམ་ནག་ཉེས་གསུམ་གྱི་ངོ་བོ་ལ་འགྱུར་གྱི་ཡོད་མདོག་མདོག་་་འདི་འདྲ་་་ངོ་མ་ཡིན་ནམ།ཧཧཧཧཧཧཧཧ
    ཁྱེད་ཚོས་ཨ་མངོན་གནམ་ལ་ཕྱར་མྱངས་བའི་ནུས་པ་བཅུ་དང་རྩ་དོན་གསུམ་་་་དེང་སང་ནུས་མེད་བཅུ་དང་ནག་ཉེས་གསུམ་རེད་གསུང་ཀྱི་ཡིན་ནམ། སྐབས་འདི་ནས་ཁྱེད་ཚོ་ལ་བོད་ཀྱི་གཏམ་དཔེར་ཞིག་ངོ་སྤྲོད་བྱེད་འདོད་ཤུགས་ཀྱིས་སྐྱེས།
    ར་ར་སྤུའི་བཟོ་པའི་འུ་རྡོ་དེ།
    ར་ར་ཕོའི་མགོ་ལ་རྒྱབ་ཀྱི་རེད།
    དུས་བབ་ཚང་གིས་གསལ་བཤད་ཤིག་དགོས་ངེས་ཡིན་པ་ནི་དུས་བབ་ཟིན་བྲིས་པ་འདྲེ་མགོ་རྡོ་ལགས་་་མི་ངོ་ཤེས་ཀྱི་ཡོད་མེད་་་རེད། ཤར་ཁུག་རྟ་དང་འདྲེ་མགོ་རྡོ་གཉིས་གཅིག་རེད་ཟེར་མཁན་དྲ་ཐོག་ཏུ་མཐོང་སོང་།

    Reply
  34. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཡ་མཚན་ཅན་མཐོང་མིང་ཅན་ལགས།
    གཞན་ལ་བལྟ་བའི་མིག་ཡོད་ཀྱང་།
    རང་ཉིད་བལྟ་ན་མེ་ལོང་དགོས།
    རང་བློ་ནང་དུ་མ་བསྡུས་ན།
    རང་སྐྱོན་རང་གིས་མ་མཐོང་བདེན་བདེན་ཞེས་ཀྱང་ཞུ་རྒྱུ་ཡིན་དང་ཡིན། ཡིན་པར་ཡིན་ནའང་ངས་ཁས་ལེན་མི་ཐུབ་པ་ནི། ཁྱེད་ཀྱི་སྐད་ཆ་་་་་་ བཀའ་ཁྲི་སྐབས་གཉིས་པ་དཔལ་མཛངས་འགྲན་ཟླ་བྲལ་བའི་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དུས་རྒྱུན་དུ་རང་གིས་གཞི་རྩ་མེད་པའི་སྐྱོན་འཛུགས་མཚན་སྨད་ག་ཚད་བྱས་ཡོད་པ་སྐྱེ་བོ་རྣམ་ལྡན་ཡོངས་ནས་མིག་མཐོང་ལག་གསལ་མ་རེད་དམ།ཞེས་གསུངས་པ་འདིའི་ལན།
    ལན་འཐུང་ཙམ་རྒྱབ་ན་་་་མ་རེད་ཞེས་པ་ཙམ་ཆོག ཁྱེད་ཀྱིས་གཞི་རྩ་མེད་པའི་སྐྱོན་འཛུགས་ཞེས་གསུངས་འདུག་པ་འདིར་ངས་དུས་ནམ་ཡང་ཁས་ལེན་ཐུབ་སའི་ས་མཚམས་མེད།
    གཞན་པ་་་་སྐྱོན་བརྗོད་བྱས་སོང་གསུངས་ན་་་་ལུས་བདེན་ཞུ་རྒྱུ་ཡིན། ཤེས་སོང་ངམ།

    གཉིས་ནས་་་ཁྱེད་ཀྱི་སྐད་ཆ།་་་་་་སྔོན་མ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་ སྐུ་ཉིད་ཀྱི་ སྐབས་བབས་བཀའ་ཁྲི་བློ་སེང་མཆོག་ལ་མཆོད་བསྟོད་གནང་པ་ནང་བཞིན་མ་ཡིན་ནམ་??????????????????????????????????????????????་ཞེས་པའི་
    ལན། མ་ཡིན་ལགས་་་ཞེས་ཞུ་རྒྱུ་ཡིན། ལན་འཐུང་ཙམ་ཕུལ་ཡོད།

    Reply
  35. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གནད་དོན་འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བསྐྱལ་ན་ཡག་གི་རེད། བཀའ་ཁྲིས་སྒེར་གཅོད་གནང་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བདེན་པ་རྣམ་པར་རྒྱལ་སྟབས། ལས་རྒྱུ་འབྲས་ཀྱི་མདུན་སར་ཆེ་ཆུང་མེད་པས་ཚང་མས་ལྟོས་ཆོག་གི་རེད། བོད་ཀྱི་སྲིད་དབང་འཛིན་ན་མ་མཐར་ལས་འབྲས་ཡིན་རྟོན་འཕེར་བ་ཞིག་མེད་ན། བོད་ཀྱི་རིག་གནས་དང་བོད་ཀྱི་དངོས་ཡོད་ལ་ཁ་ལོ་བསྒྱུར་ཐུབ་ཀྱི་མ་རེད། བོད་ཀྱི་ལྷ་མི་ཚོས་ལས་སླ་བོར་ཐར་བ་བཏང་ཨེ་ཡོང་། ཧཧཧཧཧ

    Reply
  36. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གངས་རིའི་བུ་དང་རྡོ་རྗེ་ཚེ་རིང་སོགས་ལ། ཁྱེད་རྣམས་པ་བསམ་བཞིན་དཀྲུག་ཤིང་དུ་ཕེབས་པ་རེ་དོགས་མེད་ཀྱང་། སྐད་ཆ་ཁུངས་མེད་ན་རུལ་སུངས་ཡིན་སྟབས། ངས་ཁྱེད་ཚོར་ཁོང་བསྐོ་བཞག་སྐབས་ཀྱི་ལུང་འདྲེན་ཞིག་ཞུ།
    ༄༅། ། མཚུངས་མེད་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་མཆོག་གང་དེར།
    ཆེད་ཞུ། དེ་ནས་༢༠༡༠། ༡༢། ༡༧། འཁོད་འདི་གའི་རྒྱུན་ལས་བློ་བཟང་ཆོས་འབྱོར་ ༢༠༡༠། ༡༢། ༣༡། ནས་ཉིན་གླའི་དུས་ཡུན་ཚང་གི་ཡོད་པས། ཚོགས་ཆུང་མུ་མཐུད་དགོས་ངེས་ལགས་ན། ༢༠༡༡ ཟླ ༡ ནས་ ༡༡་ཚེས ༣༡ བར་ཉིན་གླའི་ཐོག་བཞག་ཡོང་བ་བཀའ་འཁྲོལ་ཞུ་དོན་ལྟར་བསྩལ་སོང་བ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས། ༢༠༡༠ ཟླ ༡༢ ཚེས ༢༤ ལ་ཕུལ།

    བཀའ་དྲུང་གི་མཚན་རྟགས། བཀའ་དྲུང་ཡིག་ཚང་གི་ལས་ཐམ། བཀའ་དྲུང་འཁོད་པའི་ཐམ་ག

    ངོ་བཤུས། བཀའ་ཡིག་རྩིས་ཁང་།
    ཞེས་བཀོད་འདུག འདི་ན་ཕྱོགས་གཉིས་ཀྱི་ཆོད་གན་མ་གན་ག་རེ་འདུག ཁྱེད་ཚོས་བློ་སེང་གི་ཨབ་ཕྲུག་བྱེད་ན་གླེན་ཤེད་ཚད་ནས་ཡོང་གི་མ་རེད། རྣམ་དཔྱོད་དང་གླེན་ཤེད་གཉིས་ཀ་མཉམ་བསྲེས་བྱས་ན་ཨེན་ཙམ་མིན་འགྲོ ཧཧཧཧཧ

    Reply
  37. གངས་རིའི་བུ། says:
    ལོ་ 14 སྔོན།

    གོང་དུ་བཀུར་འོས་སྤྱི་འཐུས་ཤིག་གིས་བཀའ་ཁྲི་ཟུར་པས་དགེ་ཆོས་ཡང་སྲིད་ལ་ཆེད་བསྟོད་ཞིག་ལུང་འདྲེན་བྱས་འདུག་ལ་ཟམ་གདོང་ལ་བླ་མ་ཁོ་རང་དེ་འདྲ་པོ་མང་པོ་གནང་ཡོད་རེད་ལྷག་པར་ཁོ་རང་སྐྱོན་བརྗོད་བྱེད་མཁན་དེ་ཚོར་དམིགས་བསལ་གཟིགས་སྐྱོང་གནང་མཁན་ཞིག་རེད།དེ་དང་དེ་འདྲ་བའི་སྒྲུང་མང་ཙམ་ཡོད་རེད་དེ་རིང་འདི་དགོས་པ་མི་འདུག་་སྐབས་སུ་བབ་པ་གནད་དོན་འགའ་ཤས་གསལ་བཤད་བྱེད་འདོད་ཡིན་ནའང་ད་ཐེངས་ཀྱི་གླིང་གཞི་ལ་ཕྱོགས་འགལ་ཤོག་ཁག་མང་དྲག་ནས་དོན་འབྲས་སོན་པ་ཡོང་རེ་བྲལ་ཡང་གསལ་བཤད་བྱེད་རྒྱིུའ་ཐག་གཅོད་བྱས་པ་ཡིན།་སྤྱིར་ཆོད་གན་ཟེར་བ་དེའི་དོན་དབྱིན་ཡིག་ནང་contract ཟེར་བ་དེ་ཡིན་པ་དང་།་དེ་ཡང་ཅོད་གན་དུས་ཡུན་དེ་ལོ་དང་ཟླ་བ་ག་ཚོད་ཡིན་ན་འཇོག་ཆོག་གི་རེད་ལ།་དེ་ནི་གཉིས་མོས་གན་རྒྱ་དེ་ཡང་ཆགས་ཀྱི་ཡོད་རེད།་གན་རྒྱ་དེ་དུས་ཡུན་ཚང་དུས་ཡང་བསྐྱར་གན་རྒྱ་འཇོག་མི་འཇོག་དེ་སྦྱིན་བདག་དང་ཡང་ན་འགན་འཛིན་ལ་རག་ལས་ཡོད་ཅིང།་གླ་པས་ཡང་བསྐྱར་གན་རྒྱ་འཇོག་དགོས་ཟེར་དབང་ཡོད་པ་མ་རེད་དེ་ལ་ཁྲིམས་ལུགས་ཀྱི་ནུས་པ་གང་ཡང་ཡོད་པ་རེད།་དངོས་གནས་བཤད་དགེ་ཆོས་ཡང་སྲིད་ནས་ད་ཐེངས་གླེང་ཕྱོགས་བཟོ་འདོད་ཀྱིས་ཚགས་ཤོག་སྒང་ལ་ཁོའི་གནས་ཚུལ་བདེན་པ་མེད་བཞིན་དུ་ཆེན་པོ་བཟོ་དོད་ཡོད་པ་དེ་ཁོའི་ཀུན་སློང་གཙང་མ་ག་ཚོད་ཡོད་མེད་ཤེས་ཐུབ་པ་རེད།་ད་བོད་ནང་གནས་སྟངས་ཛ་དྲག་ཆགས་ཡོད་དུས་རྙོག་སྦྲ་མང་པོ་བཟོ་སྟེ་ཕྱོགས་སྒྲིལ་བྱས་ནས་འོས་མཚམས་མ་རེད་བསམ་གྱི་འདུག་

    Reply
  38. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    མ་ཉེས་ཁ་གཡོགས་གིས་ནག་ཞྭ་ཡིན་དང་ཆབ་བྲག་གི་གཡོ་བྱུས་ཡིན་མིན་ང་ད་རུང་མགོ་འཐོམ་སོང་། གངས་ཅན་སྐྱིད་གཤོངས་གི་ལས་བྱེད་དམ་གླ་པ་སུ་ཞིག་ལའང་མགོ་འཛུལ་བ་དང་ཁྲིམས་སྒྲིག་འདི་ཟེར་ནས་འགྲེལ་བཤད་རྒྱག་གིན་ཡོད་པ་གོ་ཡང་མ་སོང་། ཁྲིམས་སྒྲིག་གང་ཡང་ཡིག་ཐོག་ཏུ་གསལ་བ་དེ་རང་ངོས་ནས་ཀློག་ཏེ་ཤེས་དགོས་པ་རེད། ཡིག་རྨོངས་གད་པ་ཞིག་ཡིན་ཀྱང་། སྒྲིག་ཁྲིམས་འདི་མི་ཤེས་མཁན་མེད་ཚོད་རེད། ད་ལན་འདེབས་ཚོགས་མི་ཞིག་གིས་ཚོགས་མིའི་སྒྲིག་གཞི་ཧ་གོ་མ་སོང་ལབ་ག་རེ་ཟེར་གྱི་ཡོ་རེད། ཁོ་དང་པོ་ལས་འགོ་བརྩམས་དུས་ནས་ཀྱང་། ཚོགས་པའི་སྒྲིག་གཞི་ལ་བརྩི་སྲུང་དང་། ཚོགས་མིའི་དབར་མཐུན་ལམ ལས་དོན་ལྷག་བསམ་ཆེར་བསྐྱེད་ཀྱི་བསྒྲུབ་ཀྱི་ཡིན་ཚུལ་ལོས་བཞག་ཡོད་ཚོད། ད་དེ་རིང་ཡེ་རྡོར་ལ་ཡ་ལན་སྤྲོད་མི་ཐུབ་པར་ཁ་ནང་ལ་འཁོར་ནས་སྨྱོ་བ་མིན་ན་ཅི་བྱེད། 

    Reply
  39. དམར་ཁ་ཚ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༡༠/༢༩ ཉིན་འདོན་སྤེལ་བྱས། ཁྲིམས་འགལ་དང་རུལ་སུངས་ཀྱི་ལས་ཀ་ག་ཚོད་བྱས་ཀྱང་ཕྱིར་འབུད་དང་གྲགས་འགུལ་གང་ཡང་མེད་པ་མཚུར་ཕུ་བླ་བྲང་ལས་གཞན་སུ་ཡང་ཡོད་པ་མ་རེད།
    ཚོགས་པ་ཞིག་ལ་སྒྲིག་འཛུགས་ཡོད་ན་སྒྲིག་འཛུགས་དེ་དང་འགལ་བའི་མི་དེ་སྤྱི་ཚོགས་དེ་ནས་ཕྱིར་འབུད་བྱ་དགོས་བ་དེ་འཛམ་གླིང་ཐུན་མོངས་ཀྱི་ལུགས་སྲོལ་ཞིག་རེད།
    བཀའ་ཤག་གིས་ཁུག་རྟ་ཕྱིར་འབུད་བྱས་བ་དེ་དོན་ན་གནས་པ་ཞིག་རེད།

    དྲ་འབུ་འགྱུར་མེད་བསྟན་འཛིན་གྱིས་ཉོན། མཚུར་ཕུ་བླ་བྲང་གིས་ཁྲིམས་འགལ་དང་རུལ་སུངས་ཀྱི་ལས་ཀ་ཁོངས་བསྐྱལ་རྒྱུ་མེད་ན་ཁྱེད་ཀྱིས་བལྟད་མོ་ལྟོས་ཆོག བཀའ་ཤག་གིས་ཁུག་རྟ་ཅི་ལྟར་ཕྱིར་འཕུད་བྱས་པ་རེད། ལོ་དུས་ཚང་ནས་ཕྱིར་འབུད་ཀྱི་དུས་ཚོད་རན་པ་མ་རེད་དམ། ལྐུགས་པ།

    Reply
  40. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྩོད་གཞི་འདི་འདྲའི་སྐབས་སུ་ཡང་བདག་གི་དྲི་བར་ལན་མེད་པས་ན། ད་ནི་་གོང་རིམ་ལ་ལན་འདེབས་རྒྱུ་མེད་པའི་རྟགས་སུ་ངོས་འཛིན་་བྱེད་རྒྱུ།
    དོན་ངོ་མར་རྩོམ་ཡིག་འདི་ནི་བཀའ་ཤག་གི་གྲུབ་ཆ་དང་ལས་དོན་གྱི་ཞན་ཆའི་ཐད་ལ་དཔྱད་བརྗོད་དང་བཅས་ལམ་སྟོན་གནང་སྟེ་ཀློག་པ་པོ་མང་པོར་བསམ་ཚུལ་ཅི་ཡོད་ལ་དོགས་སློང་སྤེལ་བའི་སྐུལ་སློང་ཞིག་རེད། དེ་བས་ “གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད།” ཅེས་པ་ནི་ཅི་འདྲའི་མ་ཉེས་ཁག་གཡོགས་ཀྱི་ནག་ཞྭ་ཞིག་རེད་ཨང།

    Reply
  41. ཡ་མཚན་ཅན་མཐོང་ says:
    ལོ་ 14 སྔོན།

    ཨེི་མ་རྣམ་དཔྱད་ཅན་ དྲ་གྲོགས་ཅོ་རི་ཉི་མ་ལགས་ གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས་། གསུངས་ཚད་མ་ཡིན་པ་དངོས་བདེན་ར་འཕྲོད་སོང་ང་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ བཀའ་ཁྲི་སྐབས་གཉིས་པ་དཔལ་མཛངས་འགྲན་ཟླ་བྲལ་བའི་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དུས་རྒྱུན་དུ་རང་གིས་གཞི་རྩ་མེད་པའི་སྐྱོན་འཛུགས་མཚན་སྨད་ག་ཚད་བྱས་ཡོད་པ་སྐྱེ་བོ་རྣམ་ལྡན་ཡོངས་ནས་མིག་མཐོང་ལག་གསལ་མ་རེད་དམ་ དེང་སྐབས་བཀའ་ཁྲི་མཆོག་ལ་མཆོད་བསྟོད་གནང་འདུག་པར་བསྔགས་བརྗོད་ཡོད་ཀྱང་ སྐབས་གཉིས་པ་དང་སྐབས་གསུམ་པ་གཉིས་ལ་སྐུ་ཉིད་ཀྱིས་་ཁྱད་པ་དགེ་མཚན་གནས་ལུགས་འགྲེལ་བཤད་རྒྱག་རྒྱུ་ཨུ་ཡོད་ན་ ཡོད་ན་རང་དབང་རེད་ངོས་པ་དུ་སྐྱོན་རོགས་གནང་དགའ་བསུ་ཞུ་རྒྱུ་ཡིན་། དེ་མིན་སྐྱ་སེར་གྱི་ཁྱད་པའམ་ ཡང་ན་ལྟ་གྲུབ་སོགས་མ་འདྲ་བ་ཡོད་དམ་? ཡང་ན་སྐུ་ཉིད་རྨོངས་གཉིད་ར་བཟི་ནས་དངས་སད་པ་ཡིན་ནམ་? བྱ་ཕོ་ཡིན་ན་སྐད་རྒྱོག་ བྱ་མོ་ཡིན་ན་སྒོང་ང་གཏོང་ཤོག་ ཕོ་ཁྱོ་ཁ་ཡིན་ན་གནས་ལུགས་ལྡན་པའི་ལེན་ཞིག་ཁུར་ཤོག་
    ཅོ་རི་ཉི་མ་ནས་འཆན་བྲིས་པ་ཧ་ཅང་དགོད་བྲོ་བ་མ་རེད་དམ་ མགོ་འཇུག་མིན་མཐུན་པའི་བཀའ་མོལ་ ཁྱི་རྒན་རྐུབ་ཅོག་འདོན་པ་ན་།རྒྱུ་མཚན་མེད་པ་གཞན་དག་རྒྱུགས་།རང་རེད་ དྲ་གྲོགས་ཚོ།
    བློ་བཟང་སེང་གེ་་་་་་་བོད་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པར་མ་བརྗེད་་་་ལོ།
    སེང་གེའི་བཀའ་ཤག་འདི་་་་བོད་མི་རིགས་ཀྱི་བཀའ་ཤག་ཡིན་པར་མ་བརྗེད་་་་ལོ།
    སེང་གེའི་རྩ་དོན་གསུམ་པོ་་་་བོད་མི་རིགས་ཀྱི་རྩ་དོན་ཡིན་པར་མ་བརྗེད་་་་ལོ།
    བོད་རྒྱལ་ཁབ་ཀྱི་སེང་གེ་ལ་གུས་ཞབས་ཞུ་རྒྱུ་མ་བརྗེད་་་་ལོ།
    གནད་ལུགས་མེད་པར་སེང་གེ་ལ་སྐྱོན་བརྗེད་མ་བྱེད་་་་ལོ།
    རྟོག་གེ་རིག་པའི་སྒྲུབ་བྱེད་མེད་པར་སེང་གེ་ལ་ཁ་ངན་ཚིག་ངན་མ་ལབ་་་་ལོ།།།།

    བསམ་བློ་ཐོངས་་་་ལོ། ཚོད་ཟིན་་་་ལོ།།
    སྔོན་མ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དེ་ སྐུ་ཉིད་ཀྱི་ སྐབས་བབས་བཀའ་ཁྲི་བློ་སེང་མཆོག་ལ་མཆོད་བསྟོད་གནང་པ་ནང་བཞིན་མ་ཡིན་ནམ་??????????????????????????????????????????????་

    Reply
  42. lobsang says:
    ལོ་ 14 སྔོན།

    ནོར་འཕྲུལ་ཡོད་ས་ལ་སྐྱོད་བརྗོད་དང་སྐྱོན་ཡོ་སྲང་བྱེད་དགོས་ཞེས་༸གོང་ས་མཆོག་གིས་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གསུང་ཡོད།

    Reply
  43. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཙན་བྱོལ་སྤྱི་ཚོགས་དྲ་རྒྱའི་གསར་ལམ་ཁག
    རང་བཙན་པ་དང་རང་བཙན་ལས་འགུལ་སོགས།
    བྱུང་ཚེ་དེ་ལ་དགག་ལན་སྤྲོད་མཁན་ཞིག
    དྲ་འབུ་མགོ་ནག་འདི་དག་ཕུད་ན་ལེགས།

    འཇམ་དབུངས་ནོར་བུ་ཨ་མཆོད་ཀླུ་མཁར་སོགས།
    རང་བཙན་སེམས་སུ་འཛིན་པའི་མི་བུ་རྣམས།
    ཟམ་གདོང་བླ་མའི་ལས་ཀྱི་དགྲ་སྐལ་དང་།
    དྲ་འབུ་མགོ་ནག་འདི་ཚོས་དགག་བྱ་རེད།

    Reply
  44. རྟ་མགྲིན། says:
    ལོ་ 14 སྔོན།

    གཏམ་མི་ཁ་བརྒྱུད་ན་ཇེ་རིང་ཞེས་བོད་ལ་ཁ་དཔེ་ཞིག་ཡོད། འགའ་ཤས་ཀྱིས་གནས་ཚུལ་འདི་ཞི་འཇམ་དང་། ནང་ཁུལ་ནས་ཟླུམ་ཐབས་བྱ་རྒྱུ་ཚབ་ཏུ་འབེན་ཤར་ནས་བཞག་སྟེ་མདའ་ནུབ་ན་ལ་ཕངས་ནས་ཚང་མ་ལ་འཁོན་
    སློང་བཞིན་འདུག དྲ་བདག་གིས་བསམ་ཚུལ་རྒྱུ་མཚན་ཡོད་མེད་ལ་བལྟས་ཏེ་
    མཆན་འགོད་ཐུབ་ན་བཟང་།

    Reply
  45. རིག་བཟང་། says:
    ལོ་ 14 སྔོན།

    བློ་སེང་ལགས་གཅིག་སྒྲེལ་གྱི་ནུས་པ་གང་ལ་ངོས་འཛིན་གྱི་ཡོད། བཙན་འབྱོར་བོད་གཞུང་གི་རྒྱུས་མངའ་ཡོད་རབ་མང་པོ་བཤད་ཡང་དོན་ངོ་མ་བཀའ་བློན་འདེམས་སྐབས་ཧ་གོ་པ་རེད་གསར་འབྱོར་ནང་ལ་དབྱིན་ཡིག་དང་དབྱིན་སྐད་ཤེས་མཁན་ཡོད་མེད་མ་ཤེས་པ་རེད།

    Reply
  46. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁུག་རྟའིཚང་སྒོ་གཡས་གཡོན་དུ་་་་་་་་་་ཁ་ཏྭས་ཚོགས་གཙོ་བྱས་ནས་བྱ་ཚོགས་མང་པོ་ཞིག་གིས་མྱ་ངན་བྱེད་ཀྱི་འདུག་་་་་་འདི་ནི་འདབ་ཆགས་སྤྱི་ཡི་གོད་ཆགས་ཞིག་མ་ཡིན་པར་འདི་ལྟར་མྱ་ངན་བྱེད་འོས་པ་ཞིག་མ་ཡིན་ཡང་བྱ་ངན་ཁ་ཏྭ་རེ་ཟུང་གིས་འུར་འགྲོགས་བྱས་ནས་འདྲ་མ་ཆགས་པའི་ཨག་སྐད་མང་པོ་ཞིག་བརྒྱབ་བཞིན་པ་རེད་ཤག
    འདི་འདྲའི་སྐད་ངན་མང་པོ་མ་བརྒྱབ་ན་མི་ལེགས་སམ།
    དེང་སང་སེམས་ཅན་སྤྱི་ཡོངས་ལ་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བཞིན་པ་ཡིན་པས་བྱ་ངན་རེ་ཟུང་གིས་འདི་ལྟར་ཕུ་དཀྲུག་མདའ་དཀྲུག་མ་བྱས་ན་མི་ལེགས་སམ།

    Reply
  47. རྟ་མགྲིན། says:
    ལོ་ 14 སྔོན།

    གསལ་བོར་མཁྱེན་དགོས་པ་ཞིག་ལ། སྒྲིག་འཛུགས་ཀྱིས་བློ་བཟང་ཆོས་འབྱོར་མིང་ཅན་ལ། ཐོག་དང་པོར་ཉིན་ལས་ངོ་བོའི་ཐོག་ལས་ཞུགས་གནང་སྐབས། ཉིན་གླ་ཡིན་ནའང་གཞུང་གི་ལས་བྱེད་ཀྱི་བླངས་དོར་སྒྲིག་གཞི་ལ་སྲུང་བརྩི་ཞུ་དགོས་ཞེས་སྒྲིག་གཞི་བླངས་དོར་དེ་བློ་བཟང་ཆོས་འབྱོར་མིང་ཅན་ལ་ངོ་སྤྲོད་གནང་ཡོད་དམ་མེད། གལ་སྲིད་མེད་ན་སྒྲིག་གཞི་དང་འགལ་ཞེས་པ་དེ་གླེང་གཞིར་བསྡད་མེད།

    Reply
  48. གངས་སྨྱུག says:
    ལོ་ 14 སྔོན།

    སྐུ་ཞབས་བློ་བཟང་ཆོས་འབྱོར་ལགས་ཀྱི་རང་མོས་རིང་ལུག་གི་རྩོམ་དེ་སོ་སོའི་མི་རིགས་འགོ་པར་གཏིང་གི་རྩི་བཀུར་མེད་པའི་རྟགས་ཤིག་ལས་ལྷག་བསམ་རྣམ་དག་གི་རྩོམ་ཡིག་ཞིག་མིན་པར་གསལ་པོ་མཐོང་ཡོང་གིན་འདུག གང་ཡིན་ཞེ་ན་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཞེས་པར་འགོ་བརྗོད་མཐོང་བ་ཙམ་གྱིས་ཁོང་ཉིད་ཀྱིས་བཀའ་བློན་ཁྲི་པ་ལ་རྩི་བཀུར་མེད་པར་གཡོ་རྒྱུའི་ངན་རྩོམ་ཞིག་ཡིན་པར་དཔྱོད་ལྡན་ཀུན་གྱིས་ཤེས་སླ། འདི་ལྟ་བུའི་རིགས་དེ་མང་གཙོ་ཐོབ་ཐང་རེད་ཅེས་ལབ་ནས་གང་བྱུང་མང་བྱུང་དྲན་ཚད་ཚང་མ་ཕྱི་རུ་གཏོན་སྟེ་ད་གཟོད་རང་ནག་པོ་ཆགས་ཡོང་བསམ་པའི་ཞེ་སྣང་ཞིག་གིས་ད་དུང་ཐབས་ཤེས་ཡོ་རྒུ་རྩལ་དྲུག་གིས་མཐོ་དམན་ཚང་མར་རང་ཉིད་དཀར་ཁ་འདོན་ཐབས་ཀྱིས་འདྲ་མིན་གླན་ཀ་འཚོལ་ཡག་འདི་མང་གཙོའི་རྩ་ཁྲིམས་ལ་ཡང་ཡོངས་སུ་འགལ་བར་སེམས།

    Reply
  49. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟས།།
    ༼དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་བྱུང་བ་དང་། ན་ནིང་ཟླ་ ༣ ཚེས་ ༡༠ ནས་འཛམ་གླིང་གི་དོ་སྣང་མ་འདྲ་བ་གནང་གི་ཡོད་ན། རྒྱ་ནག་གི་མཁས་དབང་ཁག་དང་འབྲེལ་འདྲིས་གཏིང་ཟབ་ཡོད་པ་ཡིན་ན། སེང་གེས་བཀའ་ཤག་གིས་ཕྱི་སྡོད་རྒྱ་རིགས་གང་ན་ཅི་ཡོད་རྣམས་ངྷ་སར་མགྲོན་འབོད་ཀྱིས་ཚོགས་ཆེན་དམིགས་བསལ་བ་ཞིག་བསྡུས་ཏེ་བོད་མིར་རང་དབང་ཐོབ་ཐབས་སུ་ཞུ་འབོད་བྱེད་དགོས་ཤིང་། ” བསམ་འཆར་”སྤྲད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དེས་བོད་དོན་ལ་ཕན་མིན་གྱི་གནས་སྟངས་གསལ་བོ་བཟོ་དགོས་པར་སྙམ་ལ། གལ་སྲིད་དེར་ད་དུང་རྔོ་ཐོགས་པ་ཞིག་མེད་ན། རྒྱ་ནག་རང་གིས་རང་གི་རྩ་ཁྲིམས་འབྲུ་འགྲེལ་དང་རྩ་ཁྲིམས་བརྩི་མིན་གྱི་ཡ་ལན་ལ་སྒུག་ནས་མི་སྡོད་པར། བཀའ་ཤག་གསར་བའི་ལོ་གཉིས་ཀྱི་ནང་གནས་སྟངས་དེ་ཁ་གསལ་བཟོ་མ་ཐུབ་ཚེ། སེང་གེའི་བཀའ་ཤག་གི་རྒྱ་བོད་འབྲེལ་ལམ་གྱི་གསར་གཏོད་རི་བོང་གི་རྭ་དང་། ལོ་རྒྱུས་ཀྱི་མགོ་བསྐོར་སྔ་ན་མེད་པ་ཞིག་ཆགས་ཀྱི་རེད་ལ། “རྩ་དོན་གསུམ་” “ནག་ཉེས་གསུམ་”གྱི་ངོ་བོར་འགྱུར་གྱི་རེད།༽ཞེས་གསུངས་འདུག

    འཛམ་གླིང་ཐོག་གི་ཕྱི་སྡོད་རྒྱ་མི་རྣམས་མགྲོན་འབོད་ཀྱི་ཚོགས་ཆེན་དམིགས་བསལ་བ་ཞིག་མ་འཚོགས་ན་་་་རྩ་དོན་གསུམ་པོ་་་་ནག་ཉེས་གསུམ་གྱི་ངོ་བོར་འགྱུར་གྱི་རེད་གསུངས་འདུག་པ་འདི་ནི་་་་་རྟོག་གེ་རིག་པའི་སྒྲུབ་བྱེད་ཡོད་པའི་སྐད་ཆ་ཞིག་མ་རེད་འདོད་དོ།།།།

    རྩ་དོན་གསུམ་པོ་་་་ནག་ཉེས་གསུམ་གྱི་ངོ་བོར་འགྱུར་སྟངས་ཁ་གསལ་ཙམ་དང་རིག་པའི་སྒྲུབ་བྱེད་པ་ཡོད་ཞིག་་མིན་ན་་་ཁུ་རྟའི་སྐད་ཆ་ནུས་མེད་རེད།

    Reply
  50. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁྲིམས་འགལ་དང་རུལ་སུངས་ཀྱི་ལས་ཀ་ག་ཚོད་བྱས་ཀྱང་ཕྱིར་འབུད་དང་གྲགས་འགུལ་གང་ཡང་མེད་པ་མཚུར་ཕུ་བླ་བྲང་ལས་གཞན་སུ་ཡང་ཡོད་པ་མ་རེད།
    ཚོགས་པ་ཞིག་ལ་སྒྲིག་འཛུགས་ཡོད་ན་སྒྲིག་འཛུགས་དེ་དང་འགལ་བའི་མི་དེ་སྤྱི་ཚོགས་དེ་ནས་ཕྱིར་འབུད་བྱ་དགོས་བ་དེ་འཛམ་གླིང་ཐུན་མོངས་ཀྱི་ལུགས་སྲོལ་ཞིག་རེད།
    བཀའ་ཤག་གིས་ཁུག་རྟ་ཕྱིར་འབུད་བྱས་བ་དེ་དོན་ན་གནས་པ་ཞིག་རེད།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese